ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཅན་དབྱི་ཝུའེ་ལྗར་ཕན་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པ་གསར་པར་བདམས་པ་དང་། ཨན་པེ་ཅིན་སན་གྱི་ལས་རྒྱུན་འཛིན་ནས་ལྗར་ཕན་གྱི་དབུ་བཞུགས་བློན་ཆེན་གསར་པར་གྱུར་རྒྱུ།

2020-09-14 16:11:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་14ཉིན་གྱི་ཆུ་ཚོད་15དང་སྐར་མ་20ཡས་མས་སུ། ལྗར་ཕན་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པ་གསར་པའི་འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ནང་བློན་ཁང་གི་དཔོན་རིགས་ཅན་དབྱི་ཝུའེ(ལོ་71)ལ་འདེམས་ཤོག་377ཐོབ་ནས་མངོན་གསལ་དོད་པའི་ལེགས་ཆའི་ཐོག་ནས་རྒྱལ་ཁ་ཐོབ་ཡོད། གཞན་ཡང་། རང་དབང་དམངས་གཙོ་ཏང་གི་སྲིད་དོན་བརྟག་དཔྱད་ཚོགས་གཙོ་ཨན་ཐེན་ཝུན་ཞུང་(ལོ་63)ལ་ཁྱོན་བསྡོམས་འདེམས་ཤོག་89ཐོབ་པ་དང་། རང་དབང་དམངས་གཙོ་ཏང་གི་ལས་འཛིན་འགོ་གཙོ་ཟུར་པ་ཧྲི་ཕོ་མའོ་(ལོ་63)ལ་ཁྱོན་བསྡོམས་འདེམས་ཤོག་68ཐོབ་ཡོད། མིག་སྔར་ལྗར་ཕན་རང་དབང་དམངས་གཙོ་ཏང་གིས་རྒྱལ་ཚོགས་ཀྱི་གདན་ཐོབ་མང་ཆེ་བ་བཟུང་ཡོད། ཅན་དབྱི་ཝུའེ་ཡིས་གསར་དུ་བསྐོ་གཞག་བྱས་པའི་རང་དབང་དམངས་གཙོ་ཏང་གི་སྤྱི་འདོམས་པའི་ངོས་ནས་ཨན་པེ་ཅིན་སན་གྱི་ལས་རྒྱུན་འཛིན་ནས་ལྗར་ཕན་གྱི་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་རྒྱུ་ཡིན་པ་རེད། བཅའ་ཁྲིམས་ཀྱི་གོ་རིམ་གཞིར་བཟུང་ལྗར་ཕན་སྲིད་གཞུང་གིས་སྤྱི་ཚེས་16ཉིན་གནས་སྐབས་རྒྱལ་ཚོགས་འཚོགས་ནས་དབུ་བཞུགས་བློན་ཆེན་གསར་པ་དངོས་སུ་བསྐོ་གཞག་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有