ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་ཕྱི་འབྲེལ་པུས། དབུས་ཤར་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གང་མགྱོགས་འཚོགས་རྒྱུ་ཡིན་ཞེས་བཤད་པ།

2020-02-14 10:30:00     责编:sangjzm

ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུ་ཕྱོགས་ཀྱིས་དབུས་ཤར་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གང་མགྱོགས་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་དང་། ཁོང་གིས། ཨ་རི་ཕྱོགས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་༼དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ་༽དེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིར་འགྱུར་མི་རུང་། གང་ལགས་ཤེ་ན། དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་ཁས་ལེན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་སྣང་མེད་དུ་བཏང་བ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་༼ཨ་རབ་ཀྱི་ཞི་བདེའི་གྲོས་འགོ་༽སྣང་མེད་དུ་བཏང་བས་རེད་ཅེས་བཤད་ཡོད་པ་རེད། ཉིན་ཤས་བསྟུད་མར་ཕ་ལེ་སི་ཐན་གྱི་གྲོང་ཁྱེར་མང་པོ་ཞིག་ཏུ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཨུ་རུ་སུའི་ཕྱི་འབྲེལ་པུས། དབུས་ཤར་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གང་མགྱོགས་འཚོགས་རྒྱུ་ཡིན་ཞེས་བཤད་པ།

ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུ་ཕྱོགས་ཀྱིས་དབུས་ཤར་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གང་མགྱོགས་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་དང་། ཁོང་གིས། ཨ་རི་ཕྱོགས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་༼དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ་༽དེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིར་འགྱུར་མི་རུང་། གང་ལགས་ཤེ་ན། དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་