ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨན་པེ་ཡི་རྒྱུན་འཛིན་པ་ཅན་དབྱི་ཝུའེ་ལ་འཕྲད་པའི་འགྲན་རྩོད་གསུམ།

2020-09-15 15:56:00     责编:sangjzm

སྤྱི་ཚེས་14ཉིན། ལྗར་པན་གྱི་སྲིད་དབང་བཟུང་མཁན་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པའི་འདེམས་བསྐོའི་འདེམས་ཤོག་འཕེན་པ་དང་། ནང་བློན་ཁང་གི་འགོ་འཛིན་ཅན་དབྱི་ཝུའེ་འདེམས་ཤོག་མཐོ་པོའི་ཐོག་ནས་བདམས་ཐོན་བྱུང་ཡོད། སྤྱི་ཚེས་16ཉིན་སྐབས་འཕྲལ་རྒྱལ་ཚོགས་སྐོང་འཚོག་བྱས་ནས་ཁོང་ལྗར་པན་གྱི་དབུ་བཞུགས་བློན་ཆེན་གསར་པར་བསྐོ་བཞག་བྱས་ཏེ་དེའི་གོང་གཟུགས་པོའི་བདེ་ཐང་དབང་གིས་དགོངས་ཞུ་བྱས་པའི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱི་ཚབ་བྱེད་རྒྱུ་ཡིན་པ་རེད།

འགྲན་འདེམས་ཀྱི་སྒྲིག་སྲོལ་དང་། རང་དབང་དམངས་གཙོ་ཏང་གི་ཤོག་ཁག་གཙོ་བོའི་རྒྱབ་སྐྱོར་འོག ཅན་དབྱི་ཝུའེ་བདམས་ཐོན་བྱུང་བར་མ་གཞི་ནས་ཐེ་ཚོམ་གང་ཡང་མེད། ཅན་དབྱི་ཝུའེ་ཡིས་འགྲན་འདེམས་རིང་ཨན་པེ་ཡི་སྲིད་འཛིན་ལམ་ཕྱོགས་རྒྱུན་འཛིན་བྱ་རྒྱུ་དེ་ཐབས་མཆོག་གཙོ་བོར་བཟུང་ཡོད། འོན་ཀྱང་ཁོང་གིས་ཡུན་རིང་སྲིད་དབང་འཛིན་ཐུབ་མིན་དེ་ད་ལྟ་ཤོད་ཚོད་ཁག་པོ་ཡོད།

སྤྱི་ཟླ་8ཚེས་28ཉིན། ཨན་པེ་ཡིས་དབུ་བཞུགས་བློན་ཆེན་གྱི་འགན་གནས་ལས་དགོངས་ཞུ་བྱས་རྗེས། རང་དབང་དམངས་གཙོ་ཏང་གིས་ཆབ་སྲིད་ཀྱི་སྟོང་ཆ་མ་ལུས་པ་བྱ་ཆེད། ཛ་དྲག་འདེམས་བསྐོའི་ཇུས་གཞི་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཡོད། བྱ་ཐབས་དེའི་རྐྱེན་གྱིས་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིར་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ཁྲོད་བཟང་ཆ་མངོན་གསལ་དོད་པོ་ཡོད། ལྗར་པན་གླེང་ཕྱོགས་ཀྱིས་ཛ་དྲག་འདེམས་བསྐོའི་ཇུས་གཞིས་ཅན་དབྱི་ཝུའེ་ལ་ཏང་ནང་ཁུལ་གྱི་ཤོག་ཁག་གཙོ་བོའི་རྒྱབ་སྐྱོར་ཐོབ་རྒྱུར་ཕན་ཐོགས་བྱུང་བ་ལས་རང་དབང་དམངས་གཙོ་ཏང་གིས་གཞི་རིམ་གྱི་ཏང་ཡོན་ཁྲོད་དུ་མི་སེམས་འགུག་རྒྱུར་ཕན་ཐོགས་དེ་ཙམ་བྱུང་མེད་པའི་ངོས་འཛིན་བྱས་ཡོད།

རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོ་ནས་བལྟས་ན་ཅན་དབྱི་ཝུའེ་ཡི་བཟང་ཆ་མངོན་གསལ་དོད་པོ་ཡོད། ཨན་པེ་ཡིས་འགན་གནས་དགོངས་ཞུ་བྱས་རྗེས། ཅན་དབྱི་ཝེ་ལ་འཕྲལ་དུ་རང་དབང་དམངས་གཙོ་ཏང་གི་དབང་གྲགས་ལྡན་པའི་མི་སྣ་དང་ལས་འཛིན་དཔོན་ཨར་ཅེ་ཅུན་པོ་ཡི་རྒྱབ་སྐྱོར་ཐོབ་ཡོད།

ཨན་པེ་ཡིས་སྲིད་དབང་གི་བརྟན་ལྷིང་རང་བཞིན་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་ལ་ཞིབ་ཅིང་ཚགས་པའི་མནོ་བསམ་བཏང་རྗེས། དེའི་གོང་དུ་ཨན་ཐན་ཝེན་ཞུང་ལ་དབང་ཆ་རྩིས་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་པ་དེ་རྩིས་མེད་དུ་བཏང་ཡོད།

ཅན་དབྱི་ཝུའེ་ཡིས་འགྲན་འདེམས་ཁྲོད་རྣམ་པར་རྒྱལ་བའི་ཉམས་འགྱུར་སྟོན་པའི་རྗེས། རང་དབང་དམངས་གཙོ་ཏང་ནང་ཁུལ་གྱི་ཤོག་ཁག་ཁག་གིས་འདེམས་བསྐོའི་རྗེས་སུ། ནང་བློན་ཁང་དང་རང་དབང་དམངས་གཙོ་ཏང་གི་ལས་གནས་གཙོ་བོ་བརྩོན་ལེན་བྱ་རྒྱུར་བསམ་བློ་བཏང་སྟེ་མང་ཆེ་བས་རིམ་བཞིན་ཅན་དབྱི་ཝུའེ་ལ་ཕྱོགས་ཡོད། ཟླ་9ཚེས་8ཉིན་སྟེ་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པའི་འདེམས་བསྐོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་བར། ཅན་དབྱི་ཝུའེ་ལ་དོན་དངོས་ཐོག་ཏང་ནང་ཁུལ་གྱི་ཤོག་ཁག་ཆེན་པོ་ལྔ་དང་། ཤོག་ཁག་གང་ལའང་མི་གཏོགས་པའི་གྲོས་མི་མང་པོའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

སྤྱི་ཚེས་14ཉིན་འདེམས་བསྐོའི་མཇུག་འབྲས་ནས་བལྟས་ན། ཅན་དབྱི་ཝུའེ་ཡིས་བཟང་ཆའི་གནས་བབ་བརྟན་དུ་སོང་བ་དང་བསྟུན་ནས་རང་དབང་དམངས་གཙོ་ཏང་གི་གཞི་རིམ་གྱི་རྒྱབ་སྐྱོར་བྱེད་ཕྱོགས་ལའང་འགྱུར་བ་བྱུང་ཡོད། ས་གནས་ཀྱི་འདེམས་ཤོག་141ཁྲོད་ནས་ཅན་དབྱི་ཝུའེ་ལ་89ཐོབ་ཡོད་པས། བཟང་ཆ་དེ་ནི་ཧ་ཅང་གི་མངོན་གསལ་དོད་པོ་ཡོད། འབྲེལ་ཡོད་གཏན་འབེབས་ལྟར་ན། ལྗར་པན་རྒྱལ་ཚོགས་ཀྱིས་སྤྱི་ཚེས་16ཉིན་སྐབས་འཕྲལ་གྲོས་ཚོགས་སྐོང་འཚོག་བྱས་ནས། གྲོས་ཚོགས་སྟོད་སྨད་གཉིས་ཀྱི་རྒྱལ་ཚོགས་ཀྱི་གྲོས་མིས་དབུ་བཞུགས་བློན་ཆེན་གསར་པ་འདེམས་དགོས་ཀྱི་ཡོད་པ་རེད། རང་དབང་དམངས་གཙོ་ཏང་དང་གང་དེའི་མནའ་གྲོགས་ཀུང་མིན་ཏང་གི་གྲོས་ཚོགས་སྟོད་སྨད་གཉིས་ཀྱིས་གྲོས་མིའི་གདན་ཐོབ་བཟུང་ཚད་ཧ་ཅང་མཐོ་པོ་ཡོད། ཅན་དབྱི་ཝུའི་ཡི་སྐབས་དེ་དུས་དངོས་སུ་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ལ་འགྱུར་རྒྱུ་རེད།

དབྱེ་ཞིབ་མི་སྣས། ཅན་དབྱི་ཝུའེ་ཡིས་འགན་གནས་བཞེས་རྗེས་ཀྱི་འགྲན་རྩོད་ཆེན་པོ་གསུམ་འཕྲད་སྲིད་ཅེས་ངོས་འཛིན་བྱས་ཡོད། དང་པོ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་བསྐྱར་དར་ཇི་ལྟར་དོ་སྙོམས་བྱེད་མིན། ལྗར་པན་ནང་བློན་ཁང་གི་སྤྱི་ཚེས་18ཉིན་ཡོངས་བསྒྲགས་བྱས་པའི་བཟོ་བཅོས་གྲངས་གཞི་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་ཆེན་པོ་སོགས་ཀྱི་ཤུགས་རྐྱེན་དབང་གིས། ལྗར་པན་གྱི་ད་ལོའི་ནམ་དུས་གཉིས་པའི་དོན་དངོས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེའི་ཚད་དང་རྩིས་བརྒྱབ་ན་བརྒྱ་ཆ་28.1ཆག་ཡོད། དེ་ཡང་ལྗར་པན་གྱི་དཔལ་འབྱོར་དུས་ཚིགས་གསུམ་རིང་བསྟུད་མར་ཆགས་པ་ཞིག་རེད། དེ་དང་ཆབས་ཅིག ལྗར་པན་གྱི་རིམས་ནད་གནས་ཚུལ་ཡང་དེ་ཙམ་ཡག་པོ་མེད། ལྗར་པན་རླུང་འཕྲིན་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། སྤྱི་ཚེས་13ཉིན་གྱི་དགོང་མོའི་བར་སླེབས་དུས། ལྗར་པན་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་པ་བདུན་ཁྲི་ལྔ་སྟོང་ལས་བརྒལ་ཡོད་པ་དང་། སྤྱི་ཚེས་13ཉིན་ཁོ་ནར་ནད་པ་གསར་པ་ཐོན་ཚད་མི་400ལས་བརྒལ་ཡོད། ཅན་དབྱི་ཝུའེ་ཡི་འགན་གནས་བཞེས་རྗེས། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་། ཁེ་ལས་ལ་རོགས་སྐྱོབ་བྱེད་པ། ཁྱིམ་ཚང་དང་མི་སྒེར་ལ་གུན་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་ནོར་སྲིད་བརྟན་པོ་འཛུགས་པ་སོགས་ཀྱི་ཐད་གདམ་ཁ་དང་དོ་མཉམ་བྱེད་དགོས་ཀྱི་ཡོད། གཞན་ཡང་སང་ལོའི་ཐོ་ཁེའུ་ཨའོ་རྩལ་འགྲན་ཚོགས་དུས་བཀག་ལྟར་གཉེར་ཐུབ་མིན་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་བསྐྱར་དར་ལ་རག་ལུས་ཡོད་པས། དེའི་ཐད་ཀྱི་འགྱུར་ལྡོག་ཀྱང་སྲིད་གཞུང་གསར་པའི་དཀའ་གནད་ཆེན་པོ་ཞིག་ཏུ་འགྱུར་སྲིད།

གཉིས་ནི་ཨན་པའེ་སྲིད་དབང་རྒྱུན་འཛིན་བྱེད་པའི་དགེ་སྐྱོན་གཉིས་ཐག་གཅོད་བྱ་དགོས། ཅན་དབྱི་ཝའེ་ཡིས་མ་གཞི་ཨན་པའེ་སྲིད་གཞུང་གི་སྔར་གཏན་འཁེལ་བའི་སྲིད་ཇུས་རྒྱུན་འཛིན་བྱ་རྒྱུའི་འདོད་ཚུལ་གླེང་མོད། འོན་ཀྱང་ཨན་པའེ་ཡིས་ཁོང་ལ་བཞག་པའི་ཆབ་སྲིད་ཤུལ་བཞག་ལ་ཡག་ཉེས་གཉིས་ཀ་ལྡན་ཡོད་པས། དབྱེ་བ་མེད་པར་རྒྱུན་འཛིན་བྱེད་དཀའ་བ་ཞིག་རེད། དབྱེ་ཞིབ་མི་སྣས། ཅན་དབྱི་ཝའེ་ཡིས་དུས་ཡུན་རིང་པོའི་ནང་ཨན་པའེ་སྲིད་གཞུང་ནང་བློན་ཁང་གི་འགོ་འཛིན་གྱི་འགན་འཁུར་ཡོད་པས། ཨན་པའེ་སྲིད་དབང་གི་སྲིད་ཇུས་གལ་ཆེན་སྒྲིག་བཟོ་བྱེད་པའི་ནང་ཟབ་ཞུགས་བྱས་ཡོད་པ་དང་། དཔལ་འབྱོར་དང་། བདེ་སྲུང་། ཕྱི་ཕྱོགས་འབྲེལ་བ་སོགས་ཀྱི་ཁྱབ་ཁོངས་ནང་གི་སྲིད་ཇུས་སྒྲོམ་གཞི་རྒྱུན་འཁྱོངས་ཐུབ་པའི་རེ་བ་ཡོད། ཡིན་ནའང་དེ་དང་ཆབས་ཅིག་ཏུ། ཨན་པའེ་ཡིས་སྲིད་འཛིན་བྱེད་རིང་གི་མིང་ཆད་ངན་པའི་དོན་དག་དཔེར་ན་སན་ཡའུ་སློབ་གླིང་དང་། མེ་ཏོག་དབྱིན་ཧྭ་མྱོང་རོལ་ལྷན་ཚོགས་སོགས་ཀྱི་གནད་དོན་ཐད་ཨན་པའེ་སྲིད་ལས་འབབ་མ་ཐག་མེད་པར་འགྱུར་མི་སྲིད། སྲིད་དབང་མི་འཛིན་པའི་ཏང་གིས་ནང་བློན་ཅན་དབྱི་ཝའེ་ཡིས་སྲིད་སྟེགས་སུ་འཛེགས་རྗེས་མུ་མཐུད་ནས་གོང་གསལ་གྱི་མིང་ཆད་ངན་པའི་གནད་དོན་དང་ཅན་དབྱི་ཝའེ་ཡིས་དོན་དག་དེ་དག་ཁྲོད་གནས་བབ་གང་ཞིག་བཟུང་ཡོད་མེད་སྐོར་ལ་མུ་མཐུད་ནས་རྩད་གཅོད་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

གསུམ་ནི་དབང་ཆའི་རྨང་གཞི་སྲ་བརྟན་དུ་ཇི་ལྟར་གཏོང་མིན་དེ་ཡིན། ཨན་པའེ་ཡིས་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པའི་འགན་འཁུར་ཡུན་དེ་སང་ལོའི་ཟླ་བ་༩པར་སླེབས་ཀྱི་ཡོད། ཅན་དབྱི་ཝའེ་མ་གཞི་སྤྱི་འདོམས་གསར་པར་བདམས་ཐོན་བྱུང་ཡོད། འོན་ཀྱང་སླད་ཕྱིན་གྱི་དུས་ཚོད་ནི་ཨན་པའེ་ཡི་དུས་ཚོད་ལྷག་འཕྲོ་དེ་དག་ཙམ་རེད། སང་ལོའི་ཟླ་༩པའི་ནང་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པའི་འདེམ་བསྐོ་བྱ་རྒྱུ་དེར་རྒྱུན་གཏན་གྱི་སྒྲིག་སྲོལ་ལྟར་བྱ་རྒྱུ་ཡིན་པ་སྟེ། གཞི་རིམ་གྱི་འདེམས་ཤོག་གྲངས་འབོར་དང་རྒྱལ་ཚོགས་ཀྱི་གྲོས་མིའི་འདེམས་ཤོག་གཉིས་འདྲ་པོ་ཐོབ་དགོས། དེའི་ཐོག་ནས། ཅན་དབྱི་ཝའེ་ལ་སྐབས་དེ་དུས་སླར་ཡང་ཧྲེ་ཕོ་མའོ་སོགས་མི་སྣའི་འགྲན་རྩོད་དྲག་པོ་འཕྲད་རྒྱུ་རེད། ཏང་ནང་ཁུལ་གྱི་ཤོག་ཁག་གང་ལའང་མི་ཏོགས་པའི་མི་སེར་དཀྱུས་མ་ཞིག་ཡིན་པའི་ངོས་ནས། ཅན་དབྱི་ཝའེ་ཡིས་ཏང་ནང་ཁུལ་གྱི་དབང་ཆ་སྲ་བརྟན་ཐུབ་མིན་དེ་ནི། ཚད་གཞི་ངེས་གཏན་ཞིག་གི་ཐོག་ནས་བཤད་ན་ལོ་གཅིག་རྗེས་ཀྱི་སྲིད་འཛིན་བྱེད་སྟངས་ལ་རག་ལུས་པ་ཞིག་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཨན་པེ་ཡི་རྒྱུན་འཛིན་པ་ཅན་དབྱི་ཝུའེ་ལ་འཕྲད་པའི་འགྲན་རྩོད་གསུམ།

སྤྱི་ཚེས་14ཉིན། ལྗར་པན་གྱི་སྲིད་དབང་བཟུང་མཁན་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པའི་འདེམས་བསྐོའི་འདེམས་ཤོག་འཕེན་པ་དང་། ནང་བློན་ཁང་གི་འགོ་འཛིན་ཅན་དབྱི་ཝུའེ་འདེམས་ཤོག་མཐོ་པོའི་ཐོག་ནས་བདམས་ཐོན་བྱུང་ཡོད། སྤྱི་ཚེས་16ཉིན་སྐབས་འཕྲལ་རྒྱལ་ཚོགས་སྐོང་འཚོག་བྱས་ནས་ཁོང་ལྗར་པན་གྱི་དབུ་བཞུགས་བློན་ཆེན་གསར་པར་བསྐོ་བཞག་བྱས་ཏེ་དེའི་གོང་གཟུགས་པོའི་བདེ་ཐང་དབང་གིས་དགོངས་ཞུ་བྱས་པའི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་