ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕེང་ལི་ཡོན་གྱིས་ཨ་རིའི་ཀྲུའུ་ལི་ཡ་སློབ་གླིང་གི་ཡོན་ཀྲང་ཝོ་ཙེར་དང་མཇལ་འཛོམས་གནང་བ།

2020-01-10 16:22:00     责编:sangjzm

ཟླ་1ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་དུ་ཨ་རིའི་ཀྲུའུ་ལི་ཡ་སློབ་གླིང་གི་ཡོན་ཀྲང་ཝོ་ཙེར་དང་མཇལ་འཛོམས་གནང་བ་རེད།

ཝོ་ཙེར་གྱིས་ཀྲུའུ་ལི་ཡ་སློབ་གླིང་གིས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་བྱེད་པ་དང་ཐེན་ཅིན་རོལ་དབྱངས་སློབ་གླིང་ཀྲུའུ་ལི་ཡ་ཞིབ་འཇུག་ཁང་འཛུགས་སྐྲུན་གྱི་གནས་ཚུལ་སྐོར་ངོ་སྤྲོད་གནང་བ་རེད།

ཕེང་ལི་ཡོན་གྱིས་རོལ་དབྱངས་ནི་མིའི་རིགས་ཀུན་གྱིས་སྤྱོད་པའི་སྐད་ཡིག་དང་། མངའ་ཁོངས་དང་། རིགས་རྒྱུད། རིག་གནས་བཅས་མི་འདྲ་བའི་དབར་གྱི་མི་རྣམས་ཀྱི་སེམས་པ་སྦྲེལ་མཐུད་ཐུབ་ཅིང་། རོལ་དབྱངས་སློབ་གསོ་དང་སྤེལ་རེས་ནི་ཧ་ཅང་གལ་ཆེན་ཡིན། ཐེན་ཅིན་རོལ་དབྱངས་སློབ་གླིང་ཀྲུའུ་ལི་ཡ་ཞིབ་འཇུག་ཁང་ཉེ་བའི་ལོ་འགའི་ནང་འཕེལ་རྒྱས་བདེ་བླག་བྱུང་བ་ཐོས་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། དེ་བས་མང་བའི་ཕུལ་བྱུང་གི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཀྲུང་གོ་དང་ཨ་རིའི་མི་ཆོས་རིག་གནས་ཀྱི་དཔེ་མཚོན་འཛུགས་རྒྱུའི་རེ་བ་ཡོད་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་རྒྱ་ཆེ་བའི་མི་ཆོས་རིག་གནས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་སྔར་བས་གོང་སྤེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

ཝོ་ཙེར་གྱིས་ཀྲུའུ་ལི་ཡ་སློབ་གླིང་གིས་མུ་མཐུད་ཀྲུང་གོར་སྒྱུ་རྩལ་སློབ་གསོ་སྤེལ་རྒྱུར་ཧུར་ཐག་གཞོལ་ནས། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་མཛའ་གྲོགས་ཀྱི་ས་བོན་སྔར་ལས་མང་བ་འདེབས་རྒྱུ་ཡིན་ཞེས་བརྗོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཕེང་ལི་ཡོན་གྱིས་ཨ་རིའི་ཀྲུའུ་ལི་ཡ་སློབ་གླིང་གི་ཡོན་ཀྲང་ཝོ་ཙེར་དང་མཇལ་འཛོམས་གནང་བ།

ཕེང་ལི་ཡོན་གྱིས་རོལ་དབྱངས་ནི་མིའི་རིགས་ཀུན་གྱིས་སྤྱོད་པའི་སྐད་ཡིག་དང་། མངའ་ཁོངས་དང་། རིགས་རྒྱུད། རིག་གནས་བཅས་མི་འདྲ་བའི་དབར་གྱི་མི་རྣམས་ཀྱི་སེམས་པ་སྦྲེལ་མཐུད་ཐུབ་ཅིང་། རོལ་དབྱངས་སློབ་གསོ་དང་སྤེལ་རེས་ནི་ཧ་ཅང་གལ་ཆེན་ཡིན། ཐེན་ཅིན་རོལ་དབྱངས་སློབ་གླིང་ཀྲུའུ་ལི་ཡ་ཞིབ་འཇུག་ཁང་ཉེ་བའི་ལོ་འགའི་ནང་འཕེལ་རྒྱས་བདེ་བླག་བྱུང་བ་ཐོས་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་། ཕྱོགས་