ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ཚན་རྩལ་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ།

2020-01-11 10:02:00     责编:sangjzm

སྤྱི་ལོ་2020ལོའི་ཨ་རིའི་ལ་སི་ཝེ་ཅ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་སྤྱི་ཚེས་7ཉིན་འགོ་ཚུགས་ཡོད། གསར་འགོད་པས་འགྲེམས་སྟོན་ལ་བཅར་འདྲི་བྱེད་སྐབས། ཀྲུང་གོའི་ཡིད་དབང་འགུག་ཤུགས་ཀྱི་ཤུགས་རྐྱེན་འོག་ཨ་རིའི་ཚན་རྩལ་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་ཚོར་སྣང་བྱུང་ཡོད།

ཨ་རིའི་ཉིང་ལྷེབ་ཀྱི་གྲགས་ཅན་ཀུང་སི་ཀའོ་ཐུང་གི་སྤྱི་འདོམས་ཨ་མོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་ཀའོ་ཐུང་དང་། ཞའོ་མིའི། OPPO VIVO དབྱི་ཅ། ལན་ཞང་སོགས་ཀྲུང་གོའི་བཟོ་གྲྭ་དང་གཉིས་ཕན་མཉམ་ལས་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། དེ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་དཔེ་མཚོན་ཞིག་རེད། 5Gདུས་རབས་ལ་སླེབས་པ་དང་བསྟུན། ཀའོ་ཐུང་གིས་ཀྲུང་གོའི་བར་གྱི་རོགས་པ་དང་མུ་མཐུད་མཉམ་ལས་དམ་ཟབ་བྱེད་པ་དང་། ཁོང་ཚོའི་ཀྲུང་གོའི་ཁྲོམ་ར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོའི་རིག་ནུས་ཁ་པར་རྒྱལ་སྤྱིའི་ཐོག་གཏོང་རྒྱུར་རོགས་རམ་བྱས་ཏེ། གོ་ལ་ཧྲིལ་པོར་5Gམཐའ་སྣེའི་ཁྲོམ་ར་སྔོན་ལ་བཟུང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

རླངས་འཁོར་ཁེ་ལས་གྲགས་ཅན་ཧྥུ་ཐེ་ཀུང་སིས་ཀྱང་ཀྲུང་གོའི་ཁྲོམ་རར་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཧྥུ་ཐེ་ཡི་ཀྲུང་ཧྭ་ཁུལ་གྱི་བརྒྱུད་སྤེལ་སྤྱི་འདོམས་གཞོན་པ་ཧོ་ཅིང་གིས་གསར་འགོད་པར། ཀྲུང་གོས་ཚན་རྩལ་གསར་སྐྲུན་དང་ནུས་ཁུངས་གསར་པའི་གོང་འཕེལ་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། དེ་དང་ཧྥུ་ཐེ་ཡིས་ཤུགས་སྣོན་རྒྱག་པའི་རླངས་འཁོར་མཉམ་འབྲེལ་དྲ་བའི་ལག་རྩལ་དང་། གློག་སྒུལ་རླངས་འཁོར། རིག་ནུས་ཅན་གྱི་ཁ་ཕྱོགས་བཅས་བར་ཚད་མཐོའི་གཅིག་མཐུན་བྱུང་ཡོད། འབྱུང་འགྱུར་ལོ་ལྔའི་རིང་ཧྥུ་ཐེ་ཀུང་སིས་ཀྲུང་གོའི་བར་གྱི་མཉམ་ལས་མུ་མཐུད་ཤུགས་ཆེར་གཏོང་བ་དང་། རང་ས་ཅན་གྱི་འཐབ་ཇུས་མཉམ་ལས་རོགས་པ་རྒྱ་སྐྱེད་བཏང་ནས། མཉམ་དུ་ཚན་རྩལ་གསར་སྐྲུན་བྱ་རྒྱུ་རེད་ཅེས་བསྟན་ཡོད།

སྤེལ་རེས་ཁྲོད་ནས་གསར་འགོད་པས། ཨ་རིའི་ཚན་རྩལ་ཁེ་ལས་ཀྱིས་ཀྲུང་གོར་དགའ་པོ་བྱེད་པའི་རྒྱུ་རྐྱེན་གཅིག་མཚུངས་མིན་ཏེ། ཁེ་ལས་ཁག་གཅིག་གིས་ཁྲོམ་ར་ཆེན་པོ་དང་། བཟོ་སྐྲུན་ནུས་པ། ཐོན་རྫས་ཀྱི་སྤུས་གོང་བསྡུར་ཚད་བཅས་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁག་གཅིག་གིས་ཀྲུང་གོའི་གསར་སྐྲུན་ལག་རྩལ་ལ་བལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ། ཁག་གཅིག་གིས་ཀྲུང་གོའི་ས་ཁམས་གནས་སྟངས་ཡག་པོ་ཡོད་པས་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ལ་ཁྱབ་འགྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།

ཨ་རིའི་ཁྱིམ་སྤྱོད་གློག་ཆས་བཟོ་གྲ་གྲགས་ཅན་ཧུའེ་འར་ཕུ་ཡིས། ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཁྲོམ་རར་རེ་བ་ཆེན་པོ་བཅངས་ཡོད། ཧུའེ་འར་ཕུ་ཡི་ཚོང་རྟགས་བརྒྱུད་བསྒྲགས་སྤྱི་གཉེར་ཐའེ་ཡས་པིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཧུའེ་འར་ཕུ་ཡི་ཀྲུང་གོའི་སྤྱི་ཁྱབ་པུའུ་དང་གོ་ལ་ཧྲིལ་པོའི་ཞིབ་བཟོ་ལྟེ་གནས་ཧོ་ཧྥེ་རུ་བཙུགས་པ་དེས་ཧོ་ཧྥེ་ཡིས་ལྟེ་བ་བྱས་ཏེ་གསར་འབྱེད་གོང་འཕེལ་གཏོང་བའི་ཆོད་སེམས་བརྟན་དུ་གཏོང་རྒྱུ་ཡིན་པ་མཚོན་ཡོད་ཅེས་བསྟན་ཡོད།

སྐབས་འདིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཐོག་ཧུའེ་འར་ཕུས་དོན་དངོས་ལག་རྩལ་བཀོལ་སྤྱོད་བྱ་རྒྱུ་ཤུགས་ཆེར་གཏོང་བའི་རིག་ནུས་སོགས་རིག་ནུས་མཛོད་ཀྱི་ཐོན་རྫས་འགྲེམས་སྟོན་བྱས་པར་ཀུན་གྱིས་དོ་ཁུར་ཆེན་པོ་བྱས་ཡོད། མི་ཐབས་རིག་ནུས་གོང་འཕེལ་གཏིང་ཟབ་བཏང་བ་དང་བསྟུན་ནས་བློ་རིག་མཛོད་ནི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཡིན་པ་དང་། ཀྲུང་གོར་ཁྲོམ་རའི་དགོས་མཁོ་ཆེན་པོ་ཡོད་པས། ཁྱབ་ཁོངས་དེའི་ནང་ཀྲུང་གོའི་བར་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

རྒྱལ་ཁོངས་གྲོལ་བའི་ཁེ་ལས་གྲགས་ཅན་ཕུད། ཨ་རིའི་ཀུང་སི་མང་པོ་ཞིག་གིས་ཀྱང་ཀྲུང་གོ་དང་མཉམ་ལས་བྱེད་པའི་སྤྲོ་སེམས་ཆེན་པོ་ཡོད། ཨ་རིའི་གནས་གཏན་འཁེལ་མ་ལག་ཞིབ་བཟོའི་ཀུང་སི་ཞིག་གི་དབུ་བཞུགས་ལག་བསྟར་དཔོན་ཁེ་ལི་སིས་གསར་འགོད་པར། ཀུང་སི་དེས་སྤྱི་ལོ་2015ལོ་ནས་བཟུང་ཀྲུང་གོ་དང་མཉམ་ལས་བྱེད་འགོ་བཙུགས་ཏེ། ཐོན་རྫས་ཀྱི་མཉེན་ཆས་ཁག་ཨ་རིར་ཞིབ་བཟོ་བྱེད་པ་དང་། མཁྲེག་ཆས་ཁག་ཀྲུང་གོར་བཟོ་གི་ཡོད། མིག་སྔར་ཀྲུང་གོ་དང་མཉམ་ལས་རོགས་པ་བྱེད་མཁན་ཀུང་སི་གསུམ་ཡོད་པ་དང་། འབྱུང་འགྱུར་ཧྭ་ཝེ་དང་པེ་ཅིང་ཁའེ་ཏི་ཏི་ཨའེ་འཕྲིན་གཏོང་ལག་རྩལ་ཚད་ཡོད་ཀུང་སི་དང་མཉམ་ལས་རྒྱ་སྐྱེད་གཏོང་རྩིས་ཡོད་ཅེས་བསྟན་པ་དང་།

ཁེ་ལོ་སིས། ཤེས་བྱའི་ཐོན་དབང་དེ་ཀྲུང་གོའི་བར་གྱི་མཉམ་ལས་ལ་འགོག་རྐྱེན་བཟོ་བའི་རྒྱུ་མཚན་ལ་འགྱུར་མི་རུང་བར་ང་ཚོས་ཀྲུང་གོའི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ཟམ་མི་ཆད་པར་ཡར་ཐོན་འགྲོ་བཞིན་ཡོད་པ་མཐོང་ཐུབ་དགོས། ང་ཚོ་ནི་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་ལ་སླེབས་པས་རང་ཉིད་སྒོ་བཀག་བྱས་ཚེ་མདུན་ལམ་མེད་ཅེས་བསྟན་ཡོད།

ཁེ་ལོ་སིས་བཤད་པ་ལྟར། ད་ལོའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཐོག་ཀུང་སི་4500འགྲེམས་སྟོན་ནང་ཞུགས་པ་དང་། དེ་དག་རྒྱལ་ཁབ་དང་ས་ཁུལ་160ནས་ཡོང་བ་ཞིག་ཡིན་པས། ཚན་རྩལ་གོ་ལ་ཧྲིལ་པོ་ཅན་ལ་འགྱུར་བ་གང་ལེགས་མངོན་ཡོད། ཀྲུང་གོའི་ཁེ་ལས་ཆིག་སྟོང་ཙམ་འགྲེམས་སྟོན་ནང་ཞུགས་པའི་ཐོག་ནས་ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོར་བཟུང་བའི་གནས་བབ་མངོན་ཡོད་ཅེས་བསྟན་པ་ལྟར་རེད།

སྐབས་འདིའི་འགྲེམས་སྟོན་ཐོག་གཙོ་གཉེར་ཕྱོགས་ཁག་གིས་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོའི་ཐོག་འོས་སྦྱོར་བྱས་པའི་འཕྲུལ་མི་ROYBIལ་ཀྲུང་གོའི་ལག་རྩལ་འདུས་ཡོད།

ཨ་རིའི་ROYBIའཕྲུལ་མིའི་ཀུང་སིས་ལོ་3ནས་7བར་གྱི་བྱིས་པར་དམིགས་པའི་འཕྲུལ་མི་གསར་བཟོ་བྱེད་ཆེད་ཆེད་མངག་ལག་རྩལ་ཚོགས་པ་བཙུགས་པ་དང་། སླད་ཕྱིན་ད་དུང་ཀྲུང་གོའི་བཟོ་སྐྲུན་དབུ་ཆེན་དང་མཉམ་དུ་ཇུས་འགོད་དང་བཟོ་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཨ་རིའི་ཚན་རྩལ་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ།

སྤྱི་ལོ་2020ལོའི་ཨ་རིའི་ལ་སི་ཝེ་ཅ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་སྤྱི་ཚེས་7ཉིན་འགོ་ཚུགས་ཡོད། གསར་འགོད་པས་འགྲེམས་སྟོན་ལ་བཅར་འདྲི་བྱེད་སྐབས། ཀྲུང་གོའི་ཡིད་དབང་འགུག་ཤུགས་ཀྱི་ཤུགས་རྐྱེན་འོག་ཨ་རིའི་ཚན་རྩལ་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་ཚོར་སྣང་བྱུང་ཡོད།