ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ནུབ་རྒྱུད་ཀྱི་རི་བོར་མེ་ཤོར་ནས། ཉུང་མཐར་ཡང་མི་31རྐྱེན་ལམ་དུ་ཤོར་བ།

2020-09-14 15:51:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ནུབ་མཚོ་འགྲམ་གྱི་ཁ་ལི་ཧྥུ་ཉི་ཡ་མངའ་སྡེ་དང་། ཨེ་ལེ་ཀང་མངའ་སྡེ་སོགས་ས་ཆ་མང་པོའི་རི་བོར་མེ་ཤོར་བའི་གནས་ཚུལ་རྒྱུན་མཐུད་བྱུང་ཡོད་པ་རེད། མིག་སྔར་ཉུང་མཐར་ཡང་མི་31རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་བཅུ་གྲངས་ཁ་ཤས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

མིག་སྔར་ཨ་རིའི་ནུབ་མཚོ་འགྲམ་གྱི་རི་བོར་སྔར་བཞིན་རྒྱུན་མཐུད་ངང་མེ་འབར་བཞིན་ཡོད། ཨ་རིའི་རྒྱལ་ཁབ་ལས་བརྒལ་བའི་སྡེ་ཁག་མེ་གསོད་ལྟེ་གནས་ཀྱི་གྲངས་གཞིར་གཞིགས་ན། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་9ཚེས་12ཉིན་བར་སླེབས་དུས། ཁ་ལི་ཧྥུ་ཉི་ཡ་དང་། ཨེ་ལེ་ཀང་། ཧྭ་ཧྲེང་ཏུན། ཁེ་ལོ་ལ་ཏོ་སོགས་མངའ་སྡེ་མང་པོའི་ཁྱོན་བསྡོམས་མེ་འབར་བའི་རི་བོ་97ལ་མུ་མཐུད་མེ་འབར་བཞིན་ཡོད་པ་དང་། དེའི་ནང་རི་བོ་40ཡི་མེ་འབར་ཤུགས་ཅུང་ཆེ་བ་ཡོད། ནུབ་མཚོ་འགྲམ་གྱི་རི་བོར་མེ་ཤོར་བའི་རྐྱེན་གྱིས་ཚེ་འདས་མི་སྣ་ཟམ་མི་ཆད་པར་ཇེ་མང་དུ་སོང་ནས། མིག་སྔར་མཚོ་འགྲམ་ཡོངས་སུ་མེ་རིས་རྐྱེན་པས་གཏན་འཁེལ་བྱུང་བའི་ཚེ་འདས་མི་གྲངས་30ལས་བརྒལ་ཡོད་པ་དང་། ད་དུང་མི་མང་པོ་ཞིག་གར་སོང་ཆ་མེད་ཀྱི་གནས་སུ་གྱར་ཡོད་པས། དེར་བརྟེན་གྲངས་ཀ་དེ་རིམ་བཞིན་འཕར་སྣོན་འགྲོ་བཟོ་ཡོད་པ་རེད། མེ་ཤོར་བའི་རི་བོས་ས་གནས་འདི་གའི་ཁ་རླུང་སྤུས་ཚད་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཨ་རིའི་ནུབ་མཚོ་འགྲམ་གྱི་ཁ་རླུང་སྤུས་ཚད་ཀྱང་རི་ལ་མེ་ཤོར་བ་ལས་བྱུང་བའི་གོ་ཐལ་སོགས་ཀྱིས་རྐྱེན་པས་དུས་ཡུན་རིང་པོའི་ནང་ས་གནས་འདི་གའི་PM2.5དང་PM10སོགས་ཀྱི་གྲངས་གཞི་ཆུ་ཚད་མཐོ་བའི་གནས་སུ་སླེབས་ཡོད། མིག་སྔར་ཅའུ་ཅིན་ཧྲན་ཁུག་པ་ཁུལ་གྱི་སྨུག་མདོག་གི་ནམ་མཁའ་རིམ་བཞིན་དྭངས་གསལ་དུ་གྱུར་ཡོད་ན་ཡང་། འབག་བཙོག་གི་གནས་ཚུལ་སྔར་བཞིན་ཛ་དྲག་པོ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཨ་རིའི་ནུབ་རྒྱུད་ཀྱི་རི་བོར་མེ་ཤོར་ནས། ཉུང་མཐར་ཡང་མི་31རྐྱེན་ལམ་དུ་ཤོར་བ།

མིག་སྔར་ཨ་རིའི་ནུབ་མཚོ་འགྲམ་གྱི་རི་བོར་སྔར་བཞིན་རྒྱུན་མཐུད་ངང་མེ་འབར་བཞིན་ཡོད། ཨ་རིའི་རྒྱལ་ཁབ་ལས་བརྒལ་བའི་སྡེ་ཁག་མེ་གསོད་ལྟེ་གནས་ཀྱི་གྲངས་གཞིར་གཞིགས་ན། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་9ཚེས་12ཉིན་བར་སླེབས་དུས། ཁ་ལི་ཧྥུ་ཉི་ཡ་དང་། ཨེ་ལེ་ཀང་། ཧྭ་ཧྲེང་ཏུན། ཁེ་ལོ་ལ་ཏོ་སོགས་མངའ་སྡེ་མང་པོའི་ཁྱོན་བསྡོམས་མེ་འབར་བའི་རི་བོ་97ལ་མུ་མཐུད་མེ་འབར་བཞིན་ཡོད་པ་དང་། དེའི་ནང་རི་བོ