ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨོ་སི་ཁྲུ་ལི་ཡའི་རྒྱལ་སར“ལྕེ་ཐོག་གི་ཆུད་ཟོས”གཏན་འགོག་བྱེད་སྒོ་སྤེལ་བ།

2020-09-15 10:43:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁན་པེ་ར་ནས་གློག་འཕྲིན་འབྱོར་གསལ། མན་པའོ་དང་། སྔོ་ཚལ་ཤིས་ལན་ཧྭ། ཞོ་བཅས་ཁུག་མ་རྡག་རྡག་གང་གིས་གང་བྱེད་ཐུབ་བམ། དེས་ཁྱིམ་ཚང་ཆེན་པོ་ཞིག་ལ་ཁ་ལག་ཐེངས་གཅིག་བཟོ་བའི་ཟས་རྒྱུ་བྱེད་པའམ་ཡང་ན་མི་གཉིས་ལས་གྲུབ་པའི་ཁྱིམ་ཚང་ཞིག་གི་ཉིན་གཉིས་ཀྱི་ཟ་མ་བྱས་ན་འདང་གི་ཡོད་དམ།

“ཨོ་སི་ཁྲུ་ལི་ཡར་འདི་ནི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཆ་སྙོམས་གཟའ་འཁོར་གཅིག་ནང་དོར་བའི་བཟའ་བཅའི་སྤྱི་འབོར་ཡིན”ཞེས་ན་ཨོ་སྨི·ལི་ཡིས་ཤོག་བུའི་ཁུག་མ་ཞིག་ལ་མཛུབ་མོ་འཛུགས་བཞིན་གསར་འགོད་པར་དེ་ལྟར་བཤད།

ན་ཨོ་སྨི·ལི་ནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་སའི་ས་ཁུལ་གྱི“བཟའ་བཅར་གཅེས་སྤྲས་དང་འཕྲོ་བརླག་ལ་ངོ་རྒོལ”གྱི་བྱེད་སྒོའི་འགན་འཁུར་བ་རེད། ཟླ་གོང་མར་ཨོ་སི་ཁྲུ་ལི་ཡའི་རྒྱལ་སའི་ས་ཁུལ་དུ་བྱེད་སྒོ་དེ་འདྲ་ཞིག་སྤེལ་བའི་དམིགས་ཡུལ་ནི་བཟའ་བཅའ་འཕྲོ་བརླག་ཉུང་དུ་གཏོང་བའི་ཆེད་དུ་རེད།

ཨོ་སི་ཁྲུ་ལི་ཡའི་ས་ཁུལ་སྲིད་གཞུང་གིས་མཁོ་འདོན་བྱས་པའི་གཞུང་ཕྱོགས་ཀྱི་གྲངས་གཞིའི་ཐོག་ནས་མངོན་པར། ཆ་སྙོམས་བྱས་ན་ཨོ་སི་ཁྲུ་ལི་ཡའི་ཁྱིམ་ཚང་གཅིག་གིས་ཁོང་ཚོས་ཉོ་སྒྲུབ་བྱས་པའི་བཟའ་བཅའི20%དོར་གྱི་ཡོད། ཨོ་སི་ཁྲུ་ལི་ཡའི་རྒྱལ་སའི་ས་ཁུལ་དུ་ལོ་ལྟར་ཁྱིམ་ཚང་གི་བཟའ་བཅའི་གད་སྙིགས་ཏུན་ཁྲི་2.6ཙམ་ཁན་པེ་རའི་གད་སྙིགས་སྦ་སར་སྐྱེལ་གྱི་ཡོད།

ཨོ་སི་ཁྲུ་ལི་ཡའི་རྒྱལ་སའི་ས་ཁུལ་གྱི་གད་སྙིགས་ཚུར་བསྡུ་དང་འཕྲོ་བརླག་ཉུང་གཏོང་སྡེ་ཚན་གྱི་འགན་འཁུར་བ་ཁེ་ལི་སི·སི་ཏིར་གྱིས་ཉེ་དུས་གསལ་བསྒྲགས་ཤིག་སྤེལ་བའི་ནང་བསྡོམས་རྩིས་ལ་གཞིགས་ན། ཁན་པེ་རར་ལོ་རེར་དུད་ཚང་རེས་ཆ་སྙོམས་བྱས་ན་བཟའ་བཅའ་འཕྲོ་བརླག་བཏང་བའི་དངུལ་འབོར་ཨོ་སྒོར་3800(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་18922)ཟིན་གྱི་ཡོད། འཕྲོ་བརླག་བཏང་བ་དེ་དག་ནི་དོན་དངོས་ཐོག་འགོག་ཐབས་ཡོད་པ་ཞིག་རེད་ཅེས་བརྗོད།

ཇི་ལྟར་བྱས་ནས་འཕྲོ་བརླག་མི་གཏོང་རྒྱུའི་སྐོར་གླེང་སྐབས། ན་ཨོ་སྨི·ལི་ཡིས་སྟབས་བདེའི་བྱེད་སྟངས་འགའ་ཞིག་སྤྱོད་ཆོག་པ་སྟེ། “བྱེད་སྟངས་དེ་རིགས་ནང་རང་ཉིད་ཀྱི་བཟའ་འདོད་པ་གང་ཞིག་ཡོད་པ་བསམ་བློ་ཡག་པོ་གཏོང་བ་དང་། དངོས་ཟོག་ཉོ་སྒྲུབ་ཀྱི་གསལ་ཐོ་ཡག་པོ་བྲིས་ནས་དེ་ལྟར་ཉོ་སྒྲུབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་བཟའ་བཅའ་གསོག་ཉར་བྱས་ཏེ་ཡུན་རིང་སོས་པར་གནས་ཐབས་བྱེད་པ། བཟས་མི་ཚར་བའི་བཟའ་བཅའ་སླར་ཡང་བེད་སྤྱད་པ་ལས་མི་དོར་བ་སོགས་ཡོད”ཅེས་བརྗོད།

ཨོ་སི་ཁྲུ་ལི་ཡའི་ཁྱིམ་ཚང་མང་པོ་ཞིག་དབྱི་ཐ་ལིའི་ཐུག་པ་འཐུང་རྒྱུར་དགའ་པོ་ཡོད་པ་ནི་དཔེ་མཚོན་ཞིག་རེད། ན་ཨོ་སྨི·ལི་ཡིས་གཙབ་ཤ་ལྷག་མའི་ནང་མོ་ཞི་ཁོའི་སྨན་སྣ་ཁ་ཚ་ཅན་དང་དུས་བཞིའི་སྲན་མ་བླུགས་ནས་མོ་ཞི་ཁོའི་མ་རྨོས་ལོ་ཏོག་གི་བག་ལེབ་བཟོས་ན་འགྲིག་ཅེས་བརྗོད།

ཁོང་གིས་ད་དུང་གསར་འགོད་པར་བཟའ་བཅའི་རིགས་དང་། འཁྱགས་གཏོང་དུས་ཚོད། དེ་བཞིན་གོ་ཆོད་དུས་ཚོད་བཅས་བྲིས་པའི་སྦྱར་ཡིག་ཁག་གཅིག་བསྟན་པ་དང་སྦྲགས། དེ་དག་བཟའ་བཅའ་གསོག་ཉར་གྱི་འགྱིག་སྒམ་ཐོག་སྦྱར་ན་རང་ཉིད་ལ་དུས་ཐོག་ཏུ་བཟའ་བཅའ་སོས་ཐོག་བཟའ་དགོས་པའི་དྲན་སྐུལ་ཐུབ་རྒྱུ་ཡིན་ཞེས་བརྗོད།

ཁོང་གིས་བྱེད་སྒོ་སྤེལ་ཚུན་དོ་ཁུར་བྱེད་མཁན་མང་པོ་འདུག སྒྲིག་འཛུགས་མཁན་གྱིས་ད་དུང་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ཁྲིད་སྦྱོང་འཛིན་གྲྭ་གཉེར་རྩིས་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་མིག་སྔར་དྲ་ཐོག་ནས་བྱེད་སྒོ་དེ་སྤེལ་རྒྱུ་ལས་མ་འདས། སྒྲིག་འཛུགས་པས་རིམས་ནད་སྔོན་འགོག་བྱེད་ཐབས་སྤྱོད་མཚམས་བཞག་རྗེས་དངོས་ཟོག་ཉོ་སྒྲུབ་ལྟེ་གནས་དང་སྒོ་རྩིས་ཁྲོམ་རར་འཛད་སྤྱོད་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་བྱེད་སྒོ་དེ་རིགས་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

“བཟའ་བཅའ་གྲོན་ཆུང་བྱེད་པ་དེ་སྤྱི་ཚོགས་ཀྱི་ཚད་གཞི་ཞིག་ཏུ་གྱུར་ནས་མི་ཚང་མས་དེར་ཁས་ལེན་དང་བརྩི་སྲུང་ཞུ་རྒྱུའི་རེ་བ་ཡོད”ཅེས་ན་ཨོ་སྨི·ལི་ཡིས་བརྗོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཨོ་སི་ཁྲུ་ལི་ཡའི་རྒྱལ་སར“ལྕེ་ཐོག་གི་ཆུད་ཟོས”གཏན་འགོག་བྱེད་སྒོ་སྤེལ་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁན་པེ་ར་ནས་གློག་འཕྲིན་འབྱོར་གསལ། མན་པའོ་དང་། སྔོ་ཚལ་ཤིས་ལན་ཧྭ། ཞོ་བཅས་ཁུག་མ་རྡག་རྡག་གང་གིས་གང་བྱེད་ཐུབ་བམ། དེས་ཁྱིམ་ཚང་ཆེན་པོ་ཞིག་ལ་ཁ་ལག་ཐེངས་གཅིག་བཟོ་བའི་ཟས་རྒྱུ་བྱེད་པའམ་ཡང་ན་མི་གཉིས་ལས་གྲུབ་པའི་ཁྱིམ་ཚང་ཞིག་གི་ཉིན་གཉིས་ཀྱི་ཟ་མ་བྱས་ན་འདང་གི་ཡོད་དམ།