ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་རག་ལ་བཅའ་སྡོད་ཨ་དམག་གི་རྟེན་གཞིར་འཇབ་རྒོལ་ཕོག་པ། དབྱི་རན་གྱིས་འཇབ་རྒོལ་བྱས་ནས་འཁོན་ལན་བསློགས་པ་ཡིན་ཞེས་ཁས་བླངས་པ།

2020-01-10 16:35:00     责编:sangjzm

དབྱི་རན། འཁོན་ལན་སློག་པའི་བྱ་སྤྱོད།

ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་8ཉིན། དབྱི་རན་གྱིས་འཁོན་ལན་སློག་ཆེད་ཨ་དམག་བཅའ་སྡོད་བྱེད་སའི་དབྱི་རག་གི་དམག་དོན་རྟེན་གཞིར་འཕུར་མདའ་བཅུ་གྲངས་འཕངས་པ་ཡིན་ཞེས་བརྗོད་པ་དང་། ཨ་རིའི་ཟུར་ལྔའི་ཐོག་ཁང་གིས་དེ་རྗེས་བདེན་མིན་ར་སྤྲོད་བྱས་པ་མ་ཟད་དེའི་ཐད་ལན་ཇི་ལྟར་སློག་དགོས་མིན་ལ་བསམ་བློ་གཏོང་གི་ཡོད་ཅེས་བཤད་པ་རེད། འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ཧོབ་སྟེ་ཛ་དྲག་ཏུ་སོང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

དབྱི་རན་གྱི་གཞུང་ཕྱོགས་སྨྱན་སྦྱོར་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་8ཉིན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་གསལ་བསྒྲགས་དྲངས་ཏེ་ཨ་དམག་གིས་དབྱི་རན་གྱི་དམག་དོན་བཀོད་འདོམས་དཔོན་ཁཱ་ཤིས་མུའུ·སུའུ་ལའེ་མན་ཉི་བསད་པར་འཁོན་ལན་སློག་ཆེད། དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་ཚེས་8ཉིན་གྱི་ཐོ་རེངས་སུ་ཨ་དམག་བཅའ་སྡོད་བྱེད་སའི་དབྱི་རག་གི་དམག་དོན་རྟེན་གཞི་གཉིས་སུ་ས་ནས་ས་ལ་རྒྱག་པའི་འཕུར་མདའ་བཅུ་གྲངས་འཕངས་ཤིང་། བྱ་སྤྱོད་ཀྱི་མིང་ཚབ་ལ“དཔའ་བོ་སུའུ་ལའེ་མན་ཉིའི་བྱ་སྤྱོད”ཅེས་བརྗོད་ཀྱི་ཡོད། གསལ་བསྒྲགས་ནང་ད་དུང་ཨ་རིས་གང་མགྱོགས་འཛམ་གླིང་དབུས་ཤར་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཨ་རི། ལན་བསློག་རྒྱུར་བསམ་བློ་གཏོང་བ།

ཨ་རིའི་རྒྱལ་སྲུང་པུས་ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས་དབྱི་རན་གྱིས་ཨ་དམག་དང་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་སྡོད་སའི་དབྱི་རག་གི་རྟེན་གཞིར་ཉུང་མཐར་ཡང་མདེལ་ལམ་འཕུར་མདའ་12འཕངས་པ་ར་སྤྲོད་བྱས་པ་དང་། ཉུང་མཐར་ཡང་དམག་དོན་རྟེན་གཞི་གཉིས་དམིགས་འབེན་དུ་བཟུང་ཡོད་ཅིང་། དེ་གཉིས་ནི་ཨ་ས་ཏེ་རྟེན་གཞི་དང་ཨེར་པི་ལི་རྟེན་གཞི་རེད་ཅེས་བསྟན་ཡོད།

གསལ་བསྒྲགས་ནང་། ཨ་རི་ཕྱོགས་ཀྱིས་ད་ལྟ་གནས་ཚུལ་ལ་དཔྱད་དཔོག་བྱེད་བཞིན་ཡོད་པ་མ་ཟད། ཁ་གཏད་ཇི་ལྟར་གཅོག་དགོས་མིན་བསམ་བློ་གཏོང་གི་ཡོད། དགོས་ངེས་ཀྱི་བྱ་ཐབས་ཚང་མ་སྤྱད་དེ་ཨ་རིའི་མི་སྣ་དང་། རོགས་ཟླ། ས་ཁུལ་གྱི་མནའ་གྲོགས་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བསྟན་ཡོད།

རྒྱལ་སྤྱིའི་སྤྱི་ཚོགས། དོ་ཁུར་ཆེན་པོ་བྱེད་པ།

གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱིས་ཨ་དམག་རྟེན་གཞིར་འཇབ་རྒོལ་བྱས་རྗེས་དབྱི་སི་རལ་གྱི་མཁའ་དམག་དང་མཁའ་ཟོན་དྲག་ཆས་ཀྱིས་ཚད་མཐོའི་དོགས་ཟོན་བྱས་ཡོད་པ་རེད།

ཨ་རི་དང་དབྱི་རན་གྱི་ཛ་དྲག་དུས་བབ་ལ་དམིགས་ནས། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་སོ་ཏི་ཨ་རབ་སོགས་འཛམ་གླིང་དབུས་ཤར་རྒྱལ་ཁབ་ལ་འཚམས་འདྲིར་བསྐྱོད་པའི་སྔོན་གཏན་འཁེལ་བའི་འཆར་གཞི་མེད་པར་བཟོས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

དབྱི་རག་ལ་བཅའ་སྡོད་ཨ་དམག་གི་རྟེན་གཞིར་འཇབ་རྒོལ་ཕོག་པ། དབྱི་རན་གྱིས་འཇབ་རྒོལ་བྱས་ནས་འཁོན་ལན་བསློགས་པ་ཡིན་ཞེས་ཁས་བླངས་པ།

ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་8ཉིན། དབྱི་རན་གྱིས་འཁོན་ལན་སློག་ཆེད་ཨ་དམག་བཅའ་སྡོད་བྱེད་སའི་དབྱི་རག་གི་དམག་དོན་རྟེན་གཞིར་འཕུར་མདའ་བཅུ་གྲངས་འཕངས་པ་ཡིན་ཞེས་བརྗོད་པ་དང་། ཨ་རིའི་ཟུར་ལྔའི་ཐོག་ཁང་གིས་དེ་རྗེས་བདེན་མིན་ར་སྤྲོད་བྱས་པ་མ་ཟད་དེའི་ཐད་ལན་ཇི་ལྟར་སློག་དགོས་མིན་