ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སི་ཕན་གྱི་ནང་བློན་ཁང་གྲབས་འཛུགས་བྱེད་པའི་ཉམས་ཉེན་མཇུག་འགྲིལ་བ་དང་། སྲིད་གཞུང་གསར་པར་འགྲན་རྩོད་ཆེན་པོ་འཕྲད་པ།

2020-01-14 15:45:00     责编:sangjzm

སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིས་སྤྱི་ཚེས་༡༢ཉིན་སྐབས་གསར་པའི་ནང་བློན་ཁང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། སྲིད་གཞུང་དངོས་སུ་སྒྲིག་འཛུགས་བྱས་ཡོད། དབྱེ་ཞིབ་མི་སྣས། ནང་བློན་ཁང་བཙུགས་པ་དེས་སི་ཕན་གྱི་དུས་ཡུན་ཟླ་བ་ཁ་ཤས་ཀྱི་ནང་བློན་ཁང་གྲབས་འཛུགས་ཀྱི་ཉམས་ཉེན་དངོས་སུ་མཇུག་འགྲིལ་བ་མཚོན་གྱི་ཡོད། ཡིན་ནའང་སྲིད་འཛིན་མནའ་འབྲེལ་གྱི་གྲོས་ཚོགས་ཁང་ནང་གདན་ཐོབ་ཉུང་ཤས་ལས་བཟུང་མེད་པས། སྐབས་གསར་པའི་སྲིད་གཞུང་གི་འཁོར་རྒྱུག་བྱེད་རྒྱུར་འགྲན་རྩོད་འཕྲད་ཡོད་ཅེས་བསྟན་ཡོད་པ་རེད།

ན་ནིང་ཟླ་བ་གཉིས་པར། སང་ཆེ་སིའི་སྲིད་གཞུང་གིས་སྐྱེལ་བའི་སྤྱི་ལོ་༢༠༡༩ལོའི་སྲིད་གཞུང་ནོར་སྲིད་ཀྱི་སྔོན་རྩིས་ཇུས་གཞིར་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་མེད་པ་དང་། སང་ཆེ་སིས་ཟླ་བ་བཞི་པའི་སྔ་ནུར་དུ་སྐབས་གསར་པའི་གྲོས་ཚོགས་ཀྱི་འདེམས་བསྐོ་གཉེར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཡིན་ནའང་སང་ཆེ་སིས་འགོ་ཁྲིད་བྱས་པའི་དབུས་ཤོག་དང་གཡོན་ཤོག་སྲིད་ཏང་བཟོ་པའི་སྤྱི་ཚོགས་ཏང་ལ་འདེམས་བསྐོའི་ཁྲོད་གྲོས་ཚོགས་སྨད་པའི་བལྟོས་མེད་ཀྱི་གདན་ཐོབ་མང་ཆེ་བ་ཐོབ་མེད་པས། ཁེར་རྐྱང་ཐོག་སྲིད་འཛིན་བྱེད་ཐབས་བྲལ་ཡོད་ལ། སྲིད་ཏང་གཞན་དག་དང་མཉམ་འབྲེལ་བྱས་ནས་ནང་བློན་ཁང་གྲབས་འཛུགས་བྱ་རྒྱུ་དེ་ཡང་མཐའ་མཇུག་ཏུ་ཕམ་ཉེས་སུ་ཕྱིན་ཡོད། སི་ཕན་གྱིས་ཟླ་བ་11པར་གྲོས་ཚོགས་ཀྱི་འདེམས་བསྐོ་སླར་ཡང་བྱ་རྩིས་བྱས་ཡོད་ཀྱང་། བཟོ་པའི་སྤྱི་ཚོགས་ཏང་ལ་སྔར་བཞིན་གྲོས་ཚོགས་སྨད་པའི་བལྟོས་མེད་ཀྱི་གདན་ཐོབ་མང་པོ་ཐོབ་མེད་པ་རེད། ཡིན་ནའང་ད་ཐེངས་བཟོ་པའི་སྤྱི་ཚོགས་ཏང་དང་གཡོན་ཤོག་སྲིད་ཏང་ང་ཚོས་ནུས་ཞེས་པའི་ཏང་གིས་ལམ་སེང་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུའི་ཐད་གྲོས་འཆམ་བྱུང་ཡོད། སང་ཆེ་སིས་འདི་ཟླའི་སྤྱི་ཚེས་༧ཉིན་གྲོས་ཚོགས་སྨད་པའི་འཕེན་ཤོག་འཕེན་པའི་ཁྲོད་བཟང་ཆ་ཅུང་ཟད་ཀྱི་ཐོག་ནས་ནང་བློན་ཁང་གྲབས་འཛུགས་བྱེད་པའི་དབང་ཆ་ཐོབ་ཡོད། ད་ཆ་ནང་བློན་ཁང་གསར་པ་བཙུགས་པ་དེས། ད་ཐེངས་ཀྱི་ནང་བློན་ཁང་གྲབས་འཛུགས་བྱེད་པའི་ཉམས་ཉེན་དངོས་སུ་མཇུག་འགྲིལ་བ་མཚོན་གྱི་ཡོད་པ་རེད།

དབྱེ་ཞིབ་མི་སྣས། སྲིད་གཞུང་གསར་པའི་ནང་ཁོངས་སུ་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་སྲིད་མིན་དེ་ཡུན་རིང་སྲིད་འཛིན་བྱེད་ཐུབ་མིན་གྱི་རྒྱུ་རྐྱེན་ཨང་དང་པོ་དེ་ཡིན་ཞེས་བསྟན་ཡོད། ན་ནིང་ཟླ་བཞི་པའི་འདེམས་བསྐོ་ཆེན་མོའི་རྗེས། ཐེངས་དང་པོར་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུ་ཕམ་ཉེས་སུ་འགྲོ་བའི་རྐྱེན་གྱིས། བཟོ་པའི་སྤྱི་ཚོགས་ཏང་དང་ང་ཚོས་ནུས་ཞེས་པའི་ཏང་བར་དེ་སྔ་ཕན་ཚུན་འཇབ་རྒོལ་དང་ཁ་རྡུང་གཏོང་རེས་བྱས་ཡོད། ད་ཐེངས་མཉམ་འབྲེལ་སྲིད་གཞུང་བཙུགས་པའི་རྗེས། ས་གནས་འདི་གའི་སྨྱན་སྦྱོར་གྱིས་ཏང་གཉིས་པོ་ནི་ཁ་ཞེ་མི་མཐུན་པའི་ངོས་འཛིན་བྱས་ཡོད་པ་དང་། རྒྱུ་མཚན་ནི་ང་ཚོས་ནུས་ཞེས་པའི་ཏང་གིས་སང་ཆེ་སིའི་གོང་དུ་ཏང་དེའི་ནང་བློན་ཁང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དབུ་བཞུགས་བློན་ཆེན་གཞོན་པ་བཞི་བསྐོ་བཞག་བྱས་པ་དེ་ཡང་སི་ཕན་གྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པས། སང་ཆེ་སིས་དོན་དེར་བརྟེན་ནས་དབྱི་ཀེ་ལའེ་ཞི་ཡ་སིའི་དབང་ཆ་ཆུང་དུ་གཏོང་བཟོ་ཡོད་པ་དེ་ཡིན།

ཡིན་ནའང་སྤྱི་ཚེས་༡༢ཉིན་སང་ཆེ་སིས། མ་གཞི་དེ་སྔོན་ཕྱོགས་འགལ་གནས་ཀྱང་། ཏང་གཉིས་པོས་དམིགས་འབེན་གཅིག་གི་ཕྱོགས་སུ་འབད་འཐབ་བྱེད་བཞིན་ཡོད་ཅེས་དང་། ཁོང་གིས། མཐུན་སྒྲིལ་ནི་མཉམ་འབྲེལ་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཡིན་ཞེས་བསྟན་ཡོད།

སྲིད་འཛིན་ཏང་གཉིས་པོས་མིག་སྔར་འཁོར་རྒྱུག་དང་། མཐུན་སྦྱོར། གོང་འཕེལ་དང་འབྲེལ་བ་སྐྱོང་བའི་གྲོས་ཆོད་ཞིག་ལ་མོས་མཐུན་བྱས་ཡོད་པ་དང་། ཏང་གཉིས་པོས་གྲོས་ཚོགས་ཀྱིས་འཕེན་ཤོག་དབྱུགས་པའི་ཁྲོད་སྲིད་གཞུང་གི་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་བྱ་དོན་ཐད་གོམ་སྟབས་གཅིག་འགྱུར་རྒྱུན་འཁྱོངས་ཐུབ་རྒྱུར་འགན་ལེན་དང་། ཆབས་ཅིག་ཏུ་རང་སོ་སོས་གནད་དོན་གཞན་གྱི་ཐད་རང་མོས་ངང་འཕེན་ཤོག་དབྱུགས་པའི་དབང་ཆ་གསོག་ཉར་བྱ་རྒྱུ་ཡིན་པ་རེད།

སྲིད་གཞུང་གསར་པས་ནང་ཁོངས་སུ་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་དགོས་པ་ཕུད། ཕྱི་ཕྱོགས་སུ་འགྲན་རྩོད་ཆེན་མོ་ཡང་འཕྲད་ཡོད། མིག་སྔར་སྲིད་འཛིན་ཏང་གཉིས་པོས་གྲོས་ཚོགས་སྨད་པའི་ཐོག་གདན་ཐོབ་155ལས་ཟིན་གྱི་མེད་པ་དང་། དེ་བལྟོས་མེད་ཀྱི་གདན་ཐོབ་༡༧༦མཁོ་བའི་བར་ད་དུང་ཧེ་བག་ཡོད་པས། འབྱུང་འགྱུར་གྱི་སྲིད་གཞུང་གསར་པས་གྲོས་ཚོགས་ཁང་དུ་གྲོས་གཞིར་གྲོས་འཆམ་བྱེད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་མཚོན་གྱི་ཡོད།

དབྱི་ཞིབ་ལས། ལོ་གསར་པའི་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་གྲོས་གཞིར་མོས་མཐུན་བྱུང་མིན་དེས་སྲིད་གཞུང་གསར་པའི་འབྱུང་འགྱུར་གྱི་ལས་དབང་ལ་ཐད་ཀའི་ཤུགས་རྐྱེན་བཟོ་གི་ཡོད་པ་དང་། ན་ནིང་གི་འདེམས་བསྐོ་ཆེན་མོ་གཉིས་དང་ནང་བློན་ཁང་གྲབས་འཛུགས་འཕེལ་མེད་རང་སོར་ལུས་པ་དེ་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་གྲོས་གཞིར་མོས་མཐུན་བྱུང་མེད་པ་ལས་ཐོན་པ་ཞིག་ཡིན། སྔོན་རྩིས་གྲོས་གཞིར་གྲོས་འཆམ་ཡོང་བའི་ཆེད། སང་ཆེ་སིའི་སྲིད་གཞུང་གིས་གྲོས་ཚོགས་ཐོག་གདན་ཐོབ་ཡོད་པའི་ཏང་ཤོག་གཞན་བློ་འགུག་བྱེད་དགོས་པ་དང་། ཁོང་ཚོའི་རྒྱབ་སྐྱོར་ཐོབ་པ་བྱེད་དགོས་པ་དང་ཡང་ན་མ་ཐར་ཡང་ངོ་རྒོལ་མི་བྱེད་པའི་བརྩོན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ཅ་ཐའེ་ལོ་ཉི་ཡའི་གནད་དོན་ནི་སྲིད་གཞུང་གསར་པར་འཕྲད་པའི་འགྲན་རྩོད་གཞན་ཞིག་ཡིན། ན་ནིང་ཟླ་༡༠པར། སི་ཕན་ཆེས་མཐོའི་ཁྲིམས་ཁང་གིས་ཅ་ཐའེ་ལོ་ཉི་ཡའི་རང་སྐྱོང་ཁུལ་རང་བཙན་ཤོག་ཁག་ཞེས་པའི་དཔོན་རིགས་མི་ཉུང་བ་ཞིག་བཙོན་ཁང་དུ་བཅུག་རྒྱུའི་ཁྲིམས་ཐག་བཅད་ཡོད་པས། ཅ་ཐའེ་ལོ་ཉི་ཡའི་ཁུལ་དུ་འགོག་རྒོལ་བྱེད་པའི་ཁྲོམ་སྐོར་བྱེད་པའི་གནས་ཚུལ་ཐོན་པ་མ་ཟད། ས་ཆ་མང་པོར་ཟིང་འཁྲུག་ལངས་ཡོད།

དེའི་གོང་། གྲོས་ཚོགས་ཐོག་སང་ཆེ་སིར་ནང་བློན་ཁང་གྲབས་འཛུགས་བྱེད་པའི་དབང་ཆ་སྤྲོད་རྒྱུར་མོས་མཐུན་བྱེད་མིན་དང་འབྲེལ་བའི་འཕེན་ཤོག་འཕེན་པའི་ཁྲོད་རང་བཙན་ཤོག་ཁག་ཞེས་པའི་སྲིད་ཏང་ཅ་ཐའེ་ལོ་ཉི་ཡའི་སྤྱི་མཐུན་གཡོན་ཤོག་ཏང་གི་དབང་ཆ་དོར་བའི་འདེམས་ཤོག་འཕངས་ཡོད་པ་དང་། བཟོ་པའི་སྤྱི་ཚོགས་ཏང་དང་ཏང་དེ་བར་གྲོས་མཐུན་བྱུང་ནས། སྲིད་གཞུང་གསར་པ་དབུ་བརྙེས་རྗེས་ཀྲུང་དབྱང་སྲིད་གཞུང་དང་ཅ་ཐའེ་ལོ་ཉི་ཡའི་སྲིད་གཞུང་བར་གྱི་གླེང་མོལ་འགོ་འཛུགས་རྒྱུ་ཡིན། མིག་སྔར་ཕྱོགས་གཉིས་པོའི་འགོ་ཁྲིད་མི་སྣའི་མཇལ་འཕྲད་ཐེངས་དང་པོ་བྱ་རྒྱུ་དེ་ཉིན་རའི་ལས་རིམ་ནང་བཅུག་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

སི་ཕན་གྱི་ནང་བློན་ཁང་གྲབས་འཛུགས་བྱེད་པའི་ཉམས་ཉེན་མཇུག་འགྲིལ་བ་དང་། སྲིད་གཞུང་གསར་པར་འགྲན་རྩོད་ཆེན་པོ་འཕྲད་པ།

སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིས་སྤྱི་ཚེས་༡༢ཉིན་སྐབས་གསར་པའི་ནང་བློན་ཁང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། སྲིད་གཞུང་དངོས་སུ་སྒྲིག་འཛུགས་བྱས་ཡོད། དབྱེ་ཞིབ་མི་སྣས། ནང་བློན་ཁང་བཙུགས་པ་དེས་སི་ཕན་གྱི་དུས་ཡུན་ཟླ་བ་ཁ་ཤས་ཀྱི་ནང་བློན་ཁང་གྲབས་འཛུགས་ཀྱི་ཉམས་ཉེན་དངོས་སུ་མཇུག་འགྲིལ་བ་མཚོན་གྱི་ཡོད། ཡིན་ནའང་སྲིད་འཛིན་མནའ་འབྲེལ་གྱི་གྲོས་ཚོགས་ཁང་