ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་གླིང་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་14ཉིན་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་མཇལ་མོལ་གནང་བར་གདེང་འཇོག་བཟང་པོ་གནང་བ།

2020-09-16 16:19:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཡོ་རོབ་གླིང་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་14ཉིན་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་མཇལ་མོལ་གནང་བར་གདེང་འཇོག་བཟང་པོ་གནང་བ་དང་། མཇལ་མོལ་གྲུབ་འབྲས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་མ་ཟད་འཛམ་གླིང་ཡོངས་ལ་ཕན་པ་བསྐྲུན་རྒྱུ་ཡིན་པའི་ངོས་འཛིན་གནང་འདུག

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨེ་ཞེ་འར་གྱིས། ང་ཚོ་དང་ཀྲུང་གོའི་བར་གྱི་ཉོ་ཚོང་འབྲེལ་བ་བརྟན་པོ་ཡོད་ལ། ཉོ་ཚོང་གིས་ང་ཚོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པར་བརྟེན། ང་ཚོས་ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་ཆོད་ཡིག་ལ་མིང་རྟགས་བཀོད་པ་ཁྱབ་བསྒྲགས་གནང་བར་དགའ་བསུ་ཞུ་རྒྱུ་དང་། འདི་ནི་ཁ་ཕྱོགས་ཡང་དག་གི་ཕྱོགས་སུ་བསྐྱོད་པ་ཞིག་རེད། ང་ཚོས་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་ལ་དབྱེ་འབྱེད་གྲོས་མོལ་བྱེད་རྒྱུ་མགྱོགས་སུ་གཏོང་བཞིན་ཡོད་ལ། མཉམ་ལས་ཁྱབ་ཁོངས་གལ་ཆེན་གཞན་དག་ལ་གྲུབ་འབྲས་ཐོབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་སྡེ་ལེ་ཨེན་གྱིས། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་པོས་ཆབ་སྲིད་བང་རིམ་གྱི་ཁ་ཆད་དང་ལྷག་དོན་དུ་ཉོ་ཚོང་ཁོར་ཡུག་འགྱུར་ལྡོག་དང་གྲངས་ཀའི་ཁྱབ་ཁོངས་ཐད་ཁ་ཆད་འཇོག་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅེས་གསུངས་ཡོད་པ་རེད།

འཇར་མན་གྱི་ཙུང་ལི་མོར་ཁེར་གྱིས། ཚིག་ཐག་ཆོད་པོས་བཤད་དགོས་པ་ཞིག་ལ། ཉོ་ཚོང་དང་དཔལ་འབྱོར་གནད་དོན་ཐད་ཀྱི་གྲོས་མོལ་ལ་འཕེལ་རིམ་དངོས་ཐོབ་པར་ང་རང་ཤིན་ཏུ་དགའ་པོ་བྱུང་ལ། ང་ཚོས་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་ཆོད་ཡིག་ལ་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་པ་ཡིན། ང་ཚོའི་སྤྱི་ཚོགས་ལམ་ལུགས་མི་འདྲ་ནའང་། ང་ཚོས་མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་གི་ལས་ལ་གཞོལ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有