ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ས་གནས་མང་པོའི་མང་ཚོགས་ཀྱིས་རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་མུ་མཐུད་སྤེལ་བ་མ་ཟད་གདོང་ཐུག་བྱུང་བ།

2020-07-28 16:52:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། ཨ་རིའི་ས་གནས་མང་པོའི་མང་ཚོགས་ཀྱིས་རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་མུ་མཐུད་སྤེལ་བ་མ་ཟད། གདོང་ཐུག་གི་གནས་ཚུལ་ཐོན་ཡོད་པ་རེད།

སྤྱི་ཟླ་༧ཚེས་༢༦ཉིན་བར་སླེབས་དུས། ཨ་རིའི་ཨེ་ལེ་ཀང་མངའ་སྡེའི་པོ་ཐེ་ལན་གྲོང་ཁྱེར་གྱི་འགོག་རྒོལ་བྱེད་སྒོ་ཉིན་༥༨བསྟུད་མར་གཉེར་ཡོད་པ་དང་། འགོག་རྒོལ་བྱེད་མཁན་གྱི་མི་སྟོང་ལ་ཉེ་བ་པོ་ཐེ་ལན་གྲོང་ཁྱེར་ལྟེ་གནས་སུ་འདུ་འཛོམས་བྱས་ནས། ལག་ཏུ་སྦྱར་ཡིག་འཁྱེར་ཏེ་མི་རིགས་ནག་པོའི་ཚེ་སྲོག་དེ་ཡང་ཚེ་སྲོག་ཡིན་ཞེས་པའི་འབོད་ཚིག་དྲག་པོ་སྦྲགས་ཡོད། འགོག་རྒོལ་བྱེད་མཁན་མི་ཚོགས་ཀྱིས་ས་གནས་འདི་གའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་དང་དེ་བཞིན་རྒྱལ་ཕྲན་ཁྲིམས་འཛིན་མི་སྣ་སྡོད་སའི་མགྲོན་ཁང་སོགས་སུ་འདུ་འཛོམས་བྱས་པ་དང་། རྒྱལ་ཕྲན་ཁྲིམས་འཛིན་མི་སྣ་ས་ཆ་དེ་ནས་ཁ་བྲལ་དགོས་པའི་རེ་བ་སྟོན་ཡོད། རྒྱལ་ཕྲན་ཁྲིམས་འཛིན་མི་སྣས་འགྱིག་བསུབ་ཀྱི་མདེའུ་དང་། མཆི་འབྱིན་འབར་མདེལ་བེད་སྤྱད་ནས་འགོག་རྒོལ་བྱེད་མཁན་རྣམས་མཐར་སྐྲོད་བཏང་ཡོད་པ་དང་། འགོག་རྒོལ་བྱེད་མཁན་གྱི་མི་མང་པོ་འཛིན་བཟུང་བྱས་ཡོད་པ་རེད།

ཞི་ཡ་ཐུར། རྔམ་སྟོན་བྱེད་མཁན་ཚོས་ཞི་ཡ་ཐུ་མ་ཡུམ་གྱང་ཟེར་བ་བསྐྲུན་པ་དང་། མ་ཡུམ་ཚོས་སྟོད་གོས་སེར་པོ་གྱོན་ནས་མཉམ་དུ་འཛོམས་ཏེ་གྱང་གི་བཟོ་ལྟ་བཟོས་བཞིན་རྔམ་སྟོན་བྱེད་མཁན་དང་ཁྲིམས་འཛིན་མི་སྣའི་བར་དཀྱིལ་དུ་ལངས་པ་དང་། པོ་ཐེ་ལན་རྔམ་སྟོན་གྱི་བྱེད་སྒོར་ངག་ཐོག་ནས་རྒྱབ་སྐྱོར་བྱས་ཡོད། ཞི་ཡ་ཐུ་ས་གནས་འདི་གའི་ཉེན་རྟོག་ཕྱོགས་ཀྱིས་འོད་འཚེར་འབར་མདེལ་སོགས་བེད་སྤྱད་ནས་མི་ཚོགས་མཐར་སྐྲོད་བཏང་ཡོད་པ་མ་ཟད། མི་མང་པོ་འཛིན་བཟུང་བྱས་ཡོད། ལུའུ་དབྱི་སི་ཝེའར། ལོ་ཧྲན་ཅི། ཨའོ་ཁེ་ལན། ཉེའུ་ཡོག ལི་ཧྲི་མན་སོགས་ཨ་རིའི་ཡོངས་ཀྱི་ས་ཆ་མང་པོར། མང་ཚོགས་རྣམས་ཀྱིས་ཁྲོམ་ལམ་དུ་བསྐྱོད་དེ་པོ་ཐེ་ལན་འགོག་རྒོལ་བྱེད་སྒོར་ངག་ཐོག་ནས་རྒྱབ་སྐྱོར་ཞུས་ཡོད། ས་གནས་མང་པོའི་འགོག་རྒོལ་བྱེད་མཁན་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཨ་རིའི་ས་གནས་མང་པོའི་མང་ཚོགས་ཀྱིས་རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་མུ་མཐུད་སྤེལ་བ་མ་ཟད་གདོང་ཐུག་བྱུང་བ།

སྤྱི་ཟླ་༧ཚེས་༢༦ཉིན་བར་སླེབས་དུས། ཨ་རིའི་ཨེ་ལེ་ཀང་མངའ་སྡེའི་པོ་ཐེ་ལན་གྲོང་ཁྱེར་གྱི་འགོག་རྒོལ་བྱེད་སྒོ་ཉིན་༥༨བསྟུད་མར་གཉེར་ཡོད་པ་དང་། འགོག་རྒོལ་བྱེད་མཁན་གྱི་མི་སྟོང་ལ་ཉེ་བ་པོ་ཐེ་ལན་གྲོང་ཁྱེར་ལྟེ་གནས་སུ་འདུ་འཛོམས་བྱས་ནས། ལག་ཏུ་སྦྱར་ཡིག་འཁྱེར་ཏེ་མི་རིགས་ནག་པོའི་ཚེ་སྲོག་དེ་ཡང་ཚེ་སྲོག་ཡིན་ཞེས་པའི་འབོད་ཚིག་དྲག་པོ་སྦྲགས་ཡོད། འགོག་རྒོལ་བྱེད་མཁན་མི་ཚོགས་ཀྱིས་ས་གནས་འདི་གའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་