ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་རོ་པོ་ཐེར་ཨའོ་པུ་ལའེ་ཨེན་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ།

2020-07-28 16:51:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༧ཉིན་ཨ་རིའི་ཕོ་བྲང་དཀར་པོས། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་རོ་པོ་ཐེར་ཨའོ་པོ་ལའེ་ཨན་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་ར་སྤྲོད་བྱས་ཡོད། ཨའོ་པོ་ལའེ་ཨན་ན་ནིང་ཟླ་བ་དགུ་པ་ནས་བཟུང་ད་ལྟའི་འགན་གནས་དེ་འཁུར་བཞིན་ཡོད་པ་དང་། ད་བར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་གོ་གནས་མཐོ་ཤོས་ཀྱི་ཨ་རིའི་སྲིད་གཞུང་དཔོན་རིགས་དེ་ཡིན་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨའོ་པུ་ལའེ་ཨན་དང་ཐེ་རོན་ཕུ་མཉམ་དུ་བྱེད་སྒོའི་ནང་ཞུགས་པའི་དུས་ཚོད་ནི་སྤྱི་ཟླ་༧ཚེས་༡༠ཉིན་ཧྥོ་ལོ་ལི་ཏ་མངའ་སྡེར་གནས་པའི་ཨ་རིའི་ལྷོ་ཕྱོགས་ཀྱི་དམག་སྤྱི་པུའུ་རུ་ཡིན་པ་རེད། སྤྱི་ཚེས་༢༧ཉིན་ཨ་རིའི་ཡུའེ་ཧན་སི་ཧོ་ཕུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལ་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་སྤྱི་ཚེས་༢༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣དང་སྐར་མ་༣༥བར། ཨ་རིར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་ས་ཡ་བཞི་དང་ཉིས་འབུམ་བདུན་ཁྲི་ཆིག་སྟོང་བརྒྱ་མེད་དགུ་བཅུ་གོ་ལྔ་ཟིན་ཡོད་པ་དང་། ཚེ་འདས་ནད་པ་ཆིག་འབུམ་བཞི་ཁྲི་བདུན་སྟོང་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཟིན་ཡོད། དེ་ནི་འཛམ་གླིང་ཐོག་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་དང་ཚེ་འདས་ནད་པ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ཚེ་འདས་ནད་པ་སུམ་ཁྲི་ལས་བརྒལ་བའི་རྒྱལ་ཁབ་ནང་ད་དུང་པ་ཙིར་དང་། དབྱིན་ཇེ། མོ་ཞི་ཁོ། དབྱི་ཐ་ལི། རྒྱ་གར། ཧྥ་རན་སི་བཅས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་རོ་པོ་ཐེར་ཨའོ་པུ་ལའེ་ཨེན་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ།

སྤྱི་ཚེས་༢༧ཉིན་ཨ་རིའི་ཕོ་བྲང་དཀར་པོས། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་རོ་པོ་ཐེར་ཨའོ་པོ་ལའེ་ཨན་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་ར་སྤྲོད་བྱས་ཡོད། ཨའོ་པོ་ལའེ་ཨན་ན་ནིང་ཟླ་བ་དགུ་པ་ནས་བཟུང་ད་ལྟའི་འགན་གནས་དེ་འཁུར་བཞིན་ཡོད་པ་དང་། ད་བར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་གོ་གནས་མཐོ་ཤོས་ཀྱི་ཨ་རིའི་སྲིད་གཞུང་དཔོན་རིགས་དེ་ཡིན་པ་རེད།