ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་རག་གིས་མགྲོན་འབུད་བཀའ་ཡིག་བཀྲམས་ནའང་ཨ་རིའི་དམག་དཔུང་ཕྱིར་འཐེན་མི་བྱེད་པའི་རྒྱུ་རྐྱེན་གང་ཡིན་ནམ།

2020-01-14 14:39:00     责编:sangjzm

སྤྱི་ཚེས་10ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་བེང་ཕེ་ཨའོ་ཡིས། ཨ་རིའི་དམག་དཔུང་གིས་མིག་སྔར་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱེད་རྩིས་མེད་ཅེས་བསྟན་ཡོད། ཨ་རིའི་རྒྱལ་དོན་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་ཨ་རི་ཕྱོགས་ཀྱིས་འཐུས་མི་ཚོགས་པ་དབྱི་རག་ཏུ་མངགས་ནའང་དབྱི་རག་དང་ཨ་རིའི་དམག་དཔུང་གིས་ཕྱིར་འཐེན་བྱེད་པའི་གནད་དོན་ཐད་གྲོས་བསྡུར་བྱེད་མི་སྲིད་ཅེས་བསྟན་ཡོད།

དབྱེ་ཞིབ་མི་སྣས་ཉེ་ཆར། ཨ་རིའི་དམག་དཔུང་གིས་དབྱི་རག་མངའ་ཁོངས་སུ་ཧྲེ་ཡེ་ཕྱོགས་ཁག་གི་ཡུལ་དམག་དང་དབྱི་རན་གྱི་དམག་དཔོན་ལ་འཇབ་རྒོལ་བྱས་པས་ཨ་རི་དང་དབྱི་རག་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ཡོད། དབྱི་རག་གིས་ཨ་རིར་བཅའ་སྡོད་དམག་དཔུང་ལ་མགྲོན་འབུད་བཀའ་ཡིག་བཏང་བ་ནི་རང་ངོས་ཀྱི་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ཡིན་པ་དང་། ཨ་རིས་དབྱི་རན་གྱིས་དབྱི་རག་ཏུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་བཀག་འགོག་བྱ་ཆེད་དམག་དཔུང་ཕྱིར་འཐེན་བྱ་རྒྱུར་ལས་སླ་པོར་མོས་མཐུན་བྱེད་ཀྱི་མེད་ཅེས་བསྟན་ཡོད།

དབྱི་རག་གནས་སྐབས་སྲིད་གཞུང་གི་ཙུང་ལི་མའེ་ཧོ་ཏིས་ཚེས་9ཉིན་ཕེང་ཕེ་ཨའོ་དང་ཞལ་པར་ཐོག་ནས། ཨ་རི་ཕྱོགས་ཀྱིས་འཐུས་མི་ཚོགས་པ་དབྱི་རག་ཏུ་ཨ་རིའི་དམག་དཔུང་ཕྱིར་འཐེན་གྱི་དོན་དག་གྲོས་མོལ་བྱེད་པར་མངགས་རྒྱུའི་བླང་བྱ་བཏོན་པ་རེད། དེའི་གོང་གི་ཉིན་ཞིག མའེ་ཧོ་ཏི་ཡིས། དབྱི་རག་གིས་དབྱི་རག་གི་བདག་དབང་ལ་བཙན་གནོད་དང་མངའ་ཁོངས་ལ་བཙན་འཛུལ་བྱེད་པའི་བྱེད་སྤྱོད་མཐའ་དག་ཁས་ལེན་མི་བྱེད་པ་དང་། དབྱི་རག་སྲིད་གཞུང་གིས་མུ་མཐུད་དུས་བབ་ཛ་དྲག་ཏུ་འགྲོ་རྒྱུ་སྔོན་འགོག་ཧུར་ཐག་བྱེད་པ་དང་འབྲེལ་ཕྱོགས་ཁག་ལ་དབྱི་རག་གི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བསྟན་ཡོད་པ་རེད།

ཟླ་1ཚེས་3ཉིན། ཨ་རིས་དབྱི་རག་གི་རྒྱལ་ས་པ་ཀེ་ཏར་མཁའ་ཐོག་ནས་འཇབ་རྒོལ་བྱས་ཏེ་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་དཔུང་སྡེའི་ཁོངས་གཏོགས་ཀྱི་ཧྲེང་གྲེང་ལུལ་ཤོག་གི་བཀོད་འདོམས་དཔོན་སུའུ་ལའེ་མན་ཉི་དང་དབྱི་རག་གི་ཧྲེ་ཡེ་ཤོག་ཁག་གི་ཡུལ་དམག་དྲག་ཆས་ཏེ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་བཀོད་འདོམས་དཔོན་གཞོན་པ་མུའུ་ཧན་ཏི་སི་སོགས་བསད་པ་རེད། དེ་རྗེས་དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱིས་ཚེས་5ཉིན་གྲོས་ཆོད་ལ་གྲོས་འཆམ་བྱས་ནས། དབྱི་རག་ཏུ་ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན་པ་རེད།

ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཞེས་པའི་དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས། ཉེ་ཆར་ཨ་རིས་འཇབ་རྒོལ་བྱ་སྤྱོད་སྤེལ་བ་དེས་སུའུ་ལའེ་མན་ཉི་བསད་པ་མ་ཟད། ཨ་རི་དང་དབྱི་རག་དབར་གྱི་འབྲེལ་ཐག་ཆད་པ་ཡང་ཁྱབ་བསྒྲགས་བྱས་ཡོད།

དབྱི་རག་གི་བཅའ་ཁྲིམས་རིགས་གཅིག་མཁས་ཅན་ཧྲ་མས། ཨ་རིས་ཐོག་མཐའ་བར་གསུམ་དུ་དབྱི་རག་ལ་ཁེངས་དྲེགས་ཀྱི་རྣམ་འགྱུར་བསྟན་པ་ལས། དབྱི་རག་དེ་ཉིད་གྲོས་མོལ་བྱེད་ཆོག་པའི་བདག་དབང་རྒྱལ་ཁབ་ལ་བརྩིས་མེད་པས། ཨ་རི་དང་དབྱི་རན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་ཡོད་ཅེས་གསུངས།

དབྱི་རག་གི་མགྲོན་འབུད་བཀའ་རྒྱའི་མདུན་དུ། ཕེང་ཕེ་ཨའོ་ཡིས་ཚེས་10ཉིན་ཕོ་བྲང་དཀར་པོར་སྨྱན་སྦྱོར་ལས་རིགས་ལ། ཨ་རིའི་དམག་དཔུང་དབྱི་རག་ཏུ་སྡོད་སྐབས་ཀྱི་ལས་འགན་ནི། དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་སྤྲད་ནས་དབྱི་སི་ལམ་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་འཛུགས་ལ་རྡུང་རྡེག་གཏོང་རྒྱུ་དེ་ཡིན་པས། ང་ཚོས་མུ་མཐུད་ལས་འགན་དེ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས་འབྱུང་འགྱུར་གྱི་དུས་བབ་འཕེལ་ཕྱོགས་དང་བསྟུན་ནས་གལ་ཏེ་ཙུང་ཐུང་ཐེ་རོན་ཕུ་དང་ཁོང་གཉིས་ཀས་གོ་སྐབས་ཡག་པོ་ཡོད་པའི་ངོས་འཛིན་བྱས་ཚེ། ཨ་རི་ཕྱོགས་ཀྱིས་དབྱི་རག་ཏུ་དབྱི་སི་ལམ་རྒྱལ་ཁབ་ཟེར་བར་རྡུང་རྡེག་གཏོང་རྒྱུའི་ཐོན་ཁུངས་བར་ཁམས་ཉུང་དུ་གཏོང་སྲིད་ཅེས་བརྗོད་པ་རེད།

ཨ་རིའི་རྒྱལ་དོན་ཁང་གིས་ཚེས་10ཉིན་གསལ་བསྒྲགས་སྤེལ་ནས། མིག་སྔར་དབྱི་རག་ཏུ་མངགས་གཏོང་བྱས་པའི་འཐུས་མི་ཚོགས་པ་ཚང་མས་གང་འདྲ་བྱས་ཏེ་བྱ་ཐབས་ཡག་ཤོས་ལ་བརྟེན་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲོས་བསྡུར་བྱ་རྒྱུ་ཡིན་པ་ལས། དམག་དཔུང་ཕྱིར་འཐེན་ལ་གྲོས་བསྡུར་བྱ་རྒྱུ་མིན་པར། ང་ཚོས་དབུས་ཤར་ས་ཁུལ་དུ་ཡང་དག་དང་འོས་འཚམ་གྱི་དམག་ཤུགས་གནས་བབ་ལ་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཉེ་ཆར། དམག་དཔུང་ཕྱིར་འཐེན་བྱེད་པའི་གནད་དོན་གྱི་མདུན་དུ། ཐེ་རོན་ཕུའི་རྣམ་འགྱུར་ལ་རྒྱུན་མཐུད་རང་བཞིན་མེད་པ་རེད། ཚེས་5ཉིན་ཁོང་གིས། གལ་སྲིད་དབྱི་རག་གིས་འོས་འཚམ་མེད་པའི་བྱེད་ཐབས་ཐོག་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཚེ། ཨ་རིས་དབྱི་རག་ལ་གཞི་ཁྱོན་ཆེ་བའི་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། འོན་ཀྱང་ཚེས་10ཉིན། ཨ་རིའི་ཕུའུ་ཁེ་སི་གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཐེ་རོན་ཕུས་སླར་ཡང། དམག་དཔུང་ཕྱིར་འཐེན་བྱས་ཆོག་ཅེས་བཤད་པ་ལས་བཀག་སྡོམ་གྱི་གནད་དོན་སྐོར་གླེང་མེད། ཨ་རིས་དབྱི་རག་ཏུ་བསྐྲུན་པའི་དམག་དོན་སྒྲིག་ཆས་ལ་མུ་མཐུད་འཁང་ར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ད་དུང་དབྱི་རག་སྲིད་གཞུང་གི་དཔོན་རིགས་ཀྱིས་དམག་དཔུང་ཕྱིར་འཐེན་གྱི་གནད་དོན་ཐད་འཛིན་པའི་ཡོངས་བསྒྲགས་ཀྱི་རྣམ་འགྱུར་དང་ལྐོག་ཤུགས་ཀྱི་རྣམ་འགྱུར་བར་ཁྱད་པར་ཆེན་པོ་ཡོད་པར་སྐྱོན་བརྗོད་ཀྱང་བྱས་ཡོད།

ཨ་རིའི་ཕྱི་འབྲེལ་སློབ་ཚོགས་ཀྱི་ཚོགས་གཙོ་ཧ་སིས། ཐེ་རོན་ཕུས་དེའི་གོང་དབྱི་རག་ལ་བཏང་བའི་བཀག་སྡོམ་འཇིགས་སྐུལ་ལ་ལྡོག་ཕྱོགས་ཕན་འབྲས་ཐོན་རྒྱུ་མ་ཟད། ཨ་རིའི་དམག་དཔུང་དེ་ཉིད་དབྱི་རག་ཕྱོགས་ཀྱིས་ཕྱིར་འབུད་གཏོང་ཉེན་ཡོད་པའི་ངོས་འཛིན་བྱས་ཡོད།

ཧ་སིས། གལ་སྲིད་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་ཚེ་དབྱི་རན་གྱིས་དབྱི་རག་ལ་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་གོ་སྐབས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། གཞན་ཡང་ཨ་རིས་དམག་དཔུང་ཕྱིར་འཐེན་བྱས་རྗེས་འཇིགས་སྐུལ་རིང་ལུགས་སླར་ཡང་ཐོན་ནས་ཨ་རི་དང་དེའི་མནའ་འབྲེལ་གྱི་ཁེ་ཕན་ལ་འཇིགས་སྐུལ་བཟོ་བའི་ཉེན་ཁ་ཡང་ཆེ་རུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

དབྱི་རག་གིས་མགྲོན་འབུད་བཀའ་ཡིག་བཀྲམས་ནའང་ཨ་རིའི་དམག་དཔུང་ཕྱིར་འཐེན་མི་བྱེད་པའི་རྒྱུ་རྐྱེན་གང་ཡིན་ནམ།

སྤྱི་ཚེས་10ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་བེང་ཕེ་ཨའོ་ཡིས། ཨ་རིའི་དམག་དཔུང་གིས་མིག་སྔར་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱེད་རྩིས་མེད་ཅེས་བསྟན་ཡོད། ཨ་རིའི་རྒྱལ་དོན་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་ཨ་རི་ཕྱོགས་ཀྱིས་འཐུས་མི་ཚོགས་པ་དབྱི་རག་ཏུ་མངགས་ནའང་དབྱི་རག་དང་ཨ་རིའི་དམག་དཔུང་གིས་ཕྱིར་འཐེན་བྱེད་པའི་གནད་དོན་ཐད་གྲོས་བསྡུར་བྱེད་མི་སྲིད་ཅེས་བསྟན་ཡོད།