ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་དམག་གྲུ་རུ་ཁག་ཁག་གིས་དམག་གཟིགས་མཛད་སྒོ་གཉེར་ནས་མཚོ་དམག་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

2020-07-27 17:11:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༦ཉིན། ཨུ་རུ་སུའི་དམག་གྲུ་རུ་ཁག་ཁག་གིས་དམག་གཟིགས་མཛད་སྒོ་གཉེར་ནས་མཚོ་དམག་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། ཨུ་རུ་སུའི་མཚོ་དམག་དབུ་བརྙེས་ནས་ལོ་ངོ་༣༢༤འཁོར་བར་དྲན་གསོ་ཞུས་ཡོད་པ་རེད། ཉིན་དེར། ཨུ་རུ་སུའི་པེ་ཧའེ་རྒྱ་མཚོ་དང་། པོ་ལོ་ཏི་རྒྱ་མཚོ། མཚོ་ནག ལི་ཧའེ། ཞི་བདེ་རྒྱ་མཚོའི་དམག་གྲུ་རུ་ཁག་གིས་ཁག་སོ་སོར་རང་སོའི་རྟེན་གཞི་ཡོད་པའི་མཚོ་ཁོངས་སུ་དམག་གཟིགས་མཛད་སྒོ་གཉེར་ཡོད་པ་དང་། ཁྱོན་དམག་མི་ཆིག་ཁྲི་ལྔ་སྟོང་དང་། རིགས་ཁག་གི་དམག་གྲུ་༢༡༩ དམག་སྤྱོད་གནམ་གྲུ་༧༡བཅས་དམག་གཟིགས་མཛད་སྒོར་ཞུགས་ཡོད། ཨུ་རུ་སུའི་ཙུང་ཐུང་དང་། དྲག་ཆས་སྟོབས་ཤུགས་ཀྱི་དམག་སྤྱི་མཐོ་ཤོས་ཕུ་ཅིང་པོ་ལོ་ཏི་རྒྱ་མཚོའི་དམག་གྲུ་རུ་ཁག་གི་དམག་གཟིགས་མཛད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཨུ་རུ་སུའི་དམག་གྲུ་རུ་ཁག་ཁག་གིས་དམག་གཟིགས་མཛད་སྒོ་གཉེར་ནས་མཚོ་དམག་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

སྤྱི་ཚེས་༢༦ཉིན། ཨུ་རུ་སུའི་དམག་གྲུ་རུ་ཁག་ཁག་གིས་དམག་གཟིགས་མཛད་སྒོ་གཉེར་ནས་མཚོ་དམག་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། ཨུ་རུ་སུའི་མཚོ་དམག་དབུ་བརྙེས་ནས་ལོ་ངོ་༣༢༤འཁོར་བར་དྲན་གསོ་ཞུས་ཡོད་པ་རེད། ཉིན་དེར། ཨུ་རུ་སུའི་པེ་ཧའེ་རྒྱ་མཚོ་དང་། པོ་ལོ་ཏི་རྒྱ་མཚོ། མཚོ་ནག ལི་ཧའེ། ཞི་བདེ་རྒྱ་མཚོའི་དམག་གྲུ་རུ་ཁག་གིས་ཁག་སོ་སོར་རང་སོའི་རྟེན་གཞི་ཡོད་པའི་མཚོ་ཁོངས་སུ་དམག་གཟིགས་མཛད་སྒོ་གཉེར་ཡོད་པ་དང་།