ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབུས་ཤར་གནས་བབ་དང་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ།

2020-02-13 11:44:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབུས་ཤར་དུས་བབ་དང་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་རེད། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སེས་གཏམ་བཤད་གནང་སྐབས་ཨ་རིས་དབུས་ཤར་གསར་པའི་ཞི་བདེའི་འཆར་གཞི་ཞེས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་དང་ཁོང་གིས་ད་དུང་པར་ཞིག་བསྟན་ནས་ཕ་ལེ་སི་ཐན་གྱི་མངའ་ཁོངས་ས་ཆ་བཙན་བཟུང་ཧམ་འཕྲོག་བྱེད་པའི་བརྒྱུད་རིམ་མངོན་པ་གནང་ཡོད། ཁོང་གིས། རྒྱལ་ཁབ་སུ་ཞིག་གིས་ཀྱང་ཁ་ཐོར་དགུ་ཐོར་གྱི་རྒྱལ་ཁོངས་ས་ཆ་ཞིག་དང་ལེན་བྱེད་དམ་ཞེས་དོགས་འདྲི་གང་ཡོད། ཉིན་དེར་ཅོར་ཏན་ཆུ་བོའི་ནུབ་ངོགས་སུ་ཕ་ལེ་སི་ཐན་བ་མང་པོ་ཞིག་གིས་ངོ་རྒོལ་རྔམ་སྟོན་བྱས་པ་དང་། ཨ་རིའི་ཇུས་གཞི་དེར་ངོ་རྒོལ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབུས་ཤར་གནས་བབ་དང་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ།

སྤྱི་ཚེས་༡༡ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབུས་ཤར་དུས་བབ་དང་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་རེད། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སེས་གཏམ་བཤད་གནང་སྐབས་ཨ་རིས་དབུས་ཤར་གསར་པའི་ཞི་བདེའི་འཆར་གཞི་ཞེས་