ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་མེད་པ་གསུམ་གྱི་སྲིད་ཚོང་པའི་གདོང་རིས་ངོ་མ་དམར་རྗེན་དུ་བཏོན་པ།

2020-07-27 18:03:00     责编:sangjzm

མི་ཞིག་གི་བྱ་སྤྱོད་སྡུག་པོ་ཡིན་པ་མཚོན་བྱེད་་རྒྱུན་དུ་བརྗོད་པའི་སྐད་ཆ་དུམ་བུ་འདི་འདྲ་ཞིག་ཡོད་པ་སྟེ། ཁྱེད་ཀྱིས་བསམ་བློ་མི་འཁོར་བ་མ་གཏོགས་བསྒྲུབ་མི་ནུས་པ་ཅི་ཡང་མེད་ཅེས་པ་ལྟར་རེད། སྐད་ཆ་དེ་ད་ཆ་ཨ་རིའི་སྲིད་དོན་པའི་ལུས་ཐོག་ཏུ་སྤྱད་ན་དེ་ལས་འཚམ་པ་མེད། དུས་མཚམས་ཤིག་རིང་། ཨ་རིའི་སྲིད་ཚོང་པ་དེ་དག་གིས་་མི་བྱེད་སྟངས་དང་སྲིད་སྐྱོང་སྟངས་གང་ཐད་ནས་ཀྱང་མ་རབས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་འཛམ་གླིང་ལ་ཁོང་ཚོའི་མེད་པ་གསུམ་གྱི་གཟུགས་བརྙན་མངོན་པ་བྱེད་ཀྱི་ཡོད།

ཁོང་ཚོའི་མི་བྱེད་སྟངས་ལ་ཀུན་སྤྱོད་མི་ལྡན་ཁར་མ་མཐའི་ཚད་གཞི་མེད་པ། མི་གཞུང་དྲང་ཞིག་བྱ་རྒྱུ་ནི་སློབ་ཆུང་སློབ་མས་ཀྱང་ཤེས་པའི་རྩ་དོན་ཡིན་ནའང་རྫུན་གཏམ་དང་མགོ་སྐོར་གཏོང་རྒྱུ་དེ་ཨ་རིའི་སྲིད་ཚོང་པ་དེ་དག་གི་རྒྱུན་རྣམ་ཅན་ལ་གྱུར་ཡོད། ཨ་རིའི་རྒྱལ་ནང་གིས་རིམས་འགོག་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་གྱི་སྐྱོན་འཛུགས་ལས་གྲོལ་ཆེད་དང་། ཀྲུང་གོའི་གོང་འཕེལ་ལ་བཀག་འགོག་བྱེད་པའི་དམིགས་འབེན་འགྲུབ་ཆེད། ཁོ་པ་ཚོས་ངལ་བ་ཆེན་པོས་རྫུན་གཏམ་སྣ་ཚོགས་བཤད་དེ་མི་རྣམས་སྣང་བ་གཡེང་དུ་འཇུག་པ་དང་། ངན་སེམས་བཅངས་ནས་ཀྲུང་གོར་དམའ་འབེབས་གཏོང་བ། རྒྱལ་སྤྱིའི་གླེང་ཕྱོགས་་ལོག་ལམ་ཐོག་ཁྲིད་ཀྱི་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཕང་ཕེ་ཨའོ་ཡིས་ཉིན་ཤས་གོང་ཀྲུང་གོ་དང་འབྲེལ་བའི་གཏམ་བཤད་སྤེལ་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་སྨྱོ་ཧམ་ཆེན་པོས་དམའ་འབེབས་གཏོང་བ་དང་། ཀྲུང་གོའི་ཕྱི་ནང་སྲིད་ཇུས་ལ་སྐྱོན་མེད་སྐྱོན་འཛུགས་བྱས་ཡོད། ཁོ་པའི་གཏམ་བཤད་ནི་དོན་དངོས་སྣང་མེད་དུ་གཏོང་བ་དང་། དཀར་ནག་གོ་ལྡོག་པ། དེ་ནི་ཨ་རི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ཉེ་དུས་རུབ་འདུས་ཆེན་པོས་ཀྲུང་གོ་དང་འབྲེལ་བའི་ཆབ་སྲིད་ཀྱི་རྫུན་གཏམ་བཟོས་པ་ཞིག་དང་། ཨ་རིའི་སྲིད་ཚོང་པ་རྫུན་གཏམ་ཤོད་རྒྱུ་ལང་ལ་ཤོར་བའི་དུས་ཚབས་ཆེ་ཤོས་ཤིག་རེད། ཁ་དན་ཚིག་གནས་ནི་མི་ཞིག་རང་གནས་ཐུབ་པའི་རྩ་བ་ཡིན་ལ་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ཡང་ཡིན། འོན་ཀྱང་། ཕང་ཕེ་ཨའོ་སོགས་ཨ་རིའི་སྲིད་ཚོང་པས་ཡིན་རྟོན་རྡོག་རོལ་དུ་བཏང་བ་སྟེ། ཁོང་ཚོས་རྒྱལ་ཁབ་གཞན་དག་གི་རིམས་འགོག་ལ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་ཡོད། དེ་དག་ཚང་མ་ནི་ཁ་བཤད་སྟོང་གཏམ་དང་། ཐ་ན་གོ་མི་ཆོད་པའི་དངུལ་འཛིན་ཡིན། ཆབ་སྲིད་ཀྱི་ཁེ་ཕན་བརྩོན་ལེན་བྱ་ཆེད། ཨ་རིའི་སྲིད་ཚོང་པ་དེ་དག་གིས་མི་ཞིག་བྱེད་པའི་མ་མཐའི་ཀུན་སྤྱོད་ལ་མི་ལྟོས་པར་ཡུལ་མི་གནས་སྤོས་སྲིད་ཇུས་ཐད་བྱ་ཐབས་ནན་པོ་བཟུང་བར་བརྟེན་ནས་གཡས་ལྷུང་འདེམས་དམངས་ཀྱི་རྒྱབ་སྐྱོར་ཐོབ་རེ་བྱེད་ཀྱི་ཡོད།

ཁོང་ཚོའི་སྲིད་་སྐྱོང་ཐབས་ནི་ཁུངས་ལུང་མེད་པ་ཞིག་ཡིན། ཁོ་པ་ཚོས་བཙན་དབང་་གནས་ལུགས་ལ་བརྩི་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་སྣང་མེད་དུ་གཏོང་བ། རྒྱུ་མཚན་མེད་པར་རྒྱལ་ཁབ་གཞན་དག་ལ་དུས་བཀག་བཟོས་ཏེ་ཨ་རིར་བཅའ་སྡོད་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཧང་སངས་དགོས་བཟོས་ཡོད། ཁོ་པ་ཚོས་རང་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་སྣང་མེད་དུ་གཏོང་བ་དང་། ཚན་རིག་ལས་རིགས་ཀྱི་མི་སྣར་གནོན་ཤུགས་སྤྲོད་པ། རྫུན་གཏམ་དང་བློ་རིག་ལྡན་པའི་གཏམ་སྤྱོད་ལ་བརྟེན་ནས་མང་ཚོགས་ལོག་ལམ་དུ་ཁྲིད་པ་དེས་ཨ་རི་དེ་ཉིད་གོ་ལ་ཧྲིལ་པོའི་སྟེང་ནད་ཕོག་མཁན་མང་ཤོས་དང་ནད་པ་འཆི་ཚད་མང་ཤོས་ལ་སླེབས་ཡོད། ཁོ་པ་ཚོས་རིམས་འགོག་ཡག་པོ་མ་བྱུང་བའི་འགན་འཁྲི་གཞན་ལ་དཀྲིས་ཏེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་དོན་པ་དང་། ཁྲེལ་མེད་འུད་ཤོབ་ཆེན་པོས་ཨ་རི་ནི་གོ་ལ་ཧྲིལ་པོའི་རིམས་འགོག་ལ་སྣེ་ཁྲིད་མཁན་ཡིན་ཞེས་བརྗོད་ཀྱི་ཡོད།

ཁོ་པ་ཚོས་འཛམ་གླིང་ཟང་ཟིང་བཟོ་བར་ཚད་གཞི་མེད། ཡོ་རོབ་རྒྱལ་ཁབ་ཀྱི་རིམས་འགོག་དངོས་ཟོག་བར་གཅོད་བྱས་པ་དང་། རྒྱལ་ཁབ་གཞན་དག་གི་ཏོག་གསར་རིམས་འགོག་སྨན་གྱི་ཞིབ་བཟོའི་འབྲས་བུ་ཧམ་འཕྲོག་བྱེད་པ། ཧམ་སེམས་ཆེ་བའི་བྱེད་སྟངས་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཧང་སངས་དགོས་བཟོས་ཡོད། དེར་འཇར་མན་གླེང་ཕྱོགས་ནས་མཚོ་ཇག་གི་བྱ་སྤྱོད་ཅེས་བརྗོད་ཀྱི་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལས་རིགས་ལ་མཚལ་ཡིག་འབོར་ཆེན་གནས་པའི་གནས་ཚུལ་འོག་དར་རྒྱས་ཆེ་ཤོས་རྒྱལ་ཁབ་ཡིན་པའི་ཨ་རིས་འཁུར་དགོས་ངེས་ཀྱི་འགན་འཁྲི་དོར་བ་དང་། ཚོགས་པ་ནས་དོན་པ་དང་ཆིངས་ཡིག་ལས་བརྒལ་བ་དེས་གོ་ལ་ཧྲིལ་པོའི་བདེ་སྐྱིད་དང་འབྲེལ་བའི་གྲོས་གཞི་མང་པོར་ཁ་གཏད་བཅག་མི་ཐུབ་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་སེམས་ཁྲལ་བྱེད་དགོས་བྱུང་ཡོད། ཕང་ཕའེ་ཨའོ་སོགས་སྲིད་ཚོང་པས་ད་དུང་སེམས་ནུས་ཡོད་རྒུས་ཀྲུང་གོར་ངོ་རྒོལ་བྱེད་པའི་མནའ་འབྲེལ་འཛུགས་རྒྱུར་ངན་སྐུལ་བྱས་ཡོད། ཁོ་པ་ཚོའི་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཏོར་བཤིག་བཏང་བ་དང་། རྒྱལ་སྤྱིའི་དུས་བབ་ཛ་དྲག་ཏུ་བཏང་བས་རྒྱལ་ཁབ་མང་པོས་ཨ་རིའི་བྱེད་སྟངས་ལ་ངོ་རྒོལ་བྱེད་ཀྱི་ཡོད།

མ་མཐའི་ཚད་གཞི་མེད་པ་དང་། ངོ་ཚ་ཞེ་ཁྲེལ་མེད་པ། ཚད་གཞི་མེད་པ་བཅས་མེད་པ་གསུམ་གྱི་ཨ་རིའི་སྲིད་ཚོང་པས་རང་ངོས་ཀྱི་གཟེར་དེ་ལོ་རྒྱུས་དང་མི་སེམས་ཀྱི་ངོ་ཚའི་ཀ་བའི་སྟེང་བཙུགས་ཡོད། འོན་ཀྱང་མི་སེམས་ལ་བརྙས་བཅོས་བྱེད་མི་རུང་། མི་ཡུལ་གྱི་དྲང་ལམ་ལས་འགལ་མི་རུང་། ཨ་རིའི་དྲ་གྲོགས་མང་པོ་ཞིག་གིས་ཨ་རིའི་སྲིད་ཚོང་པ་དེ་དག་གི་བྱེད་སྟངས་ནི་ངོ་ཚ་དགོས་པ་ཞིག་རེད། ཁོ་པ་ཚོས་ཨ་རིའི་ཕྱི་འབྲེལ་ཡིད་རྟོན་མེད་པ་བཟོས་པ་དེས་གཙོ་རྒྱུག་གླེང་ཕྱོགས་མང་པོ་ཞིག་སེམས་ཁྲལ་བྱེད་དགོས་པ་བཟོས་ཡོད། ཝ་ཧྲེང་ཏུན་སྦྲག་སྲིད་ཚགས་པར་ཞེས་པའི་ཐོག་ཨ་རིའི་སྲིད་ཚོང་པ་ཁག་གཅིག་གིས་ཕྱི་འབྲེལ་སྲིད་ཇུས་ཐད་ཡིད་རྟོན་གང་ཡང་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད། རྒྱལ་སྤྱིའི་གླེང་ཕྱོགས་ནས་ཀྱང་ཡོངས་ཁྱབ་ཐོག་ཨ་རིའི་སྲིད་ཚོང་པས་རིམས་ནད་ཆབ་སྲིད་ཅན་ལ་བསྒྱུར་བའི་བྱ་ཐབས་ནི་རང་ཉིད་ཀྱི་ཆབ་སྲིད་ལ་བསམ་བློ་བཏང་བ་ཞིག་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་སྣ་དེ་བས་མང་བས་ཨ་རིའི་སྲིད་ཚོང་པས་་ཀྲུང་གོར་སྐྱོན་བརྗོད་དང་དཀྲོག་གཏམ་ཡང་སེ་བཟོ་བ་ནི་རང་ཉིད་ཀྱི་རིམས་འགོག་ཐད་ནུས་པ་མེད་པ་བཀབ་ཆེད་ཡིན་པས། ཨ་རི་བའི་རང་ཉིད་ཀྱི་ཁོང་ཁྲོ་ཀྲུང་གོར་བྱེད་པ་ལྟ་བུ་ཡིན་པ་ངོས་འཛིན་ཐུབ་ཡོད།

མེད་པ་གསུམ་གྱི་ཨ་རིའི་སྲིད་ཚོང་པས་ཨ་རི་ངོ་ཚའི་ཀློང་དུ་བསྐྱལ་ཡོད། ཁོ་པ་ཚོས་རྒྱུན་དུ་བརྗོད་པའི་ཨ་རི་སླར་ཡང་རླབས་ཆེན་ལ་འགྱུར་བ་བྱེད་དགོས་ཞེས་པའི་འབོད་ཚིག་དང་རྒྱབ་འགལ་དུ་སོང་ཞིང་། འཛམ་གླིང་ཐོག་དར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་མཚན་སྙན་དག་་སྲིད་ཚོང་པ་དེ་དག་གི་དུས་སུ་མེད་པར་འགྱུར་བ་དང་། མི་རྣམས་བློ་ཕམ་དུ་བཅུག་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།
ཞུ་དག ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ཨ་རིའི་མེད་པ་གསུམ་གྱི་སྲིད་ཚོང་པའི་གདོང་རིས་ངོ་མ་དམར་རྗེན་དུ་བཏོན་པ།

མི་ཞིག་གི་བྱ་སྤྱོད་སྡུག་པོ་ཡིན་པ་མཚོན་བྱེད་་རྒྱུན་དུ་བརྗོད་པའི་སྐད་ཆ་དུམ་བུ་འདི་འདྲ་ཞིག་ཡོད་པ་སྟེ། ཁྱེད་ཀྱིས་བསམ་བློ་མི་འཁོར་བ་མ་གཏོགས་བསྒྲུབ་མི་ནུས་པ་ཅི་ཡང་མེད་ཅེས་པ་ལྟར་རེད། སྐད་ཆ་དེ་ད་ཆ་ཨ་རིའི་སྲིད་དོན་པའི་ལུས་ཐོག་ཏུ་སྤྱད་ན་དེ་ལས་འཚམ་པ་མེད། དུས་མཚམས་ཤིག་རིང་། ཨ་རིའི་སྲིད་ཚོང་པ་དེ་དག་གིས་་མི་བྱེད་སྟངས་དང་སྲིད་སྐྱོང་སྟངས་གང་ཐད་ནས་ཀྱང་མ་རབས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་འཛམ་གླིང་ལ་ཁོང་ཚོའི་མེད་པ་གསུམ་གྱི་