ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་དང་། རྒྱལ་སྤྱིའི་མི་སྣ་བཅས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ཨ་རིའི་ཕྱོགས་ནས་འཕྲལ་དུ་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ།

2019-11-25 09:31:00     责编:卓玛才让

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ། ཕྱི་རྒྱལ་གྱི་དཔོན་རིགས། རིགས་གཅིག་མཁས་པ། རིག་གནས་པ་བཅས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ཨ་རིའི་ཕྱོགས་ནས་འཕྲལ་དུ་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད།

སུའེ་ཏེན་གྱི་ཕྱིར་སྡོད་ཀྲུང་གོ་བ་ལིའུ་ཞུན་གྱིས། དེ་སྔའི་ཤང་ཀང་ནི་དེ་འདྲའི་མཛེས་སྡུག་ལྡན་ལ་འཆམ་མཐུན་འབྱོར་ཕྱུག་ལྡན་པ་ཞིག་ཡོད། འོན་ཀྱང་ད་ཆ་ཤང་ཀང་རྦད་དེ་ཟང་ཟིང་གི་གནས་སུ་གྱར་ནས་ཉམས་ཆག་ཆེན་པོ་བྱུང་ཡོད། སྣང་ཚུལ་དེ་ལྟ་བུ་ནི་འཛམ་གླིང་ཐོག་གི་སྐྱེ་བོ་སུ་ཞིག་གིས་ཀྱང་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པར་ང་ལ་ཡིད་ཆེས་ཡོད། ཨ་རིའི་རྒྱལ་ཚོགས་ནས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེས་པར་གྲོས་འཆམ་བྱས་པ་ནི་མི་རྣམས་ཁོང་ཁྲོ་བྱེད་དགོས་པའི་བྱ་སྤྱོད་ཤིག་ཡིན་ཞེས་བསྟན་ཡོད་པ་རེད།

སིང་ཀ་ཕོར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་ཀྲང་ལེ་ཡིས། དུས་ཚོད་འདི་འདྲའི་སྐབས་སུ་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ཞེས་པ་བཏོན་པ་དེ་དོན་དངོས་ཐོག་ཚད་གཞི་གཉིས་ལྡན་ཞིག་རེད། དེ་ལྟར་བྱས་ཚེ་དེས་ང་ཚོ་ཀྲུང་གོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་། ཤང་ཀང་ཟང་ཟིང་གི་གནས་སུ་གྱར་བཅུག་ཚེ། ང་ཚོའི་ཤར་ཕྱོགས་ཀྱི་མུ་ཏིག་ལ་འོད་མདངས་མེད་པར་འགྱུར་རྒྱུ་ཡིན་པས། དེར་ང་ཚོ་ཕྱིར་སྡོད་ཀྲུང་གོ་བས་སེམས་སྡུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

རྒྱལ་སྤྱིའི་མི་སྣ་མང་པོ་ཞིག་གིས་ཀྱང་། ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་འཆམ་བྱས་པའི་བྱེད་སྟངས་དེ་རིགས་ནི་ཨ་རིའི་སྲིད་དོན་མི་སྣས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་རྒྱུན་གཏན་གྱི་གཡོ་ཐབས་ཤིག་ཡིན་པས། ངོ་རྒོལ་བྱེད་དགོས་ངེས་རེད་ཅེས་བསྟན་ཡོད་པ་རེད།
ལྷོ་ཁོ་རེ་ཡའི་ཧན་ཀྲུང་གྲོང་ཁྱེར་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོན་ཆི་ཀྲི་ཡིས། ད་ཆ་ལྷོ་ཁོ་རེ་ཡ་བ་མང་པོ་ཤང་ཀང་དུ་ཡུལ་སྐོར་བྱེད་པར་འགྲོ་མི་ནུས་ལ། དེ་བས་ཤང་ཀང་ལ་མ་འཇོག་བྱེད་པར་འགྲོ་ནུས་ཀྱི་མེད། གཏུམ་སྤྱོད་པ་དེ་དག་གིས་ད་དུང་ཀྲུང་གོས་ཤང་ཀང་ལ་འཛིན་པའི་བདག་དབང་ཁས་མི་ལེན་པ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་མ་ལག་གིས་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་ཡིན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཡང་ཐོབ་མི་སྲིད། ཨ་རི་དང་དབྱིན་ཇི་སོགས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་འཕྲལ་དུ་ཐེ་ཇུས་དང་ངན་སྐུལ་བྱེད་མཚམས་འཇོག་དགོས་པ་དང་། ཨ་རིའི་རྒྱལ་ཚོགས་ཀྱིས་གྲོས་འཆམ་བྱས་པའི་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞི་དེས་ཨེ་ཤ་ཡ་བྱང་ཤར་ས་ཁུལ་ཞི་བདེ་དང་དར་རྒྱས་ཡོང་བར་རོགས་རམ་གང་ཡང་བྱེད་མི་ཐུབ་ཅེས་བསྟན་ཡོད་པ་རེད།

དབྱིན་ཇིའི་ཅན་ཆའོ་གྲོང་ཁྱེར་གྱི་གྲོང་སྤྱི་ཟུར་པ་ཆའོ་ཀྲི·ཕི་ཕ་སིས། ཀྲུང་གོ་སྲིད་གཞུང་གི་བྱེད་སྟངས་ནི་ཡང་དག་པ་ཞིག་ཡིན་པའི་ངས་ཚིག་ཐག་བཅད་ནས་བཤད་ཆོག གལ་ཏེ་ངའི་ཁྱིམ་དུ་ཁྱིམ་ཚང་གི་གནད་དོན་འགའ་ཐོན་ཚེ། ཁྱིམ་མཚེས་ཀྱིས་ངའི་ཁྱིམ་ཚང་གི་གནད་དོན་ཐག་གཅོད་བྱེད་པར་ཐེ་ཇུས་བྱེད་དུ་འཇུག་མི་སྲིད། རང་ཉིད་ཀྱི་ངོས་ནས་བཤད་ན། བདག་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཕྱིན་རང་ཉིད་ཀྱིས་ནང་ཁུལ་བྱ་དོན་ཐག་གཅོད་བྱེད་ཐུབ་ངེས་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐྱིད་པོ།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་དང་། རྒྱལ་སྤྱིའི་མི་སྣ་བཅས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ཨ་རིའི་ཕྱོགས་ནས་འཕྲལ་དུ་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ།

ཉིན་ཤས་བསྟུད་མར་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ། ཕྱི་རྒྱལ་གྱི་དཔོན་རིགས། རིགས་གཅིག་མཁས་པ། རིག་གནས་པ་བཅས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ཨ་རིའི་ཕྱོགས་ནས་འཕྲལ་དུ་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད།