ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་རྒྱུར་ཕྱི་རྒྱལ་གྱི་སྲིད་ཏང་འགོ་ཁྲིད་དང་གྲགས་ཅན་མི་སྣས་ཡིད་ཆེས་བྱེད་པ།

2020-02-12 15:24:00     责编:sangjzm

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། སླར་ཡང་རྒྱལ་ཁབ་ཁག་གཅིག་གི་སྲིད་ཏང་འགོ་ཁྲིད་དང་གྲགས་ཅན་མི་སྣས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་དང་འཕྲིན་ཡིག་བཏང་གནང་ནས། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འཕེལ་རིམ་ཐོན་པར་གདེང་འཇོག་ཡག་པོ་གནང་བ་དང་། མཐའ་མཇུག་ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་རེད།

ཧང་ཀ་རིའི་བཟོ་པའི་ཏང་གི་ཀྲུའུ་ཞི་ཏི་འར་མའེ་འར་གྱིས། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་འབུངས་ཆེན་པོ་བྱས་ཡོད་པ་དང་། འཛམ་གླིང་ཐོག་དུས་ཐུང་ནང་ཕན་འབྲས་མཐོ་བའི་སྒོ་ནས་མི་ཤུགས་དང་སྨན་རྫས་ཐོན་ཁུངས་འབོར་ཆེན་སྐོང་འཐེན་ཐུབ་མཁན་རྒྱལ་ཁབ་གང་ཡང་མེད། དེའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད་ཅེས་བསྟན་གནང་ཡོད།

མོ་འར་ཏོ་ཝ་སྤྱི་ཚོགས་རིང་ལུགས་པའི་ཏང་གི་ཀྲུའུ་ཞི། གྲོས་དཔོན་ཀེ་ལེ་ཆ་ནས། ཀྲུང་གོས་དུས་ཐོག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་འཕེལ་རིམ་བརྡ་ཁྱབ་བཏང་བར་བསྔགས་བརྗོད་ཞུས་ཡོད་པ་དང་། གོ་ལ་ཧྲིལ་པོ་ཅན་ཉིན་རེ་བཞིན་གོང་འཕེལ་འགྲོ་བའི་དེ་རིང་། རིམས་ནད་ལ་ཁ་གཏད་གཅོག་རྒྱུ་ནི་རྒྱལ་ཁབ་གཅིག་ཁོ་ནའི་དོན་དག་མ་ཡིན་པས། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་འབད་འབུངས་བྱེད་དགོས། མོ་འར་ཏོ་ཝ་ཕྱོགས་ནས་བསམ་གཞིགས་དང་དེ་བཞིན་ཀྲུང་གོའི་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་བཟུང་བའི་བྱ་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞིང་། ཀྲུང་གོས་གང་མགྱོགས་རིམས་ནད་འགོག་རྒོལ་ཐུབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

ཨེ་ཤ་ཡའི་སྲིད་ཏང་གི་རྒྱལ་སྤྱིའི་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཧྥི་ལི་ཕིན་གྱི་དེ་སྔའི་གྲོས་ཚོགས་སྨད་པའི་གྲོས་དཔོན་ཏེ་པེ་ནེ་ཞི་ཡས། ངོས་ནས་ཨེ་ཤ་ཡའི་རྒྱལ་ཁབ་༥༢དང་། སྲིད་འཛིན་ཏང་དང་ངོ་རྒོལ་ཏང་རང་ཚུགས་སྲིད་ཏང་བཅས་༣༥༠ལས་གྲུབ་པའི་ཨེ་ཤ་ཡའི་སྲིད་ཏང་གི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚབ་ཞུས་ནས་ཀྲུང་གོར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ད་ཐེངས་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།

སི་རི་ལན་ཁེའི་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་འར་ཝ་ཡིས། ཀྲུང་གོས་ནད་དུག་ཞིབ་འཇུག་དང་། འགོས་ཁྱབ་བཀག་འགོག དོ་དམ་ཚོད་འཛིན་ནུས་ལྡན་། དུས་ཐོག་ཏུ་ལན་ཆ་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་མི་རྣམས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། བསམ་ངན་ཁོག་བཅངས་བྱེད་མཁན་ཁ་ཤས་ཀྱིས་ཀྲུང་གོའི་འབད་བརྩོན་སྣང་མེད་དུ་འཇོག་པ་དང་། ཀྲུང་གོའི་བྱ་སྤྱོད་དེ་གནག་སེམས་ཆེན་པོས་སྐྱུག་བྲོ་པོ་བཟོ་བར་ང་ཚོ་སེམས་སྐྱོ་བ་དང་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་སྲིད་གཞུང་ལ་གང་མགྱོགས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ནུས་པ་ལྡན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།

ཅིར་ཅི་སི་སི་ཐན་གུང་ཁྲན་ཏང་མིའི་ཏང་གི་ཀྲུའུ་ཞི་མ་ས་ལི་ཡེ་ཧྥུས། ཀྲུང་གོས་ལོ་རྒྱུས་ཐོག་དཀའ་ངལ་མང་པོ་བརྒྱུད་མྱོང་མོད། ཡིན་ནའང་ཀྲུང་གོའི་མི་དམངས་ཀྱིས་རྟག་ཏུ་དཀའ་ངལ་དང་ཉེན་ཁ་དེ་དག་ལས་རྣམ་པར་རྒྱལ་ཐུབ་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་ད་ཐེངས་ཀྱི་རིམས་ནད་དེ་བཀག་འགོག་ཐུབ་ངེས་ཡིན་པ་མ་ཟད། རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད།

ཨ་རིའི་ཨ་རི་དང་ཀྲུང་གོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འགོ་འཛིན་ཧྥན་པོ་ཡིས། དེ་སྔ་བྱུང་མྱོང་མེད་པའི་རིམས་ནད་ཀྱི་མདུན་དུ། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ནུས་ཤུགས་གང་ཡོད་སྤྱད་ནས་ནད་པ་སྐྱོབ་པ་དང་། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཏོག་དབྱིབས་ནད་དུག་གསར་པ་ནི་མིའི་རིགས་ཀྱི་ཐུན་མོང་དགྲ་བོ་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་མིའི་རིགས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་རྒྱུར་ཕྱི་རྒྱལ་གྱི་སྲིད་ཏང་འགོ་ཁྲིད་དང་གྲགས་ཅན་མི་སྣས་ཡིད་ཆེས་བྱེད་པ།

ཉེ་དུས། སླར་ཡང་རྒྱལ་ཁབ་ཁག་གཅིག་གི་སྲིད་ཏང་འགོ་ཁྲིད་དང་གྲགས་ཅན་མི་སྣས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་དང་འཕྲིན་ཡིག་བཏང་གནང་ནས། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འཕེལ་རིམ་ཐོན་པར་གདེང་འཇོག་ཡག་པོ་གནང་བ་དང་། མཐའ་མཇུག་ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་རྒྱུར་ཡིད་