ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣས་ཀྲུང་གོའི་རིམས་ནད་འགོག་བཅོས་ཀྱི་འབད་བརྩོན་ལ་གདེང་འཇོག་གང་ལེགས་གནང་བ།

2020-02-11 14:49:00     责编:sangjzm

ཉིན་ཤས་བསྟུད་མར། རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་པའི་ཐད་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། ཀྲུང་གོས་རིམས་ནད་འགོག་པའི་ཐད་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད་པ་མ་ཟད། ཀྲུང་གོས་རིམས་ནད་འགོག་བཅོས་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་ཡོད་པ་རེད།

སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་ཉིན་ཤས་གོང་རྒྱལ་ཁབ་ཁག་གི་ཕོ་ཉ་ཚོགས་པར་འཚོགས་པའི་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་གནས་ཚུལ་ལ་ཁ་གཏད་ནུས་ལྡན་གཅོག་ཆེད་གལ་འགངས་ཆེ་བའི་འབད་བརྩོན་བྱས་པ་དང་བྱ་ཐབས་བཏོན་པར་སི་ཕེན་གྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས། སི་ཕེན་སྲིད་གཞུང་དང་མི་དམངས་དང་དེ་བཞིན་ང་རང་དང་བཙུན་མོའི་མིང་ཐོག་ནས་ང་ཚོ་གྲོགས་པོར་བརྩི་བའི་ཀྲུང་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་ངག་ཐོག་རོགས་སྐྱོར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིས་ཉིན་ཤས་གོང་སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཡའོ་ཧྥེ་དང་དེ་བཞིན་སི་ཕེན་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཐུན་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྲུང་གོས་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ཐད་ནུས་ཆེའི་འབད་བརྩོན་བྱས་པར་བསྔགས་བརྗོད་གནང་བ་དང་འབྲེལ། སི་ཕེན་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་དེ་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཐུར་ཁེའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཧྥ་ཁོ་ཅ་ཡིས་ཀྲུང་གོའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོ་སྲིད་གཞུང་གིས་མགྱོགས་མྱུར་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་གོ་ལ་ཧྲིལ་པོར་རིམས་ནད་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཧ་ཅང་ཁ་གསལ་གྱི་རྣམ་འགྱུར་བཟུང་ནས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འཛམ་གླིང་གི་ས་ཁུལ་གཞན་དག་བར་དགོས་ངེས་ཀྱི་ཆ་འཕྲིན་དང་གྲངས་གཞི་མཉམ་སྤྱོད་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་ཀྲང་ལི་ཚེ་མན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཀྲུང་གོས་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱས་པར་བསྔགས་བརྗོད་གནང་ཡོད་པ་དང་། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་པའི་ངོས་འཛིན་གནང་བ་མ་ཟད། དབྱི་སི་རལ་གྱིས་ཀྲུང་གོར་དགོས་མཁོ་གང་རུང་ཡོད་རུང་རོགས་རམ་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཧྥི་ལི་ཕིན་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཏུའུ་ལའེ་ཡིས། ཧྥི་ལི་ཕིན་གྱི་ཕྱི་འབྲེལ་པུས་ཧྥི་ལི་ཕིན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་ཟབ་མོ་ཞུ་རྒྱུ་མ་ཟད། དཔའ་ངར་ཆེ་བའི་ཧུའུ་པེ་མི་དམངས་ལ་གུས་འདུད་ཞུ་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གི་སྟོབས་ཆེའི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་མིག་སྔའི་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ཧྥི་ལི་ཕིན་ཕྱོགས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

བྷང་ག་ལའི་ཕྱི་འབྲེལ་པུའུ་ཀྲང་མུའུ་མིང་གིས། ཀྲུང་གོ་སྲིད་གཞུང་ལ་མིག་སྔའི་ཛ་དྲག་གི་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཡོད་པ་མ་ཟད། རིམས་ནད་སྔར་བས་ཇེ་སྡུག་ཏུ་འགྲོ་རྒྱུར་སྔོན་འགོག་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆེད་ལས་མྱུར་སྐྱོབ་སྨན་ཁང་འཛུགས་པའི་བྱ་སྤྱོད་དེ་དུས་ཐོག་ཏུ་སྤེལ་བ་དང་དེར་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད། བྷང་ག་ལའི་སྲིད་གཞུང་གིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་གང་ཐུབ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཨུ་ཙེ་བྷེ་ཁི་སི་ཐན་འཕྲོད་བསྟེན་པུའི་པུའུ་ཀྲང་ཧྲ་ཏེ་མ་རྣོ་ཕུའུ་ཡིས་ཨུ་ཙེ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཡན་ལ་ཨུ་ཙེ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རིམས་ནད་འགོག་བཅོས་ལས་དོན་གྱི་ཆེད་ལས་ཅན་གྱི་ཚད་གཞི་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཚད་མཐོའི་བསྔགས་བརྗོད་དང་ཀྲུང་གོ་སྲིད་གཞུང་གི་ནུས་ཆེའི་སྒྲིག་འཛུགས་ནུས་པར་ཡིད་སྨོན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཙམ་པབ་ཝེའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཨའོ་པ་ཏའེ་ཡ་ མོ་གཡོད་ཀྱིས་ཀྲུང་གོ་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་བྱ་ཆེད་འབད་བརྩོན་ཆེན་པོ་བྱས་པར་བསྔགས་བརྗོད་གནང་བ་དང་འབྲེལ་ཙམ་པབ་ཝེའི་སྲིད་གཞུང་གིས་ཀྲུང་གོ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་ཡོད། ཙམ་པབ་ཝེའི་ཕྱི་འབྲེལ་པུའུ་ཀྲང་ཤིས་པུའུ་ཤིས་སུའོ་ མོ་གཡོད་ཀྱིས། ཙམ་པབ་ཝེས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་དང་མིའི་རིགས་ཡོངས་ཀྱི་བདེ་རྩ་སྲུང་སྐྱོང་བྱ་ཆེད་ཁྱད་དུ་འཕགས་པའི་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་བར་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཙམ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

སུའུ་ཏན་བར་བརྒལ་སྲིད་གཞུང་གི་ནུས་རྒྱུ་དང་གཏེར་ཐོན་པུའུ་ཀྲང་དབྱི་པུའུ་ལ་ཤིན་གྱིས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་འགན་ཁུར་བའི་བསམ་པ་ཧ་ཅང་ཆེན་པོ་བཅངས་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད། བྱེད་ཐབས་དེས་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ཡང་རོགས་རམ་བྱས་ཡོད། ཀྲུང་གོར་རིམས་ནད་ཚོད་འཛིན་གྱི་ནུས་པ་འདང་ངེས་ཤིག་ཡོད་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

སྤྱི་ཚེས་8ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་74པའི་ཀྲུའུ་ཞི་མུའུ་ཧན་མོ་ཏེ་ པན་ཏིས་ཨེ་ཙེ་ཨོ་ཕི་ཡར་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་སྐབས་33པར་ཞུགས་སྐབས། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་སྐབས་དཀྲོག་གཏམ་མི་བཟོ་བར་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད་པ་རེད།

མུའུ་ཧན་མོ་ཏིས་ཀྲུང་གོའི་རིམས་ནད་ཆ་འཕྲིན་ཁྱབ་བསྒྲགས་ཐད་ཀྱི་བྱེད་སྟངས་ལ་བསྔགས་བརྗོད་གནང་ཡོད། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཀྲུང་གོའི་སྒྲིག་གཞིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་ཡོད་རིམས་ནད་ཀྱི་གནས་ཚུལ་ཞིབ་ཕྲ་སྙན་སེང་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་དང་ཕྱི་གསལ་ནང་གསལ་ངང་ཡོངས་བསྒྲགས་བྱེད་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་གསལ་བསྒྲགས་ཀྱིས་ཕྱི་རོལ་གྱིས་ཀྲུང་གོར་འབྱུང་བཞིན་པའི་རིམས་ནད་གནས་ཚུལ་གསལ་པོ་ཤེས་ཐུབ་པ་དང་། དེས་ཕྱོགས་མང་མཉམ་ལས་བྱས་ཏེ་རིམས་ནད་འགོས་ཁྱབ་འགྲོ་རྒྱུར་སྔོན་འགོག་བྱ་རྒྱུའི་ཐད་ཕན་ཐོགས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣས་ཀྲུང་གོའི་རིམས་ནད་འགོག་བཅོས་ཀྱི་འབད་བརྩོན་ལ་གདེང་འཇོག་གང་ལེགས་གནང་བ།

ཉིན་ཤས་བསྟུད་མར། རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་པའི་ཐད་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། ཀྲུང་གོས་རིམས་ནད་འགོག་པའི་ཐད་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད་པ་མ་ཟད། ཀྲུང་གོས་རིམས་ནད་འགོག་བཅོས་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་