ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོ་བས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡིད་ཆེས་ཆེན་པོ་བྱས་པ།

2020-02-07 17:22:00     责编:sangjzm

ཉིན་ཤས་རིང་། རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་ཀྲུང་གོ་བས་བརྩེ་བ་མེས་རྒྱལ་ལ་བཅངས་ནས་ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུ་དངོས་ཞལ་འདེབས་རྒྱག་པའི་འབོད་སྐུལ་འོག་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་རོགས་རམ་བྱས་ཡོད་པ་རེད།

སྤྱི་ཟླ་1པོའི་ཚེས་26ཉིན། ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་ཀྲུང་གོ་བས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་རྒྱུ་དངོས་ཞལ་འདེབས་འབུལ་རྒྱུའི་གྲོས་འགོ་བཏོན་ཡོད། རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་ཀྲུང་གོ་བས་དེར་ལན་ཆ་བྱས་ནས་འཕྲལ་དུ་བྱ་སྤྱོད་དངོས་སྤེལ་ཡོད། རགས་རྩིས་བརྒྱབ་པར་གཞིགས་ན། སྤྱི་ཟླ་2པའི་ཚེས་5ཉིན་བར་སླེབས་དུས། རྒྱལ་ཡོངས་ཀྱི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་མི་དམངས་ཤོག་སྒོར་དུང་ཕྱུར་6ཙམ་དང་། རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་2ལས་བརྒལ་བའི་དངོས་ཟོག་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་རྗེས། ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་ཚོང་དོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོའི་ཚན་པ་ཅིན་ཀོང་ཚོགས་པའི་APPཡིས་འཕྲལ་དུ་ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བརྒྱུད་དེ་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་དང་རིན་ཐང་མི་དམངས་ཤོག་སྒོར་གསུམ་འབུམ་ལྔ་ཁྲི་ཟིན་པའི་དུག་སེལ་བརླན་ཤོག་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོའི་ཚན་པ་གཉིས་ཏེ་ཀྲེང་ཏ་ཚོགས་པ་དང་ཧྲེ་མའོ་ཚོགས་པས་ཁག་སོ་སོར་མི་དམངས་ཤོག་སྒོར་བྱེ་བ་ལྔ་དང་ཤང་ཀང་དངུལ་ལོར་བྱེ་བ་གསུམ་ཞལ་འདེབས་སུ་ཕུལ་ཡོད། ཧྲེ་ཅི་ཅིན་ཡོན་ཚོགས་པས་ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་སྤྱི་ཕན་ཐེབས་རྩ་བརྒྱུད་དེ་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཞལ་འདེབས་སུ་ཕུལ་ཡོད།

ཧྥུ་ཡའོ་ཚོགས་པས་ཧོ་རེན་དགེ་སྒྲུབ་སྤྱི་ཕན་ཐེབས་རྩ་བརྒྱུད་དེ་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་ཞལ་འདེབས་སུ་ཕུལ་ཡོད། དབྱི་ཧའེ་ཅ་ལེ་ཚོགས་པས་རྒྱུ་དངོས་མི་དམངས་ཤོག་སྒོར་བྱེ་བ་གསུམ་ཞལ་འདེབས་སུ་ཕུལ་བ་མ་ཟད་མཉམ་ལས་བྲིན་འཚོང་ཚོང་པས་ཧོ་ཧྲེན་ཧྲན་དང་ལེ་ཧྲེན་ཧྲན་སྨན་ཁང་གཉིས་ཀྱི་སྨན་དོན་མི་སྣར་འབྲས་དང་གྲོ་ཞིབ། སྣུམ། སྔོ་ཚལ་སོགས་མཁོ་འདོན་བྱས་ཡོད་པ་རེད།

ཆན་ཧྥང་ཚོགས་པས་རྒྱུ་དངོས་མི་དམངས་ཤོག་སྒོར་དུང་ཕྱུར་གཉིས་ཞལ་འདེབས་སུ་ཕུལ་ཡོད། ཡུས་ཀྲའུ་ཚོགས་པས་མི་དམངས་ཤོག་སྒོར་བྱེ་བ་གཅིག་དང་ས་ཡ་ལྔའི་རིམས་འགོག་ཆེད་དོན་ཐེབས་རྩ་བཙུགས་ཡོད། ཧྥུ་ཧྭ་རྒྱལ་སྤྱི་ཚོགས་པ་དང་། ཧྭ་པིང་ཚོགས་པ། ཀྲུང་གོ་སྐྱེ་དངོས་སྨན་བཟོ་ཚད་ཡོད་ཀུང་སི། ཧུང་ཡང་ཚོགས་པ། ཅིན་ཧུའེ་ཚོགས་པ། རུང་ཆའོ་ཚོགས་པ། ཝུའེ་ཕོང་ཚོགས་པ། ཤང་ཅང་ཚོགས་པ། ཅིང་ཨའོ་ཉི་འོད་ནུས་པའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་སོགས་ཕྱིར་སྡོད་སྤུན་ཟླའི་ཚོང་པ་དང་ཁེ་ལས་ནས་ཁག་སོ་སོར་མི་དམངས་ཤོག་སྒོར་བྱེ་བ་གཅིག་རེ་ཞལ་འདེབས་སུ་ཕུལ་ཡོད།

རྒྱལ་ནང་གི་རིམས་ནད་གནས་ཚུལ་དབང་གིས་རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་ཀྲུང་གོ་བའི་སེམས་པ་སྡུག་གིས་མནར་ཡོད། ཕྱིར་སྡོད་སྤུན་ཟླ་རྣམས་ཀྱིས་ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་འགོ་ལྟར་བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ཡག་པོ་རྒྱག་རྒྱུར་རྒྱབ་སྐྱོར་ཞུས་ཡོད་པ་རེད།

དབྱིན་ཇིའི་ཧུའུ་ནན་ཕ་ཡུལ་གཅིག་པའི་ཚོགས་པས་དབྱིན་ཇིའི་ཧུའུ་ནན་ཚོང་དོན་སྤྱི་ཁྱབ་ཚོགས་པ་དང་། དབྱིན་ཇིའི་ཧུའུ་ནན་སློབ་གྲོགས་ཚོགས་པ་སོགས་ཚོགས་པ་མང་པོ་དང་མཉམ་འབྲེལ་གྱིས་དངོས་ཟོག་ཉོ་སྒྲུབ་བྱས་ཡོད། ལུས་ཨེ་ཧེ་ལུང་ཅང་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ཚོགས་པས་རིམས་འགོག་དངོས་ཟོག་ཉོ་སྒྲུབ་ཧུར་ཐག་བྱས་པ་དང་། ཁག་དང་པོའི་དངོས་ཟོག་ཧེ་ལུང་ཅང་ཞིང་ཆེན་གྱི་རིམས་ནད་ཚོད་འཛིན་ལྟེ་གནས་སུ་གཏོང་འགོ་ཚུགས་ཡོད་པ་རེད།

ཨ་རིའི་པེ་ཅིང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐུལ་སློང་ཚོགས་ཆེན་འཚོགས་པ་དང་། ནན་ཅ་མངའ་སྡེའི་ཕྱིར་སྡོད་སྤུན་ཟླ་ཚོགས་པ་བརྒྱ་ལ་ཉེ་བའི་འཐུས་མི་སྐུལ་སློང་ཚོགས་ཆེན་དུ་ཞུགས་པ་དང་། གྲབས་གསོག་ཐུབ་པའི་དགེ་སྒྲུབ་མ་དངུལ་ལོ་སན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ལས་འཛིན་ཁང་བརྒྱུད་དེ་ཝུའུ་ཧན་དུ་བརྒྱུད་སྤྲོད་བྱས་ཡོད་པ་རེད།

སེ་ཕན་ཀན་སུའུ་ཚོང་ཚོགས་ཀྱིས་ཚོགས་པའི་ནང་ཁུལ་གྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་ཁག་དང་པོའི་སྨན་བཅོས་རྒྱུ་ཆ་དང་། འགོག་སྲུང་མཁོ་ཆས་ཞལ་འདེབས་སུ་ཕུལ་ཡོད། ལོ་སིའི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱིས་ཁག་གཉིས་པའི་སྨན་བཅོས་རོགས་སྐྱོར་དངོས་ཟོག་སྟེ་སྨན་སྤྱོད་ཁ་རས་ཆིག་འབུམ་ལྔ་བརྒྱ་དང་། སྨན་སྤྱོད་ལག་ཤུབས་བཞི་ཁྲི་བཅས་རྒྱལ་ནང་དུ་དབོར་འདྲེན་བྱས་ཡོད་པ་རེད།

ཕེ་རུ་ཕིང་ཕྱིར་སྡོད་ཀྲུང་གོ་བའི་མཉམ་འབྲེལ་མཛའ་གྲོགས་སྤྱི་ཁྱབ་ཚོགས་པ་སོགས་ཕྱིར་སྡོད་སྤུན་ཟླའི་ཚོགས་པས་ཉོ་སྒྲུབ་བྱས་པའི་སྨན་སྤྱོད་ཁ་རས་ཉིས་འབུམ་དང་འགོག་སྲུང་གྱོན་གོས་ལྔ་སྟོང་། འགོག་སྲུང་མིག་ཤེལ་ཆིག་སྟོང་བརྒྱད་བརྒྱ་སོགས་རྒྱལ་ནང་དུ་དབོར་ཟིན་ཡོད། ལྗར་པན་མིང་གུ་ཝུ་ཧྥུ་ཅན་དཔལ་འབྱོར་རིག་གནས་སྤེལ་རེས་ཚོགས་པས་ཝུའུ་ཧན་ལ་N95རྟགས་ཅན་གྱི་ཁ་རས་བཞི་འབུམ་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

ཅེ་ཁེ་ཆིང་ཐན་ཕ་ཡུལ་གཅིག་པ་ཚོགས་པས་རྒྱལ་ནང་དུ་རིམས་འགོག་སྨན་སྤྱོད་དངོས་ཟོག་གྲབས་གསོག་བྱེད་པའི་བྱེད་སྒོ་སྤེལ་བར་ས་གནས་དེ་གའི་ཕྱིར་སྡོད་སྤུན་ཟླའི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་ནས་སྨན་སྤྱོད་ཁ་རས་བདུན་འབུམ་བརྒྱད་ཁྲི་ཙམ་ཉོ་སྒྲུབ་བྱས་ཡོད་པ་རེད།

མིག་སྔར། རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་ཀྲུང་གོ་བ་དང་སྤུན་ཟླས་ཞལ་འདེབས་བསྐྱོན་པའི་ཁ་རས་བྱེ་བ་གཅིག་དང་ས་ཡ་གཉིས་དང་། འགོག་སྲུང་ལག་ཤུབས་བདུན་འབུམ། འགོག་སྲུང་གྱོན་གོས་ཆིག་འབུམ་བརྒྱད་ཁྲི་སོགས་རྫ་དྲག་དངོས་ཟོག་རིམས་ནད་ཚབས་ཆེའི་ཁུལ་དུ་དབོར་ཡོད་པ་རེད།

ཉིན་ཤས་རིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་དོ་ཁུར་ཆེན་པོ་བྱས་པ་དང་། ཀྲུང་གོས་དེའི་ཐད་བྱས་པའི་འབད་བརྩོན་ལ་གདེང་འཇོག་བཟང་པོ་བྱས་པ་མ་ཟད་ཀྲུང་གོས་རིམས་འགོག་དམག་འཐབ་དེར་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་ཀྱང་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོ་བས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡིད་ཆེས་ཆེན་པོ་བྱས་པ།

ཉིན་ཤས་རིང་། རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་ཀྲུང་གོ་བས་བརྩེ་བ་མེས་རྒྱལ་ལ་བཅངས་ནས་ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུ་དངོས་ཞལ་འདེབས་རྒྱག་པའི་འབོད་སྐུལ་འོག་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་རོགས་རམ་བྱས་ཡོད་པ་རེད།