ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཁོང་ཀོ་ཅིན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲས་ཞིག་ལྷུངས་ནས་ཉུང་མཐར་ཡང་མི་23རྐྱེན་ལམ་དུ་ཤོར་བ།

2019-11-25 09:33:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་24ཉིན་ཁོང་ཀོ་ཅིན་ཤར་རྒྱུད་ཀྱི་པེ་ཅི་ཝུའུ་མངའ་སྡེར་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུངས་ནས་ཉུང་མཐར་ཡང་མི་23རྐྱེན་ལམ་དུ་ཤོར་ཡོད། གནམ་གྲུ་དེ་བྲེལ་འཚུབ་ཆེ་བའི་སྦྲང་མ་ཞེས་པའི་མཁའ་འགྲུལ་ཀུང་སིའི་ཁོངས་སུ་གཏོགས་པ་དང་། དེ་ཉིན་པེ་ཅི་ཝུའུ་མངའ་སྡེའི་གྲོང་ཁྱེར་ལྟེ་གནས་ཀེ་མ་ནས་འཕུར་སྐྱོད་བྱས་ཏེ་ཡུལ་རིང་མ་སོང་བར་སྒུལ་བྱེད་འཕྲུལ་འཁོར་ནས་འབར་གས་ཀྱི་སྒྲ་གྲགས་པ་དང་། འཕུར་སྐྱོད་པས་ཕྱིར་ལོག་བྱེད་རྩིས་བྱས་མོད། འོན་ཀྱང་མཐའ་མཇུག་གནམ་གྲུ་དེ་ཀེ་མ་གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་མིའི་གནས་སྡོད་ཁུལ་ཞིག་ཏུ་ལྷུངས་ཡོད། མིག་སྔར་རོགས་སྐྱོབ་ཚོགས་པས་གནམ་གྲུ་ལྷུངས་ས་དངོས་ནས་ཕུང་པོ་23རྙེད་པ་དང་། པེ་ཅི་ཝུའུ་མངའ་སྡེའི་དཔོན་རིགས་ཀྱིས་གནམ་གྲུའི་ཐོག་གི་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཁོང་ཀོ་ཅིན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲས་ཞིག་ལྷུངས་ནས་ཉུང་མཐར་ཡང་མི་23རྐྱེན་ལམ་དུ་ཤོར་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་24ཉིན་ཁོང་ཀོ་ཅིན་ཤར་རྒྱུད་ཀྱི་པེ་ཅི་ཝུའུ་མངའ་སྡེར་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུངས་ནས་ཉུང་མཐར་ཡང་མི་23རྐྱེན་ལམ་དུ་ཤོར་ཡོད།