ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་རན་གྱིས་ཨུ་ཁེ་ལན་གྱི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་འཕྲད་པ་དེ་དབྱི་རན་གྱིས་ཨ་རིའི་དམག་དཔུང་རྟེན་གཞིར་འཇབ་རྒོལ་བྱས་པ་དང་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས་པ།

2020-01-10 15:57:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། དབྱི་རན་བརྙན་འཕྲིན་ཁང་གིས་སྤྱི་ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་གཞུང་ལམ་དང་གྲོང་ཁྱེར་གོང་འཕེལ་པུའི་པུའུ་ཀྲང་མུ་ཧན་མུ་ཏེ་ དབྱི་སི་ལ་མི་ཡིས་དེ་ཉིན། ཨུ་ཁེ་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུར་སྤྱི་ཚེས་8ཉིན་ཏེ་ཧའེ་ལན་དུ་ཆག་སྒོ་འཕྲད་པ་དེ་དང་དབྱི་རན་གྱིས་དབྱི་རག་ཏུ་བཅའ་སྡོད་ཨ་རིའི་དམག་དཔུང་རྟེན་གཞིར་མེ་ཤུགས་འཕུར་མདེལ་འཕེན་པ་འབྲེལ་བ་ཡོད་པ་ཁས་བླངས་མེད་པ་རེད།

དབྱི་སི་ལ་མིར་གྱིས། གལ་སྲིད་དཀྲོག་གཏམ་དེ་ལྟར་ཡིན་ན། གནམ་གྲུ་མཁའ་དབྱིངས་སུ་འབར་གས་བྱུང་སྲིད། འོན་ཀྱང་དོན་དངོས་དེ་ལྟར་མིན། གནམ་གྲུ་ནི་ལག་རྩལ་གྱི་གནད་དོན་རྐྱེན་གྱིས་མེ་ཤོར་བ་ཞིག་རེད། ཐོག་མར་གནམ་གྲུའི་བརྡ་འཕྲིན་དང་ཚོད་འཛིན་མ་ལག་ལས་ཀ་བྱེད་མཚམས་ཆད་པ་དང་། དེ་རྗེས་གནམ་གྲུ་ས་ཐོག་ཏུ་ལྷུང་བ་རེད་ཅེས་དང་། ཁོང་གིས། དབྱི་རན་གྱིས་འཚོལ་རྙེད་ཐུབ་པའི་ཆག་སྒོ་འཕྲད་པའི་འགྲུལ་སྐྱེལ་གནམ་གྲུའི་སྒྲ་བླུགས་ཡོ་ཆས་ཨ་རིའི་པོ་དབྱིན་ཀུང་སིའམ་རྒྱལ་ཁབ་གང་རུང་ཞིག་ལ་རྩིས་སྤྲོད་བྱེད་མི་སྲིད་ཅེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

དབྱི་རན་གྱིས་ཨུ་ཁེ་ལན་གྱི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་འཕྲད་པ་དེ་དབྱི་རན་གྱིས་ཨ་རིའི་དམག་དཔུང་རྟེན་གཞིར་འཇབ་རྒོལ་བྱས་པ་དང་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས་པ།

དབྱི་རན་བརྙན་འཕྲིན་ཁང་གིས་སྤྱི་ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་གཞུང་ལམ་དང་གྲོང་ཁྱེར་གོང་འཕེལ་པུའི་པུའུ་ཀྲང་མུ་ཧན་མུ་ཏེ་ དབྱི་སི་ལ་མི་ཡིས་དེ་ཉིན། ཨུ་ཁེ་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུར་སྤྱི་ཚེས་8ཉིན་ཏེ་ཧའེ་ལན་དུ་ཆག་སྒོ་འཕྲད་པ་དེ་དང་དབྱི་རན་གྱིས་དབྱི་རག་ཏུ་བཅའ་སྡོད་ཨ་རིའི་དམག་དཔུང་རྟེན་གཞིར་མེ་ཤུགས་འཕུར་མདེལ་