ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་གནང་བའི་ཤིས་ཚིག་ལ་གདེང་འཇོག་བཟང་པོ་བྱས།

2020-07-30 16:15:00     责编:sangjzm

འདི་ག་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཀྱི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་གསུངས་གནང་བའི་ཤིས་ཚིག་ལ་གདེང་འཇོག་བཟང་པོ་གནང་ཞིང་། ཞི་ཀྲུའུ་ཞིའི་གསུང་བཤད་ཀྱིས་ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གོང་འཕེལ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་ཡོད།

ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་འགོ་འཛིན་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཨེ་སྡེ་མིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་ཐོག་ཤིས་ཚིག་གནང་བར་གདན་འདྲེན་ཞུས་ཐུབ་པ་འདི་ནི་ང་ཚོའི་གཟི་བརྗིད་ཡིན། ཁོང་གིས་ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་གོང་འཕེལ་ལ་རེ་བ་བཏོན་གནང་ཡོད། ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ངོས་ནས་བརྗོད་ན། ཞི་ཀྲུའ་ཞིས་བཏོན་གནང་བའི་བཅོས་སྐྱོང་བཟང་པོ་དང་ཆུ་ཚད་མཐོ་བའི་ཕྱོགས་མང་ཚད་གཞིའི་རྨང་གཞིའི་སྟེང་། ང་ཚོར་ངེས་པར་དུ་གསར་གཏོད་ཀྱི་སྙིང་སྟོབས་ལྡན་དགོས་པ་དང་། ང་ཚོས་ངེས་པར་དུ་མ་འོངས་པར་དགོས་མཁོ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་དགོས་པ། ང་ཚོས་ངེས་པར་དུ་སྦག་མེད་གོང་འཕེལ་དང་། ལག་རྩལ་མ་འཇོག དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མ་འོངས་ལོ་བཅུ་ཕྲག་རིང་གི་གོང་འཕེལ་གི་བརྒྱུད་སྦྲེལ་རང་བཞིན་ལ་ཞིབ་འཇུག་བྱེད་དགོས་ཞེས་དགོས་ཞེས་བསྟན་ཡོད།

འབར་མའི་ཐན་ཕ་ཏི་ཕ་ཞིབ་འཇུག་ཁང་གི་འགོ་འཛིན་ཝུ་ཙོ་ཝེན་གྱིས། ཞི་ཀྲུའུ་ཞིས་ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དེ་ཉིད་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གསར་པ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་གསུངས་གནང་བ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་ཁག་ཚང་མར་ཤུགས་རྐྱེན་ཐེབས་ཡོད། སྟེགས་བུ་འདི་འདྲ་ཞིག་དགོས་པ་ཤིན་ཏུ་ཆེན་པ་ཡོད། ད་ལྟ་ནི་ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ནུས་པ་འདོན་སྤེལ་བྱེད་པའི་གོ་སྐབས་ཡག་ཤོས་ཡིན། ཞི་ཀྲུའུ་ཞིས་སྒོ་འབྱེད་ཁོང་ཡངས་རྒྱུན་འཁྱོངས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་དེར་ཡིད་མཐུན་ཡོད། དེ་ནི་ཚང་མའི་ཁེ་ཕན་ལ་དགོངས་པ་བཞེས་གནང་བ་ཞིག་རེད། ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་འགྲོ་ལམ་གསར་པ་བཏོད་ཐུབ་པ་ཡིན་ན། དེས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་མངོན་འགྱུར་ཡོང་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་གནང་བའི་ཤིས་ཚིག་ལ་གདེང་འཇོག་བཟང་པོ་བྱས།

འདི་ག་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཀྱི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་གསུངས་གནང་བའི་ཤིས་ཚིག་ལ་གདེང་འཇོག་བཟང་པོ་གནང་ཞིང་། ཞི་ཀྲུའུ་ཞིའི་གསུང་བཤད་ཀྱིས་ཨ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གོང་འཕེལ་འགྲོ་རྒྱུར་དོན་སྙིང་གལ་ཆེན་