ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མགྲིན་ཚབ་པས་འབྱོར་འབྲིང་སྐོར་གླེང་བ་སྟེ། ཀེང་ལིའུ་ཁྲེང་གིས་ཆུ་ཡོད་ན་ལས་རིགས་ཁག་རྣམས་དར་ཞེས་པ་གླེང་བ།

2020-09-14 16:09:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤུས་ཚད་མཐོ་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་མའི་སྤྱི་ལེ་གཅིག་ཡག་པོ་རྒྱུག་པའི་བརྒྱུད་རིམ་ནང་། ཀྲུང་དབྱང་པུའུ་ཨུད་ཀྱིས་ཇི་ལྟར་བྱས་ནས་མདུན་སྐྱོད་དང་། གནད་སྨིན་འགག་སྒྲོལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད། ༼མགྲིན་ཚབ་པས་འབྱོར་འབྲིང་སྐོར་གླེང་བ༽ཞེས་པའི་དམིགས་བསལ་ལེ་ཚན་ཞིག་ཆེད་དུ་ཇུས་འགོད་བྱས་པ་དང་། དེ་རིང་༼ཆུ་ཡོད་ན་ལས་རིགས་ཁག་རྣམས་དར་༽ཞེས་པ་གཏོང་སྤེལ་བྱ་རྒྱུ་ཡིན།

ཆུའི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐུབ་མིན་དེ་ཐད་ཀར་འབྱོར་འབྲིང་ལམ་དུ་བསྐྱོད་པའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆུ་བེད་པུས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱབ་ཡོད། འདི་ལོའི་སྤྱི་ཟླ་6པའི་ཟླ་མཇུག་ཏུ་སླེབས་སྐབས། མི་འབོར་དབུལ་པོ་ཁྲི་1710ཡི་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། འོན་ཀྱང་ལྷག་བསྡད་པའི་གནད་དོན་ཚང་མ་ནི་ཐག་གཅོད་བྱེད་ཁག་ཤོས་ཤ་སྟག་ཡིན། ཆུ་བེད་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀེང་ལིའུ་ཁྲེང་གིས། ད་ལོའི་ལོ་འགོར། ད་དུང་མི་འབོར་དབུལ་པོ་ཁྲི་2དང་5སྟོང་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཐུབ་མེད་པའི་ནང་མི་9700སི་ཁྲོན་ལེའང་ཧྲན་ཁུལ་དུ་ཡོད། དེ་གའི་རི་མཐོ་གཡང་གཟར་དང་། ས་བབ་རྙོག་འཛིང་ཆེ་བ། ཁོར་ཡུག་ཞན་པས། མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་པར་དཀའ་གནད་ཆེན་པོ་གསུམ་འཕྲད་པ་སྟེ། གཅིག་ནི་ཆུ་ཁུངས་རྙེད་དཀའ་བ་དང་། གཉིས་ནི་ལས་གྲྭ་སྐྲུན་དཀའ་བ། གསུམ་ནི་སྒྲིག་བཀོད་དོ་དམ་བྱེད་དཀའ་བ་བཅས་ཡིན་ཞེས་གསུངས་ཡོད།

ལེའང་ཧྲན་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ཆུ་བེད་པུས་སྒོ་བྱང་བཀལ་ནས་དམག་འཐབ་ལ་ལྟ་སྐུལ་བྱས་ཡོད། དམག་འཐབ་ལྟ་སྐུལ་ཚོགས་ཆུང་ལེའང་ཧྲན་དུ་ཐེངས་གསུམ་བསྐྱོད་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་འཐུང་ཆུའི་བདེ་འཇགས་ཐད་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་མཁར་རྫོང་ནུས་ཤུགས་ཡོད་རྒུས་གཏོར་ཡོད། ཀེང་ལིའུ་ཁྲེང་གིས། ས་གནས་དེ་གའི་རྒན་རྒོན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། སྔོན་མ་ཆུ་རྫིང་ནས་ལེན་པའི་ཆུ་ངེས་པར་དུ་ཉིན་ཕྱེད་ཙམ་ལ་བཞག་ནས་བྱེ་མ་ཆུ་ཟོམ་གྱི་མཐིལ་དུ་དིམ་དུ་འཇུག་དགོས། སྐབས་འགར་ཆུའི་ནང་དུ་འབུ་ཡང་འཕྱོ་ཡོང་གི་ཡོད་པ་རེད། ད་ཆ་རང་འབབ་ཆུ་ཁྱིམ་དུ་འདྲེན་ཡོད་པས། ཚལ་འཁྲུ་བ་དང་། གོས་འཁྲུ་བ་སོགས་ཧ་ཅང་སྟབས་བདེ་པོ་ཡོད་ལ། ཆུ་ཡང་དྭངས་ཤིང་གཙང་མ་ཡོད། དབུལ་སྐྱོར་ལས་དོན་རུ་ཁག་གིས་ད་དུང་ཁྱིམ་དུ་ཉི་ནུས་ཆུ་སྲོ་ཆས་བསྒར་ཡོད་པས། འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

འཐུང་ཆུ་ཐག་གཅོད་བྱས་པ་ཕུད་གཞན་ད་དུང་ཆུ་བཅོས་རྒྱུ་ནི་ཆུ་བེད་ལས་དོན་གྱི་ལས་འགན་གཙོ་བོ་ཞིག་ཡིན། ད་ལོའི་སྤྱི་ཟླ་6པ་ནས་8པའི་བར། རང་རྒྱལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་དྲག་ཆར་ཆུ་ལོག་བསྟུད་མར་ཐོན་ཡོད། ཆུ་བེད་ལས་གྲྭར་བརྟེན་ནས་གཡས་གཞོགས་གཡོན་འདེགས་བྱས་པར་བརྟེན་ལོ་ལྔའི་གོང་དང་བསྡུར་ན་ཆུ་ལོག་གིས་རྐྱེན་པས་ཤི་རྨས་བྱུང་བའི་མི་གྲངས་ཆེས་ཆེར་ཉུང་དུ་ཕྱིན་ཡོད། ཀེང་ལིའུ་ཁྲེང་གིས། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་ཞིབ་ཚགས་བྱས་པ་བརྒྱུད། ཆུ་ལོག་སྔོན་འགོག་ཆུ་མཛོད་ཀྱི་ཆུ་སྔ་སྣུར་དུ་ཕྱིར་བཏོན་ནས་ཆུ་ཤོང་ཚད་ཆེ་རུ་བཏང་བ་དང་། གཙོ་གནད་ཆུ་བེད་ལས་གྲྭས་ཆུ་ལོག་སྔོན་འགོག་དང་འབྲུབ་ཆུ་རྒྱས་པའི་ལས་ཀའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འབྲུབ་ཆུ་རྒྱས་ཚུན། རང་རྒྱལ་གྱི་ཆུ་མཛོད་ཆེ་འབྲིང་གི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པས། ཆུ་ལོག་འགོག་པའི་ཉེན་ཁ་དང་གནོན་ཤུགས་ཇེ་ཆུང་དུ་སོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཐུབ་ཡོད་ཅིང་། ཆུ་ལོག་དང་ཞོད་སྐྱོན་གྱི་རྐྱེན་པས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

མགྲིན་ཚབ་པས་འབྱོར་འབྲིང་སྐོར་གླེང་བ་སྟེ། ཀེང་ལིའུ་ཁྲེང་གིས་ཆུ་ཡོད་ན་ལས་རིགས་ཁག་རྣམས་དར་ཞེས་པ་གླེང་བ།

སྤུས་ཚད་མཐོ་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་མའི་སྤྱི་ལེ་གཅིག་ཡག་པོ་རྒྱུག་པའི་བརྒྱུད་རིམ་ནང་། ཀྲུང་དབྱང་པུའུ་ཨུད་ཀྱིས་ཇི་ལྟར་བྱས་ནས་མདུན་སྐྱོད་དང་། གནད་སྨིན་འགག་སྒྲོལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད། ༼མགྲིན་ཚབ་པས་འབྱོར་འབྲིང་སྐོར་གླེང་བ༽ཞེས་པའི་དམིགས་བསལ་ལེ་ཚན་ཞིག་ཆེད་དུ་ཇུས་འགོད་བྱས་པ་དང་། དེ་རིང་༼ཆུ་ཡོད་ན་ལས་རིགས་ཁག་རྣམས་དར་༽