ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་ཀྱི་རྒྱལ་ཁབ་མང་པོས་རིམས་ནད་བསྐྱར་འཕར་ཡོང་རྒྱུར་ཁ་གཏད་ཧུར་ཐག་གཅོག་བཞིན་པ།

2020-07-30 16:20:00     责编:sangjzm

ཉེ་དུས། ཡོ་རོབ་རྒྱལ་ཁབ་ཏུ་སྔ་རྗེས་སུ་ཏོག་གསར་གློ་ཚད་རིམས་ནད་བསྐྱར་འཕར་བྱུང་བ་དང་། རྒྱལ་ཁབ་མང་པོ་ཞིག་གིས་འཕྲལ་དུ་བྱ་ཐབས་བཏོན་ནས་རིམས་ནད་སྔར་བས་འགོས་ཁྱབ་འགྲོ་རྒྱུ་སྔོན་འགོག་བྱས་ཡོད།

སི་ཕེན་འཕྲོད་བསྟེན་པུའི་སྤྱི་ཟླ་7ཚེས་29ཉིན་གྱི་གྲངས་གཞི་ལས་མངོན་པར། རྒྱལ་ཁབ་དེའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་བྱུང་བའི་ནད་དཔེ་ཉིས་འབུམ་བརྒྱད་ཁྲི་610ཟིན་པ་དང་ཚེ་འདས་ནད་དཔེ་ཉིས་ཁྲི་8436ཟིན་པ། འདས་ཟིན་པའི་ཆུ་ཚོད་24རིང་ལ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ་905མང་དུ་ཕྱིན་ཡོད། མིག་སྔར། སི་ཕེན་གྱི་ས་ཁོངས་ཧྲིལ་པོར་སྤྱི་པའི་འདུ་འཛོམས་ཁུལ་དུ་ཁ་རས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། རིམས་ནད་ཚབས་ཆེ་ཤོས་ཀྱི་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་དུ། ས་གནས་དེ་གའི་སྲིད་གཞུང་གིས་སྤྱི་ཟླ་7ཚེས་27ཉིན་མཚན་འགྲུལ་བཀག་འགོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། གལ་ཏེ་ཉིན་བཅུའི་ནང་གསར་འཕར་བྱུང་བའི་ནད་དཔེ་སྔར་བཞིན་གྲངས་གནས་མཐོ་པོར་སླེབས་ཚེ། དེ་བས་ནན་པའི་བྱ་ཐབས་བཟུང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

པེར་ཀྲེམ་དུ་མང་ཚོགས་སི་ཕེན་གྱི་གྲོང་ཁྱེར་ཁ་ཤས་སུ་ཡུལ་སྐོར་དུ་བསྐྱོད་རྒྱུར་གཏན་འགོག་བྱས་རྗེས། ཧྥ་རན་སེ་དང་འཇར་མན་གྱིས་ཀྱང་དེའི་སྤྱི་དམངས་ཡུལ་སྐོར་དུ་སྐྱོད་སྐབས་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་ལས་གཡོལ་དགོས་པའི་གྲོས་འགོ་བཏོན་ཡོད། ནོར་ཝེ་དང་དབྱིན་ཇིས་སི་ཕེན་ནས་ཕྱིར་ལོག་བྱས་པའི་ཡུལ་སྐོར་བ་ཚང་མར་ལོགས་དབྱེ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྤྱི་ཟླ་7ཚེས་28ཉིན་འཇར་མན་གྱི་ནད་ཡམས་ཚོད་འཛིན་ལས་ཁུངས་ཀྱི་ལུའོ་པོ་ཐེ•ཁོ་ཧོ་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་པ་ལུའོ་ཐེ•ཝུའེ་ལེ་ཡིས། ཉེ་དུས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་གསར་འཕར་བྱུང་བའི་ནད་དཔེ་ཇེ་མང་དུ་སོང་བས། ཚད་མཐོའི་དོ་ཁུར་བྱེད་དགོས་ཞེས་བརྗོད་ཡོད། སྤྱི་ཟླ་7ཚེས་27ཉིན་འཇར་མན་འཕྲོད་བསྟེན་པུའི་པུའུ་ཀྲང་ཧྲི་ཕན་གྱིས། མ་འོངས་པར་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་ནས་རྒྱལ་ཁོངས་སུ་ཡོང་མཁན་ཡུལ་སྐོར་བར་འཇར་མན་དུ་འབྱོར་རྗེས་འཕྲལ་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་ལེན་བྱེད་པའི་འོས་འགན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

སྤྱི་ཟླ་7པའི་ཚེས་28ཉིན་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་ཡིས། སྔོན་གཏན་འཁེལ་བའི་སྤྱི་ཟླ་7ཚེས་31ཉིན་དུས་བཀག་ཐིམ་པའི་རྒྱལ་ཁབ་ཛ་དྲག་གི་གནས་སུ་སྡོད་པའི་དུས་ཚོད་དེ་སྤྱི་ཟླ་10ཚེས་15ཉིན་བར་ནར་འགྱངས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དེ་བས་ལེགས་པའི་སྒོ་ནས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། སྤྱི་ཟླ་7པའི་ཚེས་27ཉིན་དབྱི་ཐ་ལིའི་འཕྲོད་བསྟེན་པུའི་པུའུ་ཀྲང་སི་ཕེ་ལན་ཀྲ་ཡིས། སྲིད་གཞུང་གིས་རྒྱལ་ཡོངས་ས་གནས་ཁག་ཏུ་ཐོན་པའི་འདུ་འཛོམས་རང་བཞིན་གྱི་འགོས་ནད་ཆུང་གྲས་ལ་དོ་ཁུར་ཆེན་པོ་བྱས་ཏེ་དགོས་ངེས་སྐབས་སུ་ས་ཆ་ཁག་ཅིག་བཀག་སྡོམ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་པའི་རྣམ་པ་བསྟན་ཡོད། ལྷོ་རྒྱུད་ཁན་ཕ་ཉི་ཡ་ཁུལ་ཆེན་དུ། སྤྱི་པའི་འདུ་འཛོམས་བྱ་ཡུལ་དུ་ཁ་རས་མི་རྒྱག་མཁན་ལ་ཡོ་རོབ་སྒོར་མོ་1000གི་ཆད་པ་སྤྱོད་ཀྱི་ཡོད། ས་གནས་དེ་གས་ད་དུང་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་བྱེད་མཁན་གྱིས་ཁ་རས་རྒྱག་མེད་པའི་འགྲུལ་པ་རླངས་འཁོར་ནང་བླུགས་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད།

པེར་ཀྲེམ་གྱི་སྤྱི་པའི་འཕྲོད་བསྟེན་ཞིབ་འཇུག་སུའོ་ཡི་གྲངས་གཞི་ལས་མངོན་པར། པེར་ཀྲེམ་གྱི་སྤྱི་ཟླ་7ཚེས་17ཉིན་ནས་ཚེས་23ཉིན་བར་གསར་འཕར་བྱུང་བའི་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་གཟའ་འཁོར་གོང་མ་ལས་70%མང་དུ་ཕྱིན་ཡོད། སྤྱི་ཟླ་7པའི་ཚེས་27ཉིན། པེར་ཀྲེམ་གྱིས་སྔོན་གཏན་འཁེལ་བའི་སྤྱི་7ཚེས་31ཉིན་འཚོག་རྒྱུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དེ་སྔ་སྣུར་དུ་འཚོགས་ནས། དུས་མཚམས་གསར་པའི་བཀག་སྡོམ་གློད་པའི་བྱ་ཐབས་ལག་བསྟར་བྱ་རྒྱུ་ནར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སྔོན་འགོག་ཚོད་འཛིན་བྱ་ཐབས་ནན་དུ་བཏང་ཡོད། སྤྱི་ཟླ་7ཚེས་29ཉིན་ནས་སྤྱི་ཟླ་8པའི་ཟླ་མཇུག་བར། ཁྱིམ་ཚང་རེ་ནས་ཐེངས་རེར་མི་གཅིག་མ་གཏོགས་ཕྱི་ལ་དངོས་པོ་ཉོ་རུ་འགྲོ་མི་ཆོག་པ་དང་། ཚད་བཀག་དུས་ཚོད་ནི་སྐར་མ་30ཡིན་པ་རེད། རིམས་ནད་ཚབས་ཆེ་ཤོས་ཡིན་པའི་ཨན་ཐེ་ཝེ་ཕུའུ་རུ། ས་གནས་དེ་གའི་སྲིད་གཞུང་གིས་སྤྱི་ཟླ་7ཚེས་27ཉིན་དེ་བས་ནན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དཔེར་ན། མཚན་འགྲུལ་བཀག་པ་དང་བཙན་ཤེད་ངང་ཐག་རིང་ནས་གཞུང་དོན་སྒྲུབ་ཏུ་བཅུག་པ་སོགས་རེད།

ཧྥ་རན་སིའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཝེ་ལང་གིས། ཉེ་ཆར་སྨྱན་སྦྱོར་ཚན་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་ད་དུང་ཧྥ་རན་སིར་རིམས་ནད་ཐེངས་གཉིས་པ་ཐོན་པ་ཁ་ཚོན་གཅོད་མི་ཐུབ་མོད། འོན་ཀྱང་ཉེ་དུས་ཧྥ་རན་སེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་མང་དུ་ཕྱིན་ཡོད། གསར་འཕར་བྱུང་བའི་ནད་པའི་ཁྲོད་ན་གཞོན་གྱི་བསྡུར་ཚད་སྔར་ལས་མཐོ་བ་མ་ཟད། ནད་རྟགས་མེད་པའི་ནད་འགོས་མཁན་ཧ་ཅང་མཐོ་པ་ཡོད། དེའི་ཐད་ཧྥ་རན་སེ་སྲིད་གཞུང་གིས་དམངས་ཡོངས་ལ་སྤྱི་པའི་འདུ་འཛོམས་ཁུལ་དུ་ངེས་པར་དུ་ཁ་རས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

སྤྱི་ཟླ་7ཚེས་28ཉིན་ནས་བཟུང་། སུའེ་ཙེར་རི་ནེ་ཝའི་མངའ་སྡེས་ནས་བཟུང་། ཚོང་ལས་བྱ་ཡུལ་དུ་སྐྱོད་མཁན་ཚང་མས་ངེས་པར་དུ་ཁ་རས་རྒྱག་དགོས་པའི་གཏན་འབེབས་བྱས་པ་རེད། ཁ་རས་མཁོ་འདོན་འགན་ལེན་བྱ་ཆེད། རི་ནེ་ཝའི་སློབ་ཆེན་སྨན་ཁང་གིས་ད་ལོའི་ལོ་མཇུག་གོང་ས་གནས་དེ་གར་ཁ་རས་ཐོན་སྐྱེད་འཁོར་ཁང་འཛུགས་རྩིས་ཡོད་པ་རེད། མི་ཞིག་ལ་ནད་གཞི་འགོས་པ་ཤེས་རྟོགས་བྱུང་རྗེས། དེ་དང་འབྲེལ་གཏུག་ཟབ་མོ་བྱེད་མཁན་རྣམས་ལ་འཕྲལ་དུ་བརྡ་ཐོ་གཏོང་ཆེད། རི་ནེ་ཝ་ཡི་ཨར་ཁང་དང་མཚན་མོའི་རོལ་རྩེད་ཁང་གིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ནས་བཟུང་། སྐུ་མགྲོན་ཚང་མའི་ཐོབ་ཐང་ཆ་འཕྲིན་དང་འབྲེལ་གཏུག་བྱ་ཐབས་འཚོལ་བསྡུ་བྱས་ཡོད་པ་རེད།

སྤྱི་ཟླ་7ཚེས་27ཉིན་རོ་མ་ནི་ཡའི་ཙུང་ལི་ཨོར་པན་གྱིས། མཚོ་འགྲམ་དུ་ཡུལ་སྐོར་དང་ཐོག་མེད་ཟ་ཁང་སོགས་སུ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དེ་བས་ནན་པོ་སྤྱོད་སྲིད་ཅེས་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་ཐོག་མེད་ཟ་ཁང་གི་ལས་གཉེར་དུས་ཚོད་ཐུང་དུ་གཏོང་རྒྱུ་དང་མང་ཚོགས་ཀྱིས་མི་སྣ་འདུ་འཛོམས་ཆེ་བའི་ཐོག་མེད་ཁང་པའི་ནང་ངེས་པར་དུ་ཁ་རས་རྒྱག་དགོས་སོགས་ཚུད་ཡོད།

དབྱེ་ཞིབ་མི་སྣས། རིམས་ནད་བསྐྱར་ལོག་བྱུང་བ་དེས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་བསྐྱར་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་གོམ་སྟབས་འགོར་དུ་ཕྱིན་ཡོད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་བྱ་སྤྱོད་སྤེལ་བ་དང་ཁ་གཏད་ཧུར་ཐག་གཅོག་པའི་དབང་གིས། ད་ཐེངས་རིམས་ནད་བསྐྱར་ལོག་ཕྱིན་པ་དེར་ཚོད་འཛིན་ཡག་པོ་བྱུང་ཡོད་པའི་ངོས་འཛིན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཡོ་རོབ་ཀྱི་རྒྱལ་ཁབ་མང་པོས་རིམས་ནད་བསྐྱར་འཕར་ཡོང་རྒྱུར་ཁ་གཏད་ཧུར་ཐག་གཅོག་བཞིན་པ།

སི་ཕེན་འཕྲོད་བསྟེན་པུའི་སྤྱི་ཟླ་7ཚེས་29ཉིན་གྱི་གྲངས་གཞི་ལས་མངོན་པར། རྒྱལ་ཁབ་དེའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་བྱུང་བའི་ནད་དཔེ་ཉིས་འབུམ་བརྒྱད་ཁྲི་610ཟིན་པ་དང་ཚེ་འདས་ནད་དཔེ་ཉིས་ཁྲི་8436ཟིན་པ། འདས་ཟིན་པའི་ཆུ་ཚོད་24རིང་ལ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ་905མང་དུ་ཕྱིན་ཡོད། མིག་སྔར། སི་ཕེན་གྱི་ས་ཁོངས་ཧྲིལ་པོར་སྤྱི་པའི་འདུ་འཛོམས་ཁུལ་དུ་ཁ་རས་རྒྱག་དགོས་པའི་བླང་བྱ་བཏོན་