ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་ཧྥུ་ཀེ་ནི་སི་ཐན་ལ་ཐ་ལི་པན་དྲག་ཆས་ཀྱི་འཇབ་རྒོལ་ཕོག་ནས་ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར་བ།

2020-09-14 15:52:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན་ཨ་ཧྥུ་ཀེ་ནི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས། ཉིན་དེའི་ཐོ་རེངས་སུ་ཨ་ཧྥུ་ཀེ་ནི་སི་ཐན་བྱང་རྒྱུད་ཁུན་ཏུ་ཧྲི་མངའ་སྡེའི་བདེ་འཇགས་ས་ཚིགས་ཤིག་ལ་ཐ་ལི་པན་དྲག་ཆས་ཀྱི་འཇབ་རྒོལ་ཕོག་ནས། ཉེན་རྟོག་པ་5རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ད་དུང་ཐ་ལི་པན་དྲག་ཆས་ཀྱི་མི་སྣ་4བསད་ཡོད་པ་རེད། འཇབ་རྒོལ་མཇུག་སྒྲིལ་རྗེས། ཨ་ཧྥུ་ཀེ་ནི་སི་ཐན་བདེ་འཇགས་དཔུང་སྡེས་ཤིན་ཝ་ལེ་ས་ཁུལ་དུ་བྱ་སྤྱོད་སྤེལ་ནས། དྲག་ཆས་མི་སྣ་ལྷག་འཕྲོ་རྣམས་འཇུ་བཟུང་བྱས་ཡོད། དེ་མིན། སྤྱི་ཚེས་12ཉིན་གྱི་དགོང་དྲོར་ཁན་ཏ་ཧ་མངའ་སྡེའི་མའེ་ཝན་ཏེ་ས་ཁུལ་དུ། རླངས་འཁོར་ཞིག་ཉེན་རྟོག་ཕྱོགས་ཀྱིས་ལམ་བར་དུ་བཀག་སྐབས་འབར་གས་བྱས་ནས། ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཉེན་རྟོག་པ་གསུམ་ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཨ་ཧྥུ་ཀེ་ནི་སི་ཐན་ལ་ཐ་ལི་པན་དྲག་ཆས་ཀྱི་འཇབ་རྒོལ་ཕོག་ནས་ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར་བ།

སྤྱི་ཚེས་13ཉིན་ཨ་ཧྥུ་ཀེ་ནི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས། ཉིན་དེའི་ཐོ་རེངས་སུ་ཨ་ཧྥུ་ཀེ་ནི་སི་ཐན་བྱང་རྒྱུད་ཁུན་ཏུ་ཧྲི་མངའ་སྡེའི་བདེ་འཇགས་ས་ཚིགས་ཤིག་ལ་ཐ་ལི་པན་དྲག་ཆས་ཀྱི་འཇབ་རྒོལ་ཕོག་ནས། ཉེན་རྟོག་པ་5རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ད་དུང་ཐ་ལི་པན་དྲག་ཆས་ཀྱི་མི་སྣ་4བསད་ཡོད་པ་རེད། འཇབ་རྒོལ་མཇུག་སྒྲིལ་རྗེས། ཨ་ཧྥུ་ཀེ་ནི་སི་ཐན་བདེ་འཇགས་དཔུང་སྡེས་ཤིན་ཝ་ལེ་ས་ཁུལ་དུ་བྱ་སྤྱོད་སྤེལ་ནས། དྲག་ཆས་མི་སྣ་ལྷག་འཕྲོ་རྣམས་འཇུ་བཟུང་བྱས་ཡོད། དེ་