ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུའི“ཁེ་སྐྱོང་ཐད་གཏོང་རླངས་འཁོར”གྱི་སྐད་འཕྲིན་སྤྱི་རྟགས་ཐོག་དབྱི་རན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚོས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

2020-01-10 16:37:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི“ཁེ་སྐྱོང་ཐད་གཏོང་རླངས་འཁོར”གྱི་སྐད་འཕྲིན་སྤྱི་རྟགས་ཐོག་ཚེས་8ཉིན་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ། དབྱི་རན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚོས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

ཉེ་ཆར་དབྱི་རན་གྱི་གསར་བརྗེའི་སྲུང་དམག་གི་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ཉི་དབྱི་རག་ཏུ་འཇབ་རྒོལ་ཕོག་ནས་གྲོངས་པ་རེད། ཚེས་8ཉིན་གྱི་ཐོ་རེངས་སུ་དབྱི་རན་གྱི་གསར་བརྗེའི་སྲུང་དམག་གིས་དབྱི་རག་ཏུ་བཅའ་སྡོད་ཨ་རིའི་དམག་དོན་རྟེན་གཞིར་འཕུར་མདའ་འཕངས་ཡོད་ཅེས་གསལ་བསྒྲགས་སྤེལ་བ་རེད།

དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་དབྱི་རན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིས་ས་ཁུལ་གྱི་བདེ་འཇགས་དུས་བབ་ལ་དོ་ཁུར་ཟབ་མོ་བྱས་ནས་དོགས་ཟོན་ཆེར་སྐྱེད་ཀྱིས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས། ཉེན་ཁའམ་ཡང་ན་གློ་བུར་དུ་ཐོན་པའི་གནས་ཚུལ་འཕྲད་ཚེ་ཁྱེད་ཀྱིས་འཕྲལ་མར་ཉེན་བརྡའི་ཁ་པར་རྒྱག་པའམ་ཡང་ན་དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་འབྲེལ་བ་ཞུ་རོགས་ཞེས་དྲན་སྐུལ་བྱས་ཡོད་པ་རེད།

དབྱི་རན་གྱི་ཛ་དྲག་རོགས་སྐྱོར་ཞུ་བའི་ཁ་པར་ཨང་གྲངས། མེ་ཟོན་ཁ་པར་ཨང་གྲངས། 125 ཉེན་རྟོག་པའི་ཁ་པར་ཨང་གྲངས་110 མྱུར་སྐྱོབ་ཁ་པར་ཨང་གྲངས། 115 ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་ཁེ་སྐྱོང་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར་ཨང་གྲངས(ཆུ་ཚོད་24ཡི་རིང་ཤར་གཏོང)+86-10-12308ཡང་ན་+86-10-59913991 དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཁེ་སྐྱོང་སྲུང་སྐྱོབ་དང་རོགས་སྐྱོར་ཁ་པར་ཨང་གྲངས། +98-9122176035ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有