ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་ཕྱི་འབྲེལ་པུས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་པ།

2020-07-28 17:10:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས། ཨ་རིའི་རྒྱལ་དོན་བློན་ཆེན་ཧྥུང་ཕེ་ཨའོ་ཡིས་སྤེལ་བའི་ཀྲུང་གོ་དང་འབྲེལ་བའི་སྲིད་ཇུས་ཀྱི་གཏམ་བཤད་ལ་ཨུ་རུ་སུ་ཕྱོགས་ཧང་སངས་པ་དང་བློ་ཕམ་ཆེན་པོ་བྱུང་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན། དེ་ནི་གོ་ལ་ཧྲིལ་པོའི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།

ཀྲ་ཧ་ལུའོ་ཝ་ཡིས་ཨ་རི་ཕྱོགས་ཀྱི་བསྙད་བརྐོ་བའི་བྱེད་སྤྱོད་ལས་ཨ་ཀྲུང་གི་འབྲེལ་བ་ཛ་དྲག་ཏུ་སོང་བ་དང་། དེས་ཕྱོགས་གཉིས་ལ་གནོད་པ་མ་ཟད་རྒྱལ་སྤྱིའི་དུས་བབ་སྔར་བས་རྙོག་འཛིང་ཆེ་རུ་གཏོང་སྲིད་ཅེས་བརྗོད།

ཀྲ་ཧ་ལུའོ་ཝ་ཡིས་ད་དུང་། ཀྲུང་ཨ་རྒྱལ་ཁབ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་ལས་འཛིན་རྒྱལ་ཁབ་ཡིན་པས། རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད་ཁར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་ལས་འཛིན་རྒྱལ་ཁབ་གཞན་དང་མཉམ་དུ་འགན་འཁྲི་ཁུར་ནས་གོ་ལ་ཧྲིལ་པོའི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན། དེ་ནི་གོ་ལ་ཧྲིལ་པོའི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།

དེ་ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོར་དམིགས་བསལ་གྱི་རོགས་ཟླའི་འབྲེལ་བ་ཡོད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཨུ་རུ་སུའི་ཕྱི་འབྲེལ་པུས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས། ཨ་རིའི་རྒྱལ་དོན་བློན་ཆེན་ཧྥུང་ཕེ་ཨའོ་ཡིས་སྤེལ་བའི་ཀྲུང་གོ་དང་འབྲེལ་བའི་སྲིད་ཇུས་ཀྱི་གཏམ་བཤད་ལ་ཨུ་རུ་སུ་ཕྱོགས་ཧང་སངས་པ་དང་བློ་ཕམ་ཆེན་པོ་བྱུང་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན། དེ་ནི་གོ་ལ་ཧྲིལ་པོའི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་