ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་ཚོགས་པས་ཀེར་ལངས་མིའི“གཏན་སྡོད་བྱ་ཡུལ་ མཇུག་ཤོས”ཀྱི་ལོ་རབས་གཏན་འཁེལ་བྱས་པ།

2020-01-14 10:11:00     责编:sangjzm

ཉེ་ཆར། ཨ་རིའི་ཨའེ་ཨའོ་ཝ་སློབ་ཆེན་དང་ཨོ་སི་ཁྲུ་ལི་ཡའི་མའེ་ཁའོ་ལི་སློབ་ཆེན་སོགས་སྒྲིག་གཞིའི་ཞིབ་འཇུག་མི་སྣས་དབྱིན་ཇིའི《རང་བྱུང》དུས་དེབ་ཐོག་ཁོང་ཚོས་ད་བར་ཤེས་རྟོགས་བྱུང་བའི་ཀེར་ལངས་མིའི་གཏན་སྡོད་བྱ་ཡུལ་མཇུག་ཤོས་ཀྱི་ཉེ་འགྲམ་གྱི་ས་གཤིས་དང་གནའ་རྫས་རྟོག་ཞིབ་དཔང་རྟགས་ལས་ལོ་རབས་ཚོད་དཔག་བྱས་པ་བརྒྱུད་དེ་ག་ནས་ཤེས་རྟོགས་བྱུང་བའི་ཀེར་ལངས་མི་གནས་སའི་ལོ་རབས་ནི་ད་བར་ལོ་ཁྲི་11.7ནས་ཁྲི་10.8བར་ཡིན་པའི་གཏན་འཁེལ་བྱས་པ་ཡིན་ཞེས་བཤད་པ་རེད། བསྡོམས་ཚིག་འདི་ལས་མིའི་རིགས་ཀྱི་འཕེལ་འགྱུར་ཁྲོད་ཀེར་ལངས་མི་གནས་ས་རྟོགས་ཚད་ཟབ་ཏུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བཀོད་ཡོད།

ཀེར་ལངས་མིར་སྤྲ་མི་ཞེས་འབོད་ཅིང་། ད་བར་ལོ་ཁྲི་300ནས་ཁྲི་200བར་སོང་བའི་གནའ་བོའི་མིའི་རིགས་ཤིག་རེད། དེ་ལས་སྔ་ཙམ་གྱི་གནའ་བོའི་མིའི་རིགས་དང་བསྡུར་ན། ཀེར་ལངས་མིའི་ཀ་ལི་མངོན་གསལ་གྱིས་ཆེ་བ་ཡོད་ལ་དེང་རབས་ཀྱི་བློ་རིག་བཀྲ་བའི་མིའི་རིགས་དང་འདྲ་བར་ལངས་ནས་འགྲོ་བའི་མིའི་རིགས་དང་པོའང་རེད། ཀེར་ལངས་མིའི་རྗེས་ཤུལ་ཨེ་ཤེ་ཡ་ཡོངས་ལ་ཁྱབ་ཡོད་ཅིང་། ཀྲུང་གོའི་མངའ་ཁོངས་སུ་ཤེས་རྟོགས་བྱུང་བའི་ཡོན་མོའུ་མི་དང་། ལན་ཐེན་མི། པེ་ཅིང་མི་སོགས་ཚང་མ་མི་རྒྱུད་དེའི་གྲས་སུ་ཚུད་ཡོད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་ཚོགས་པས་ཀེར་ལངས་མིའི“གཏན་སྡོད་བྱ་ཡུལ་ མཇུག་ཤོས”ཀྱི་ལོ་རབས་གཏན་འཁེལ་བྱས་པ།

ཉེ་ཆར། ཨ་རིའི་ཨའེ་ཨའོ་ཝ་སློབ་ཆེན་དང་ཨོ་སི་ཁྲུ་ལི་ཡའི་མའེ་ཁའོ་ལི་སློབ་ཆེན་སོགས་སྒྲིག་གཞིའི་ཞིབ་འཇུག་མི་སྣས་དབྱིན་ཇིའི《རང་བྱུང》དུས་དེབ་ཐོག་ཁོང་ཚོས་ད་བར་ཤེས་རྟོགས་བྱུང་བའི་ཀེར་ལངས་མིའི་གཏན་སྡོད་བྱ་ཡུལ་མཇུག་ཤོས་ཀྱི་ཉེ་འགྲམ་གྱི་ས་གཤིས་དང་གནའ་རྫས་རྟོག་ཞིབ་དཔང་རྟགས་ལས་ལོ་རབས་ཚོད་དཔག་བྱས་པ་བརྒྱུད་དེ་ག་ནས་ཤེས་རྟོགས་བྱུང་བའི་ཀེར་ལངས་མི་