ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣས་མུ་མཐུད་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པར་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ།

2020-02-11 17:32:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། སླར་ཡང་རྒྱལ་ཁབ་ཁག་ཅིག་གི་སྲིད་དོན་མི་སྣ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣས་མུ་མཐུད་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོས་རིམས་ནད་འགོག་རྒོལ་བྱས་པར་འཚམས་འདྲི་དང་རྒྱབ་སྐྱོར་གནང་ཡོད། དེའི་ནང་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་། དབྱིན་ཇེའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཤུན། ཕོ་ཐེའུ་ཀལ་གྱི་ཙུང་ཐུང་ཏེ་སོ་ས། ཀེ་རི་སིའི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་ལོ་སི། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན། ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པན། ཨེ་ཙེ་ཨོ་པི་ཡའི་ཙུང་ཐུང་ས་ལ་ཧེ་ ཝོ་ཁེ། ཨེར་ལན་གྱི་ཙུང་ལི་ཝ་ལ་ཏེ་ཁ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སི། སྐབས་༧༤པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པན་ཏི། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཐན་ཏེ་སའེ་སོགས་ཚུད་ཡོད། དེ་མིན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེ་ཐུ་ལ་ཀ་དང་། པུ་རུ་ནེ་རྒྱལ་ཁབ་ཀྱི་གཙོ་བདག་ཧ་སང་ན། ཁེན་ཉི་ཡའི་ཙུང་ཐུང་ཁན་ཡ་ཐ། ཙམ་པི་ཝེའི་ཙུང་ཐུང་ལུན་ཀུ། ཨུ་ཁེ་ལན་ཙེ་ལེནན་སི་ཅི། མོ་འར་ཏོ་ཝ་ཡི་ཙུང་ཐུང་ཏོ་ཏུང་། འཁྱགས་གླིང་གི་ཙུང་ལི་ཡ་ཀེ་པུ་སི་ཏོ་ཏི་འར། རོ་མ་ཉི་ཡའི་ཙུང་ཐུང་ཡུའེ་ཧན་ཉི་སི། མི་ཁེ་ལོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནུ་ཨའེ་ལོ། ས་མོ་ཡའི་རྒྱལ་ཁབ་ཀྱི་གཙོ་བདག་ཐུ་དབྱི་མ་ལའེ་ཨ་ལིས་ཧྥ་ནོ། མ་ལིའི་ཙུང་ལི་ཞི་སའེ། ཕེ་ཅེའི་ཙུང་ལི་མུའུ་པའེ་ཉི་མ་ལ་མ། ཀེ་ལིན་ན་ཏ་ཡི་ཙུང་ལི་མི་ཆེ་འར། ཀང་ཀོ་ཅིན་དང་། ཅི་པུ་ཐི། ཨན་ཀེ་ལ། ནོར་ཝེ་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་འགོ་འཛིན། རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་སྒྲིག་འཛུགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་དང་གོང་འཕེལ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་སོགས་རྒྱལ་སྤྱི་དང་ས་ཁུལ་སྒྲིག་འཛུགས་ཀྱི་འགན་འཁུར་བས་རྒྱབ་སྐྱོར་དང་འཚམས་འདྲི་གནང་ཡོད་པ་རེད།

ཉིན་ཤས་གོང་། སི་རི་ལན་ཁེའི་ཙུང་ལི་མ་ཤིན་ཏ་ ལ་ཅ་ཕ་ཁེ་ས་ཡིས་ནང་བློན་ཁང་གི་པུའུ་ཀྲང་དང་། གྲོས་མི། ལས་རིགས་ཁག་གི་མང་ཚོགས་སྟོང་ལ་ཉེ་བ་སྣེ་ཁྲིད་གནང་ནས་ཁོ་ལོན་ཕོ་ཡི་ཝུའུ་ཝེ་དགོན་པར་འདུ་འཛོམས་བྱེད་དུ་བཅུག་ནས། མཉམ་དུ་ཀྲུང་གོའི་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་དཔེ་ཆ་ཀློག་པ་དང་།གསོལ་བ་སྨོན་ལམ་བརྒྱབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣས་མུ་མཐུད་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པར་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ།

ཉེ་དུས། སླར་ཡང་རྒྱལ་ཁབ་ཁག་ཅིག་གི་སྲིད་དོན་མི་སྣ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣས་མུ་མཐུད་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོས་རིམས་ནད་འགོག་རྒོལ་བྱས་པར་འཚམས་འདྲི་དང་རྒྱབ་སྐྱོར་གནང་ཡོད། དེའི་ནང་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་། དབྱིན་ཇེའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཤུན། ཕོ་ཐེའུ་ཀལ་གྱི་ཙུང་ཐུང་ཏེ་སོ་ས། ཀེ་རི་སིའི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་ལོ་སི། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན།