ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

2020ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་ཨེ་ཅིབ་ཏུ་སྤེལ་འགོ་བཙུགས་པ།

2020-01-10 16:36:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་དགོང་མོ་ཨེ་ཅིབ་ཀྱི་ཁེ་རོའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་2020ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་ཨེ་ཅིབ་ཏུ་དངོས་སུ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཁེ་རོའི་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་གཡོད་ཝུན་གྱིས། 2020ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་ཟླ་འདིའི་ཚེས་11ཉིན་ནས་ཟླ་2པའི་ཟླ་དཀྱིལ་བར་སྔ་རྗེས་སུ་ཁེ་རོ་དང་ཡ་ལི་ཧྲན་ཏ་སོགས་ཨེ་ཅིབ་ཀྱི་གྲོང་ཁྱེར་གཙོ་བོར་གཉེར་རྒྱུ་ཡིན་པ་དང་། ཨེ་ཅིབ་ཏུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ཨེ་ཅིབ་ཀྱི་དམངས་ཚོགས་དེར་ཞུགས་ཆོག་ཅེས་བརྗོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང་སྐབས་གསུམ་པའི“ཧོ་ལུའུ་སི་བུམ་པའི”ཀྲུང་ཨེ་དྲག་རྩལ་གྱི་འགྲན་རྒོལ་འགྲན་བསྡུར་དང་། ཨེ་ཅིབ་ཀྱི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས།“དུས་རབས་ཀྱི་བསམ་ཚུལ”ཨེ་ཅིབ་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས། “དཔྱིད་གསར་བུམ་པ”ཉི་ལོ་གཙང་པོའི་རྒྱལ་སྤྱིའི་གྲུ་ཤན་འབྲུག་མགོའི་དུས་ཆེན་དང་དཔྱིད་གསར་གྱི་ཚོགས་མཆོད་དང་དེ་བཞིན“སྐོར་སྐྱོད་ལྷན་འཛོམས་ཟ་མ”པེ་ཅིང་གི་ཞིམ་ཟས་ཟ་ཁང་སོགས་ཀྱི་བྱེད་སྒོ་མང་པོ་ཚུད་པ་རེད།

ཧྲི་གཡོད་ཝུན་གྱིས། 2020ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པས་རིག་གནས་ཉམས་ལེན་དང་། ལུས་རྩལ་རྩལ་འགྲན། སྲོལ་རྒྱུན་གྱི་ཚོགས་མཆོད། དཔྱིད་གསར་དུས་ཆེན་གྱི་དཔལ་འབྱོར་སོགས་གཞི་རྒྱུ་མང་པོ་མཉམ་འདྲེས་བྱས་ནས་ཀྲུང་ཨེའི་དམངས་ཚོགས་ཀྱི་དཔྱིད་གསར་དུས་ཆེན་གྱི་སྤྲོ་སྣང་དང་བདེ་སྐྱིད་མཉམ་དུ་ལོངས་སྤྱོད་དང་དེ་བཞིན་ཀྲུང་ཧྭའི་ཤེས་དཔལ་ཞི་མཐུན་མཉམ་སྤྱོད་ཀྱི་འདུ་ཤེས་ཚོར་བར་བྱ་རྒྱུ་རེད་ཅེས་བཤད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

2020ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་ཨེ་ཅིབ་ཏུ་སྤེལ་འགོ་བཙུགས་པ།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཁེ་རོའི་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་གཡོད་ཝུན་གྱིས། 2020ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་ཟླ་འདིའི་ཚེས་11ཉིན་ནས་ཟླ་2པའི་ཟླ་དཀྱིལ་བར་སྔ་རྗེས་སུ་ཁེ་རོ་དང་ཡ་ལི་ཧྲན་ཏ་སོགས་ཨེ་ཅིབ་ཀྱི་གྲོང་ཁྱེར་གཙོ་བོར་གཉེར་རྒྱུ་ཡིན་