ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྱིས་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་ཧུར་ཐག་བྱས་པ།

2020-02-11 14:52:00     责编:sangjzm

ཏོག་གསར་ནད་དུག་གི་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ནས་གཅིག་མཇུག་གཉིས་མཐུད་ངང་དངུལ་དང་དངོས་པོའི་ཞལ་འདེབས་ཕུལ་ནས་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་མང་པོས། རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ནི་དུས་ཐུང་དང་ཚོད་འཛིན་ཐུབ་པ་ཞིག་ཡིན་པ་དང་། རིམས་ནད་མེད་པར་གྱུར་རྗེས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་ངེས་ཡིན་པས་མདུན་ལྗོངས་ནི་འོད་སྣང་ལྡན་པ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད།

སྤྱི་ཟླ་2པའི་ཚེས་3ཉིན་བར་སླེབས་དུས། ཁུ་ཁུ་ཁོ་ལེ་ཀྲུང་གོའི་ཁོངས་གཏོགས་ནས་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་ས་ཡ་བཞི་དང་ལྔ་འབུམ་ཞལ་འདེབས་སུ་ཕུལ་བ་ཁྱབ་བསྒྲགས་བྱས་པ་དང་། ཁུ་ཁུ་ཁོ་ལེ་ཐེབས་རྩ་ཚོགས་པས་ཨ་སྒོར་ལྔ་འབུམ་ཞལ་འདེབས་སུ་ཕུལ་ཏེ་དེ་དག་ཚང་མ་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱ་རྒྱུར་གཏོང་རྒྱུ་ཡིན་པ་རེད།

སྤྱི་ཟླ་2པའི་ཚེས་2ཉིན། ཨ་སི་ལི་ཁང་གིས་ཝུའུ་ཧན་ལ་སླར་ཡང་རིན་ཐང་མི་དམངས་ཤོག་སྒོར་ས་ཡ་ལྔ་དང་ལྔ་འབུམ་ཟིན་པའི་སྨན་རྫས་ཞལ་འདེབས་འབུལ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། རིམས་ནད་ཐོན་རྗེས་ཨ་སི་ལི་ཁང་གིས་འཕྲལ་མར་མི་དམངས་ཤོག་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་བ་མ་ཟད། ཝུའུ་ཧན་གྱི་སྨན་ཁང་བཅོ་ལྔར་སྨན་སྤྱོད་ཁ་རས་ཆིག་འབུམ་ལྔ་ཁྲི་ཞལ་འདེབས་འབུལ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

ཉིན་ཤས་གོང་། ཏ་ཀྲུང་རླངས་འཁོར་ཚོགས་པའི་མ་རྩ་མཉམ་འཇོག་ཁེ་ལས་ཀྱིས་མཉམ་དུ་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཞལ་འདེབས་སུ་ཕུལ་ནས་རིམས་ནད་འགོག་བཅོས་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཚོགས་པ་དེས་ཀྲུང་གོའི་མི་དམངས་དང་མཐའ་གཅིག་ཏུ་མཉམ་དུ་ལངས་ཏེ་དུས་ངལ་མཉམ་སེལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཏ་ཀྲུང་ཚོགས་པས། ད་ཐེངས་ཀྱི་རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་སྤྱིའི་རྣམ་པར་འགྱུར་བ་འགྲོ་མི་སྲིད། ཀྲུང་གོ་སྲིད་གཞུང་གིས་ཤུགས་དྲག་ལྡན་པའི་བྱ་ཐབས་བཟུང་ནས་རིམས་ནད་ལ་འགོག་རྒོལ་བྱས་པ་དང་། ཀྲུང་གོའི་མི་དམངས་ཀྱི་ཀུན་སེམས་གཅིག་སྒྲིལ་གྱི་ཐུན་མོང་འབད་བརྩོན་འོག་རིམས་ནད་ལས་མཐར་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད།

ཤི་མན་ཙེ་ཀྲུང་ཧྭ་ཆེན་པོའི་ཁུལ་གྱི་སྤྱི་འདོམས་དང་དབུ་བཞུགས་ལག་བསྟར་དཔོན་ཧོ་འར་མན་གྱིས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ནས་ཆོད་སེམས་བརྟན་པོས་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད་པ་དང་། ད་ལྟའི་འཛམ་གླིང་ནི་གཅིག་ཏུ་དམ་ཟབ་འབྲེལ་ཡོད་པས། ད་ཐེངས་ཀྱི་དམག་འཐབ་འདི་ཀྲུང་གོ་དང་འབྲེལ་བ་ཙམ་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་དང་འབྲེལ་བ་ཡོད། ཤི་མན་ཙེ་ཡིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྱི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། མུ་མཐུད་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་འདི་ཉིད་སྔ་ཙམ་རིམས་ནད་ལས་རྒྱལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུའི་གྲ་སྒྲིག་ཟིན་ཡོད་ཅེས་བསྟན་ཡོད་པ་རེད།

ཨ་སི་ལི་ཁང་གི་གོ་ལ་ཧྲིལ་པོའི་ལག་བསྟར་སྤྱི་འདོམས་པ་གཞོན་པ། རྒྱལ་སྤྱིའི་ལས་སྒོ་དང་དེ་བཞིན་ཀྲུང་གོའི་སྤྱི་འདོམས་ཝང་ལའེ་ཡིས། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་མདུན་མར་སྨན་དོན་མི་སྣའི་འགྱུར་མེད་ཀྱི་བློ་སྟོབས་མངོན་ཡོད། ཀྲུང་གོ་སྲིད་གཞུང་གི་རྒྱབ་རྟེན་ཤུགས་ཆེན་དང་། ཕྱོགས་ཁག་གི་རོགས་སྐྱོར་ཧུར་ཐག་འོག་ད་ཐེངས་ཀྱི་རིམས་ནད་དམག་འཐབ་ལ་རྒྱལ་ཁ་ཐུབ་ངེས་རེད་ཅེས་བསྟན་ཡོད།

ཁུ་ཁུ་ཁོ་ལེ་ཀུང་སིས། ཀྲུང་གོ་སྲིད་གཞུང་གི་སྟོབས་ཆེའི་འགོ་ཁྲིད་འོག་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཀྲུང་གོས་རྒྱུན་ལྡན་གྱི་དཔལ་འབྱོར་འཁོར་རྒྱུག་གང་མགྱོགས་སླར་གསོ་ཐུབ་ངེས་རེད་ཅེས་བསྟན་ཡོད།

ཆང་ཧྲེང་ཀྲུང་གོ་ཁུལ་གྱི་ཀྲུའུ་ཞི་སུང་ཝེ་ཆུན་གྱིས། ང་ཚོས་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་གོར་ཡོད་པའི་སྨན་བཅོས་བདེ་ཐང་ཐོན་རྫས་ཐོན་སྐྱེད་ལས་གཉེར་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་དྲ་བ་བརྒྱུད་སྤྱི་པའི་འཕྲོད་བསྟེན་ཐོན་རྫས་གལ་ཆེན་རྒྱུན་མཐུད་མཁོ་སྤྲོད་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ཆང་ཧྲེང་གིས་ཏོག་དབྱིབས་ནད་དུག་གསར་པར་དམིགས་ནས་རིམས་འགོག་སྨན་གསར་སྤེལ་བྱེད་བཞིན་ཡོད་པ་དང་། ཕྱོགས་མང་པོ་དང་མཉམ་ལས་དང་འཐེན་བཤེར་བྱས་པ་བརྒྱུད་ནད་དུག་འགོག་པའི་སྨན་བཅོས་བྱ་ཐབས་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཏ་ནེང་གོ་ལ་ཧྲིལ་པོའི་མཐོ་རིམ་སྤྱི་འདོམས་གཞོན་པ་ལི་ཅན་གྱིས། འགྲན་རྩོད་ཀྱི་མདུན་དུ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཆོད་སེམས་དང་བློ་སྟོབས་ཚོར་ཐུབ་བྱུང་། ང་ཚོས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་རིམས་ནད་འགོག་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཅ་ནེང་གི་སྤྱི་འདོམས་པ་གཞོན་པ་དང་ལས་འཛིན་ལྷན་ཚོགས་ཀྱི་ལག་བསྟར་དཔོན་ཞའོ་ཙེ་ཤིའུ་ཧྲུའུ་ཡིས། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ཆ་འཕྲིན་དུས་ཐོག་དང་། ཡོངས་བསྒྲགས། ཁ་གསལ་བཅས་ཀྱི་སྒོ་ནས་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོའི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་ཐག་གཅོད་བྱ་ཐབས་དེ་བཞིན་ཀྲུང་གོས་ནད་དུག་ཆ་འཕྲིན་དང་ནད་དུག་གི་གཞི་རྒྱུ་ཡོངས་གོ་རིམ་སྒྲིག་པའི་བྱ་ཐབས་མཉམ་སྤྱོད་བྱས་པ་ནི་གདེང་འཇོག་བྱེད་དགོས་པ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད།

དབྱི་ཅ་ཀྲུང་གོ་ཁུལ་གྱི་སྤྱི་འདོམས་དང་རྒྱུན་མཐུད་གོང་འཕེལ་གྱི་དབུ་བཞུགས་དཔོན་གཅིག་ལྕོགས་ཁུ་ལི་ཅ་ཡིས། ཀྲུང་གོའི་དཔལ་འབྱོར་ལ་སྔ་བར་ཕྱི་གསུམ་དུ་མཉེན་ཆ་གང་ལེགས་མངོན་པས་རིམས་ནད་མཇུག་འགྲིལ་རྗེས་སྔར་ཡོད་ཀྱི་གོང་འཕེལ་འཁོར་ལམ་ཐོག་བསྐྱར་ལོག་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་པ་རེད།

ཝེ་རོན་མཉེན་ཆས་ཀུང་སིའི་གོ་ལ་ཧྲིལ་པོའི་སྤྱི་འདོམས་པ་གཞོན་པ། ཀྲུང་ཧྭ་ཆེན་པོ་ཁུལ་གྱི་ལས་འཛིན་དཔོན་དང་ལག་བསྟར་དཔོན་གཅིག་ལྕོགས་ཁོ་རུའེ་ཅེས། ཝེ་རོན་ཀུང་སིས་ཀྲུང་གོའི་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་མི་མངོན་པའི་སྟོབས་ཤུགས་ལ་བདེན་དཔང་བྱས་ཡོད། རིམས་ནད་མཐར་མེད་པར་འགྱུར་ངེས་ཡིན། ཀྲུང་གོས་འཛམ་གླིང་གི་མདུན་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྱིས་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་ཧུར་ཐག་བྱས་པ།

སྤྱི་ཟླ་2པའི་ཚེས་3ཉིན་བར་སླེབས་དུས། ཁུ་ཁུ་ཁོ་ལེ་ཀྲུང་གོའི་ཁོངས་གཏོགས་ནས་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་ས་ཡ་བཞི་དང་ལྔ་འབུམ་ཞལ་འདེབས་སུ་ཕུལ་བ་ཁྱབ་བསྒྲགས་བྱས་པ་དང་། ཁུ་ཁུ་ཁོ་ལེ་ཐེབས་རྩ་ཚོགས་པས་ཨ་སྒོར་ལྔ་འབུམ་ཞལ་འདེབས་སུ་ཕུལ་ཏེ་དེ་དག་ཚང་མ་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱ་རྒྱུར་གཏོང་རྒྱུ་ཡིན་པ་རེད།