ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འབོ་གསེར་རྒྱལ་ཁབ་ཀྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་བྱས་པར་ཀྲུའུ་ཞིའི་གསལ་བསྒྲགས་ཞིག་སྤེལ་བ།

2020-02-13 11:45:00     责编:sangjzm

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུས་སྤྱི་ཟླ་༢ཚེས་༡༡ཉིན་ཀྲུའུ་ཞིའི་གསལ་བསྒྲགས་ཞིག་སྤེལ་བ་དང་། འབོ་གསེར་རྒྱལ་ཁབ་ཀྱི་ཚབ་ཞུས་ནས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་འབུངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

གསལ་བསྒྲགས་ནང་། འབོ་གསེར་རྒྱལ་ཁབ་ཀྱིས་ཀྲུང་གོའི་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་མཉམ་ལས་ཟམ་ཟབ་བྱེད་འདོད་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་འོག་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རོགས་ལས་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་ཧྲིལ་པོ་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་འབོད་བྱེད་ཀྱི་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འགན་འཁུར་བ་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་བཅངས་ནས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། རིམས་ནད་ལ་ཁ་གཏད་གཅོག་སྐབས་མཐོང་ཆུང་དང་།ལན་ཆ་བྱེད་རྒྱུ་ཐལ་དྲག་རྒྱུ་མེད། སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་འགོས་ནད་ཐད་ཚན་རིག་ཞིབ་འཇུག་གི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

འབོ་གསེར་རྒྱལ་ཁབ་ཀྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་བྱས་པར་ཀྲུའུ་ཞིའི་གསལ་བསྒྲགས་ཞིག་སྤེལ་བ།

འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུས་སྤྱི་ཟླ་༢ཚེས་༡༡ཉིན་ཀྲུའུ་ཞིའི་གསལ་བསྒྲགས་ཞིག་སྤེལ་བ་དང་། འབོ་གསེར་རྒྱལ་ཁབ་ཀྱི་ཚབ་ཞུས་ནས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་འབུངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།