ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་འབད་འབུངས་ཆེན་པོ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་གདེང་འཇོག་ཡག་པོ་བྱས་ཡོད་པ་དང་རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོར་སྐུལ་མ་བྱས་པ།

2020-02-10 15:10:00     责编:nake

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། རྒྱལ་ཁབ་མང་པོའི་སྲིད་དོན་མི་སྣས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཐད་འབད་འཐབ་ཆེན་པོ་བྱས་པར་གདེང་འཇོག་ཡག་པོ་གནང་ཡོད་པ་དང་། རོགས་རམ་དང་རྒྱབ་སྐྱོར་བྱ་འདོད་ཡོད་ཆེས་བསྟན་ཡོད་པ་མ་ཟད། ཀྲུང་གོ་དང་ཀྲུང་གོའི་མི་དམངས་རྣམས་ལ་སྐུལ་མ་བྱས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ གུ་ཐེ་ལེ་སིས། ཀྲུང་གོས་ད་ལྟ་འབད་འཐབ་ཆེན་པོ་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད། འབད་འཐབ་དེ་ལྟ་བུ་ནི་ཧ་ལས་པ་ཞིག་ཡིན་པ་དང་། ང་ཚོས་ད་དུང་རྒྱལ་ཁབ་ཚབ་མའི་བར་མཉམ་ལས་ཟབ་མོ་བྱེད་དགོས་ཞེས་གསུངས་གནང་ཡོད།

མཐོང་ཆུང་རང་བཞིན་གྱི་གཏམ་སྤྱོད་སྤེལ་མཁན་ཁ་ཤས་ལ་དམིགས་ནས། གུ་ཐེ་ལེ་སིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་དང་འབྲེལ་བའི་གནས་ཚུལ་ཐག་གཅོད་བྱ་སྐབས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱ་རྒྱུར་ཡིད་གཟབ་བྱ་དགོས་པ་དང་། དེར་མཚན་བཤད་བཟོ་རྒྱུ་མེད་ཅེས་ནན་སྟོན་གནང་ཡོད།
ཨ་ཧྥེ་རི་ཁའི་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཚེས་༨ཉིན་སྤྱི་བསྒྲགས་ཞིག་སྤེལ་ནས། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་གིས་མགྲིན་གཅིག་ཏུ་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ངག་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་སྲིད་གཞུང་གིས་རིམས་ནད་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པར་སེམས་ཤུགས་ཀྱིས་ཁེངས་ཡོད་ཅེས་བསྟན་ཡོད།

དབྱི་སི་རལ་གྱི་ཙུང་ལི་ལི་ཧྥུ་ལིན་གྱིས། ང་ཚོའི་ལུས་པོ་དབྱི་སི་རལ་དུ་ཡོད་ཀྱང་། སེམས་པ་དེ་ཀྲུང་གོ་དང་མཉམ་དུ་འབྲེལ་ཡོད་ཅེས་གསུངས་གནང་ཡོད།

ཨེ་ཅེབ་རང་མོས་ཨ་ཅེབ་བའི་ཏང་གི་ཀྲུའུ་ཞི་ཧ་ལི་ལེ་ཡིས། ང་ཚོས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོ་གུང་ཁྲན་ཏང་ལ་ཡིད་ཆེས་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་འོག རིམས་ནད་གྱ་ཡན་དུ་འགྲོ་རྒྱུ་རྒྱལ་ཁའི་ངང་བཀག་འགོག་བྱེད་ཐུབ་པ་དང་རིམས་ནད་ལས་སྒྲོལ་ཐུབ་ཀྱི་རེད། ང་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་རོགས་རམ་ཡོད་ཚད་མཁོ་འདོན་བྱ་འདོད་ཡོད། དེ་ནི་འཛམ་གླིང་གི་མི་ཆོས་རིང་ལུགས་ཀྱི་འགན་འཁྲིར་སྲུང་སྐྱོང་བྱས་པ་ཞིག་ཡིན་ཞེས་གསུངས་ཡོད།

ཕེ་རུའི་ཁྱེད་དང་མཉམ་དུ་བསྐྱོད་ཅེས་པའི་ཏང་གི་ཀྲུའུ་ཞི་པི་ཨའོ་ལའེ་ཐེ་ཡིས། ཝུའུ་ཧན་ཤུགས་རྒྱོབ། ཀྲུང་གོ་ཤུགས་རྒྱོབ་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་འབད་འབུངས་ཆེན་པོ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་གདེང་འཇོག་ཡག་པོ་བྱས་ཡོད་པ་དང་རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོར་སྐུལ་མ་བྱས་པ།

མཐོང་ཆུང་རང་བཞིན་གྱི་གཏམ་སྤྱོད་སྤེལ་མཁན་ཁ་ཤས་ལ་དམིགས་ནས། གུ་ཐེ་ལེ་སིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་དང་འབྲེལ་བའི་གནས་ཚུལ་ཐག་གཅོད་བྱ་སྐབས། འགྲོ་བ་མིའི་