ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་ལས་རིགས་ཁག་གི་མི་སྣས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསརས་པས་འགོས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་འཐབ་བྱས་པར་གདེང་འཇོག་ཡག་པོ་བྱས་པ།

2020-02-07 10:48:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་འཐབ་བྱས་པར་རྒྱལ་སྤྱིའི་ལས་རིགས་ཁག་གི་མི་སྣས་གདེང་འཇོག་ཡག་པོ་བྱས་ཡོད་པ་དང་། ཀྲུང་གོས་ལན་ཆ་མགྱོགས་པོ་དང་འགོག་རྒོལ་ཡག་པོ་བྱས་ཡོད། ཆབས་ཅིག་ཕྱི་རྒྱལ་གྱི་དཔལ་འབྱོར་རིགས་པ་མཁས་ཅན་མང་པོ་ཞིག་གིས། རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པ་ནི་གནས་སྐབས་ཡིན་པ་དང་། ཁོང་ཚོས་ཀྱང་ཀྲུང་གོའི་དཔལ་འབྱོར་ཡུན་རིང་ཡག་པའི་ཕྱོགས་སུ་འགྲོ་རྒྱུར་སེམས་ཤུགས་ཀྱིས་ཁེངས་ཡོད་ཅེས་བསྟན་འདུག

ཨེ་ཅེབ་ཀྱི་དེ་སྔའི་ཙུང་ལི་ཧྲ་ལ་ཧྥུས། ཀྲུང་གོའི་སྲིད་གཞུང་གིས་བཟུང་བའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ནི་ཧ་ཅང་མཁས་པ་དང་། ད་ཐེངས་ཀྱི་ཉེན་ཁ་དེ་ཡང་སེལ་ཐུབ་ཀྱི་རེད། ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ནས་སྟོབས་ཆེར་ཇེ་ཆེར་འགྲོ་ངེས་རེད་ཅེས་བསྟན་གནང་འདུག

ཨ་ཀེན་ཐིང་གི་འཕྲོད་བསྟེན་པུའུ་ཀྲང་ཀང་ས་ལེ་སིས། ངའི་སྣང་བར་ཀྲུང་གོས་ད་ལྟ་བཟུང་བའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཧ་ཅང་གི་ཡང་དག་པ་ཞིག་ཡིན་པ་དང་། ང་ཚོས་ཀྲུང་གོའི་སྲིད་གཞུང་གི་བྱ་སྤྱོད་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་མཐོང་ཆུང་སྣ་ཚོགས་ལ་ངོ་རྒོལ་བྱ་རྒྱུ་ཡིན་ལ་ཡང་སྒོས་སུ་རྒྱལ་ཁོངས་ལ་དམིགས་པའི་མཐོང་ཆུང་ལ་ངོ་རྒོལ་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་པས། ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

ཨ་རིའི་ཡེ་ལུ་སློབ་ཆེན་གྱི་མཐོ་རིམ་ཞིབ་འཇུག་པ་ལོ་ཆིས། ཀྲུང་གོའི་དཔལ་འབྱོར་ཡུན་རིང་གོང་འཕེལ་འགྲོ་བའི་མདུན་ལྗོངས་ལ་སྟ་སྟངས་ཡག་པོ་འཛིན་ཡོད་ཅེས་བསྟན་པ་དང་། ལོ་ཆིས། རིམས་ནད་ཀྱིས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པ་ནི་གནས་སྐབས་ཙམ་ཡིན། རིམས་ནད་མཇུག་འགྲིལ་རྗེས། ཀྲུང་གོའི་དཔལ་འབྱོར་སྟོབས་ཆེར་འགྲོ་ངེས་རེད་ཅེས་བསྟན་འདུག

དབྱིན་ཇིའི་གོང་མ་ཚང་རྒྱལ་སྤྱིའི་བྱ་དོན་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ཅི་མུའུ་ ཨའོ་ཉི་འར་གྱིས། སྤྱི་ལོ་2020ལོར་ཀྲུང་གོའི་དཔལ་འབྱོར་གྱི་གོང་འཕེལ་དེ་ལྡོག་ཕྱོགས་ཞིག་མ་ཡིན་པ་དང་། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་ག་ཚོད་ཀྱིས་མགྱོགས་པ་ཐུབ་ན་ གྱོང་གུན་དེ་ཙམ་གྱིས་མགྱོགས་པ་གསབ་ཐུབ། ལོ་སྨད་དང་ཐ་ན་དུས་ཚིགས་གཉིས་པར་གྱོང་གུན་ཁ་གསབ་ཆེན་པོ་བྱེད་ཐུབ་བཟོ་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

རྒྱལ་སྤྱིའི་ལས་རིགས་ཁག་གི་མི་སྣས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསརས་པས་འགོས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་འཐབ་བྱས་པར་གདེང་འཇོག་ཡག་པོ་བྱས་པ།

ཉིན་ཤས་བསྟུད་མར། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་འཐབ་བྱས་པར་རྒྱལ་སྤྱིའི་ལས་རིགས་ཁག་གི་མི་སྣས་གདེང་འཇོག་ཡག་པོ་བྱས་ཡོད་པ་དང་། ཀྲུང་གོས་ལན་ཆ་མགྱོགས་པོ་དང་འགོག་རྒོལ་ཡག་པོ་བྱས་ཡོད། ཆབས་ཅིག་ཕྱི་རྒྱལ་གྱི་དཔལ་འབྱོར་རིགས་པ་མཁས་ཅན་མང་པོ་ཞིག་གིས། རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པ་ནི་གནས་