ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

བེང་ཕའེ་ཨའོ་ཕྱོགས་གཏོགས་ཀྱིས་ཀྲུང་གོར་བརྡར་གཅོད་བྱེད་ནོར་ཤོར་བ་མ་ཟད་དུས་རབས་ལའང་གོ་བ་ལེན་སྟངས་ནོར་ཡོད།

2020-07-30 15:56:00     责编:sangjzm

ཨ་རིའི་རྒྱལ་ནང་དུ་ཏོག་གསར་གློ་ནད་རིམས་ནད་འགོས་པ་རིམ་རྩིས་བྱས་ན་ནད་དཔེ་ཁྲི་400ལས་བརྒལ་བའི་སྐབས་སུ། ཨ་རིའི་རྒྱལ་དོན་བློན་ཆེན་ཕོང་ཕེ་ཨའོ་ཡིས་ཀྲུང་གོར་འཁོན་འཛིན་དང་ཀྲུང་ཨའི་བར་འགལ་ཟླ་བཟོ་བར་ངན་སྐུལ་བྱེད་བཞིན་ཡོད། ཉེ་ཆར་ཁོ་པས་ཅ་ཀྲོའུ་ཡི་ཙུང་ཐུང་ཉི་ཁེ་སུང་དཔེ་མཛོད་ཁང་དུ་གཏམ་བཤད་སྤེལ་བ་དང་། དོན་དངོས་དང་མི་མཐུན་པའི་སྐད་ཆ་དང་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ནས། ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་ལ་འཁྱོག་བཤད་དང་དམའ་འབེབས་གཏོང་བ་དང་། ཀྲུང་གོར་འཁོན་འཛིན་བྱེད་པའི་བསམ་ཚུལ་ལ་ངན་སྐུལ་བྱེད་པ། འཇམ་འཐབ་ཀྱི་བསམ་བློས་བློ་ནོག་ནས་རྒྱལ་སྤྱིའི་གླེང་ཕྱོགས་ལོག་ཁྲིད་བྱས་པ་བཅས་ཀྱིས། ཨ་རིའི་སྲིད་ཚོང་པ་ཉུང་ཤས་ཀྱིས་སྐྱག་རྫུན་ཤོད་རྒྱུར་མགོ་འཁོར་བའི་གནས་སྟངས་གསར་པ་བཏོད་ཡོད་ཅེས་བཤད་ཆོག

རྫུན་གཏམ་བསྐྱར་ཟློས་ཐེངས་ཆིག་སྟོང་བྱས་ཀྱང་སྔར་བཞིན་རྫུན་གཏམ་རེད། རྒྱལ་དམངས་ཁྲི་བཅུ་ལྷག་ཙམ་གྱི་སྲོག་ཤོར་བའི་ཡ་ང་བའི་དོན་དངོས་ཀྱི་མདུན་དུ། ཕེང་ཕེ་ཨའོ་ཡིསསྔར་བཞིན་ཚིག་རོ་རྙོག་བཤད་དང་དཀར་ནག་གོ་ལྡོག་གིས། ཀྲུང་གོ་སྣོན་བསམ་པའི་བསམ་བློར་འགྱུར་ལྡོག་གཏན་ནས་གཏོང་མྱོང་མེད། ཁོ་པས་ལྐོག་ལྐོག་སུད་སུད་ངང་ཀྲུང་གོར་མཚན་བཤད་བཟོ་བའི་རྒྱབ་ཏུ། ཁོ་པས་ཆབ་སྲིད་ཀྱི་སྒེར་ཕན་གཉེར་བའི་ལྐོག་ཇུས་བཤམས་ཡོད་པ་རེད།

ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་ཨ་རིའི་ཞིབ་འཇུག་ཁང་གི་འགོ་འཛིན་ཐེང་ཅན་ཅུན་གྱིས། ཕེང་ཕེ་ཨའོ་ཡིས་ཀྲུང་གོར་ངོ་རྒོལ་བྱེད་པའི་གདོང་ལེན་པ་བྱེད་པ་དེ་ནི། རང་ངོས་ཀྱི་ཆབ་སྲིད་ཁེ་ཕན་གྱི་དགོས་མཁོ་ཡིན་ཞིང་། ཀྲུང་གོར་ཕར་རྒོལ་བྱེད་པར་བརྟེན་ནས་རང་ངོས་ཀྱི་ཆབ་སྲིད་ཁེ་ཕན་གཅིག་སྡུད་བྱེད་བཞིན་ཡོད། མིག་སྔར། ཨ་རིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ཤེས་རྟོགས་བྱེད་པར་སེམས་ཁྲལ་དང་བློ་མི་བདེ་བ་བྱུང་རྐྱེན་ནི། ཕེང་ཕེ་ཨའོ་ཕྱོགས་གཏོགས་ཀྱིས་ཨ་རིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ནོར་འཁྲུལ་གྱི་བརྡར་གཅོད་བྱེད་པའི་གོ་སྐབས་འདི་སྤྱོད་པ་བརྒྱུད། རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་ལ་ཕན་པ་བསྐྲུན་བཞིན་ཡོད། རྒྱུ་མཚན་ནི་ཁོ་པས་སྤྱི་ལོ2024ལོའི་ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་ཆེན་མོར་ལྡིར་ནས་བསྡད་ཡོད་པས་རེད།

ཀྲུང་གོར་ངན་སྐུལ་བྱེད་པའི་རྒྱབ་ཕྱོགས་སུ། ད་དུང་ཕེང་ཕེ་ཨའོ་ཕྱོགས་གཏོགས་ཀྱི་འདུ་ཤེས་འཛིན་སྟངས་ལ་ཕྱོགས་ཞེན་ལྡན་པའི་རྐྱེན་གྱིས། ཀྲུང་གོར་བཙན་གནོན་དང་ཨ་རིས་བཙན་བདག་མཐའ་གཅིག་ཏུ་བྱ་རྒྱུར་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ངན་ཇུས་དམར་རྗེན་དུ་མངོན་ཡོད། ཀྲུང་གོ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་རོན་ཙུང་ཙེས། ཚང་མས་ཤེས་གསལ་ལྟར། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ནི་ཙུང་ཐུང་ཉི་ཁེ་སུང་གི་འགན་ཡུན་རིང་འགག་གཏོར་བྱུང་ཐུབ་ནས་ལེགས་བཅོས་བྱུང་ནས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་བར་འགྲོ་འོང་དང་། འཛམ་གླིང་གི་ཞི་བདེ་གོང་འཕེལ་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཕེང་ཕེ་ཨའོ་ཡིས་ཙུང་ཐུང་ཉི་ཁེ་སུང་གི་དཔེ་མཛོད་ཁང་དུ་གཏམ་བཤད་སྤེལ་བ་དེ་ནི། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཨ་རིས་ཀྲུང་གོར་འཛིན་པའི་སྲིད་ཇུས་དང་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་ཁས་ལེན་མ་བྱས་ཞིག་རེད། ཕེང་ཕེ་ཨའོ་ཕྱོགས་གཏོགས་ཀྱིས་སྒེར་དོན་ཆེད་དུ་ཀྲུང་གོ་དང་ཨ་རིའི་མཛའ་མཐུན་གྱི་འབྲེལ་བ་དེ་མེད་པར་བཟོ་རྩིས་ཡོད། དེ་ལྟ་བུའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལས་ལྡོག་པའི་བྱ་སྤྱོད་ནི། ལོ་རྒྱུས་ལ་འགན་མི་འཁུར་བ་ཞིག་རེད་ལ། དེ་བས་ཀྱང་ཁོ་ཚོས་ལོ་རྒྱུས་ལ་རྒྱུས་ལོན་མེད་པ་མངོན་ཡོད་ཅེས་བསྟན་ཡོད།

འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་ལ་མགོ་འཁོར་བའི་བེང་ཕའེ་ཨའོ་ཕྱོགས་གཏོགས་ཀྱིས། ཀྲུང་གོར་བརྡར་གཅོད་བྱེད་ནོར་ཤོར་བ་མ་ཟད་དུས་རབས་འདིའི་གཙོ་རྒྱུགས་འཕེལ་ཕྱོགས་ལའང་གོ་བ་ལེན་སྟངས་ནོར་ཡོད་པ་རེད།

དེང་གི་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ལ་གཞོལ་བཞིན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི། ཀྲུང་གོའི་ད་ལྟ་ཐོབ་པའི་གྲུབ་འབྲས་ཀྱི་འགག་རྩ་རེད། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི། ཀྲུང་གོའི་ཐོག་མཐའ་བར་གསུམ་གྱི་དོན་གཉེར་བྱ་ཡུལ་དེ་ཡིན་པ་རེད། ཐེང་ཅན་ཆུན་གྱིས། ཕེང་ཕེ་ཨའོ་ཕྱོགས་གཏོགས་ཀྱིས། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་ལ་བརྟེན་ནས་འཇམ་འཐབ་གསར་པ་སློང་རྩིས་བྱས་ཚེ། ཀྲུང་གོས་རིག་པ་དྭངས་གསལ་ངང་ཨ་རི་ཕྱོགས་ཀྱིས་བསླངས་པའི་འགྲན་སློང་སྣ་ཚོགས་ལ་བབ་བརླིང་ངང་ཁ་གཏད་གཅོག་སྲིད་པའི་ངོས་འཛིན་གནང་ཡོད།

ད་ལྟའི་འཛམ་གླིང་དུ་རྒྱལ་ཁབ་ཁག་གི་ཁེ་ཕན་འོ་ཆུ་འདྲེས་པ་ལྟར་གནས་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཞིན་ཀེས། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱ་རྒྱུ་ལས་གདམ་ག་གཞན་གང་ཡང་མེད་ལ། ཕྱོགས་གཉིས་པོས་གདོང་ཐུག་གི་རིན་དོད་ཀྱང་ཁུར་མི་ཐུབ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཁྱོད་ཀྱི་ཁྲོད་དུ་ང་གནས་པ་དང་། ངའི་ཁྲོད་ན་ཁྱོད་གནས་ཡོད་པའི་རྣམ་པ་དེ། ལས་སླ་པོར་སྦྲེལ་ཐག་གཅོད་ཐུབ་པ་ཞིག་མིན་ཅེས་བསླབ་བྱ་གནང་ཡོད། རོན་ཙུང་ཙེ་ཡིས། འདི་ནི་འཇམ་འཐབ་གསར་པའི་སྒོ་མོ་འབྱེད་པའི་དུས་རབས་ཤིག་གཏན་ནས་མ་རེད། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དེང་སྐབས་འཛམ་གླིང་གི་འཕེལ་ཕྱོགས་གཙོ་བོ་ཡིན། ཨ་རི་ཕྱོགས་ཀྱིས་གྲོགས་མེད་ཁེར་རྐྱང་ཨུ་ཚུགས་མཐའ་སྐྱེལ་བྱས་ན་སྣ་ཁུང་བརྡབས་ནས་མཐར་ཕམ་ཉེས་རེད་ཅེས་ནན་སྟོན་གནང་ཡོད།

མི་ཡ་རབ་ཅན་རྣམས་བློ་དཀྱེལ་ཆེ། མི་མ་རབ་ཅན་རྣམས་སེམས་ནད་མང་། ཀྲུང་གོའི་མདུན་སྐྱོད་འཕེལ་རྒྱས་ཀྱི་གོམ་སྟབས་ལ་འགོག་རྐྱེན་གང་གིས་ཀྱང་གནོད་འཚེ་བཟོ་མི་ཐུབ། ཕེང་ཕེ་ཨའོ་ཕྱོགས་གཏོགས་ཀྱི་ངོ་ཚ་ཁྲེལ་མེད་ཀྱི་རྫུན་གཏམ་འཛམ་གླིང་སྐྱེ་བོ་ཀུན་ལ་གསང་མི་ཐུབ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་མིག་སྔར་འཕྲད་པའི་དཀའ་ངལ་ནི་ཨ་རི་ཕྱོགས་རྐྱང་པས་བཟོས་པ་ཞིག་རེད། འོན་ཀྱང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་མཐུན་མཉམ་གནས་བྱེད་པའི་མཛའ་ཤེས་ལ་བཀག་འགོག་བྱེད་མི་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ལོ་རྒྱུས་ཀྱིས་མཐར་ཐུག་ཕེང་ཕེ་ཨའོ་ཕྱོགས་གཏོགས་ཀྱི་འཕྲལ་གྱི་མིག་རྒྱང་དེ་ཕམ་ངེས་ཡིན་པ་ར་སྤྲོད་བྱེད་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

བེང་ཕའེ་ཨའོ་ཕྱོགས་གཏོགས་ཀྱིས་ཀྲུང་གོར་བརྡར་གཅོད་བྱེད་ནོར་ཤོར་བ་མ་ཟད་དུས་རབས་ལའང་གོ་བ་ལེན་སྟངས་ནོར་ཡོད།

ཨ་རིའི་རྒྱལ་ནང་དུ་ཏོག་གསར་གློ་ནད་རིམས་ནད་འགོས་པ་རིམ་རྩིས་བྱས་ན་ནད་དཔེ་ཁྲི་400ལས་བརྒལ་བའི་སྐབས་སུ། ཨ་རིའི་རྒྱལ་དོན་བློན་ཆེན་ཕོང་ཕེ་ཨའོ་ཡིས་ཀྲུང་གོར་འཁོན་འཛིན་དང་ཀྲུང་ཨའི་བར་འགལ་ཟླ་བཟོ་བར་ངན་སྐུལ་བྱེད་བཞིན་ཡོད། ཉེ་ཆར་ཁོ་པས་ཅ་ཀྲོའུ་ཡི་ཙུང་ཐུང་ཉི་ཁེ་སུང་དཔེ་མཛོད་ཁང་དུ་གཏམ་བཤད་སྤེལ་བ་དང་། དོན་དངོས་དང་མི་མཐུན་པའི་སྐད་ཆ་དང་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ནས། ཀྲུང་གོ་དང་ཀྲུང་གོ་གུང་