ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སུང་ཀུའུ་རི་རྩེར་འཛེགས་ནས་གཅེས་པར་འོས་པའི་མིར་མཆོད་འབུལ་བྱས་པ།

2019-11-23 10:33:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ཡ་ཕིང་དང་ཁྲེང་ཏ་ཡུས་ཀྱིས།

ཁྲའོ་ཞན་དབུས་རྒྱུད་ཀྱི་ཕིང་ཨན་ནན་ཏའོ་ཡི་ཅ་ཁྲོན་གྲོང་ཁྱེར་གྱི་མཐའ་བཞི་མུ་འབྲེལ་རི་མ་ཐང་གིས་སྐོར་ཡོད། ཉིན་ཤས་གོང་། ཀྲུང་གོ་བ་བཅུ་གྲངས་ཕན་ཚུན་སྐྱོར་རེས་དང་བཅས་གོམ་པ་རེ་རེ་བཞིན་ཅ་ཁྲོན་གྲོང་ཁྱེར་ཉེ་འགྲམ་གྱི་རི་མ་ཐང་ཆུང་ངུ་ཞིག་ཐོག་འཛེགས། ཁོང་ཚོའི་ཁྲོད་ཀྲུང་གོ་མི་དམངས་དང་བླངས་དམག་གི་དམག་མི་རྒན་གྲས་ཡོད་ལ་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མ་ཡང་ཡོད། ཁོང་ཚོས་འཛེགས་པའི་རི་རྩེ་དེ་ནི་ཀྲུང་གོའི་བའི་རྣ་བར་རྒྱུན་དུ་ནས་འཇགས་པའི་ཁྲའོ་ཞན་གྱི་ས་མིང་སུང་ཀུའུ་རི་རྩེ་ཞེས་པ་དེ་ཡིན།

“སུང་ཀུའུ་རི་རྩེའི་འཇབ་རྒོལ་དམག་གི་དཔའ་བོ་ཚོ། དེ་རིང་ང་ཚོས་འཐབ་གྲོགས་ལ་བཅངས་པའི་དྲན་སེམས་དང་མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོར་བཅངས་པའི་གུས་བཀུར་གྱི་བསམ་པའི་ཐོག་ནས་ཁྱེད་ཚོར་མཆོད་འབུལ་དང་ཁྱེད་ཚོའི་དག་ཞིང་དུ་གཤེགས་པའི་རྣམ་ཤེས་ལ་སེམས་གསོ་ཞུ་བར་ཡོང་བ་ཡིན”ཞེས་ལོ་84ལ་སླེབས་པའི་དང་བླངས་དམག་གི་དམག་མི་རྒན་གྲས་ཚའོ་ཅ་ལིན་གྱིས་མཆི་ཞག་འཁོར་བཞིན་སྐད་གསང་མཐོན་པོས་མྱ་ངན་ཞུ་ཡིག་བཀླགས།

བརྗིད་རྔམ་ཆེ་ལ་སྟབས་བདེ་བའི་མཆོད་འབུལ་མཛད་སྒོ་དེ་ཚའོ་ཅ་ལིན་གྱིས་སྣེ་ཁྲིད་པའི་དང་བླངས་དམག་གི་དམག་མི་རྒན་གྲས་དང་དང་བླངས་དམག་གི་མི་རབས་རྗེས་མ་ལས་གྲུབ་པའི་དམངས་ཁྲོད་ཀྱི་དུར་མཆོད་ཚོགས་པས་ཅ་ཁྲོན་གྲོང་ཁྱེར་མི་དམངས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཧོང་པིན་ཀྲེ་སོགས་ཀྱི་ཕེབས་རོགས་འོག་སྤེལ་བ་ཞིག་རེད། ཚའོ་ཅ་ལིན་གྱིས་སུང་ཀུའུ་རི་རྩེའི་དམག་འཐབ་ནང་རང་སྲོག་ཤོར་བའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་71གི་རུས་མིང་རེ་རེ་བཞིན་ཀློག་པ་དང་། ཁ་བས་བཀླུབས་པའི་རི་རྩེར་ཕྱོགས་ནས“མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོའི་རླབས་ཆེའི་བྱས་རྗེས་ནམ་ཡང་བརྗེད་མི་སྲིད”ཅེས་བརྗོད་པས་སྐད་སྒྲར་བྲག་ཅ་འཁོར། དེ་གར་ཡོད་པའི་ཀྲུང་གོ་བ་དང་ཁྲའོ་ཞན་གྱི་ཕེབས་རོགས་ཞུ་མཁན་ཚོས་སྒམ་ནན་གུས་བཀུར་དང་སེམས་འགུལ་ཐེབས་པའི་ཉམས་སྣང་མི་སྟོན་མཁན་གཅིག་ཀྱང་མེད།

1950ལོའི་ཟླ་11ཚེས་30ཉིན་གཡུལ་འགྱེད་ཐེངས་གཉིས་པའི་ནང་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་དམག་ཚར་གཅོད་བཏང་རྗེས་ཨ་དམག་དངངས་འཚབ་ཆེན་པོས་ལྷོ་ཕྱོགས་སུ་བྲོས། ཁོང་ཚོའི་ཕྱིར་གཤོལ་གྱི་ལམ་འགོག་ཆེད་དང་བླངས་དམག་གི་འབུམ་ཤོག་38ཀྱི་ཁྲི་ཤོག་112གི་མདའ་ཤོག་335ཡི་རུ་ཤོག་དང་པོའི་བརྒྱ་ཤོག་གསུམ་པའི་དཔའ་བོ་ཚོས་གནམ་གཤིས་ཧ་ཅང་གྲང་ངར་ཆེ་ན་ཡང་ཐག་རིང་དུ་ཤོར་ནས་འཇབ་རྒོལ་བྱས་ཏེ་སྐར་མ་བཅུ་གྲངས་ཀྱི་སྔོན་ལ་སུང་ཀུའུ་རི་རྩེ་བཟུང་བ་རེད། དེ་ནས་འཛིང་རགས་ཀྱང་རྒྱག་ཁོམ་མ་བྱུང་བར་ཛ་དྲག་པའི་འཇབ་རྒོལ་དམག་རྒྱག་འགོ་ཚུགས།

ཨ་དམག་གི་དམག་མིས་རང་སྲོག་ཐར་ཐབས་བྱ་ཆེད། རི་སྟེང་དུ་ཡོད་པའི་དང་བླངས་དམག་ལ་ཕར་རྒོལ་མང་པོ་བྱས་ཀྱང་བརྒྱ་ཤོག་གསུམ་པའི་དཔའ་བོ་ཚོས་སུང་ཀུའུ་རི་རྩེ་བརྟན་པོར་བསྲུངས། སུང་ཀུའུ་རི་རྩེའི་དམག་འཐབ་ནང་དང་བླངས་དམག་གིས་ཉུང་བས་མང་བ་ལས་རྣམ་པར་རྒྱལ་བའི་ཀྲུང་གོའི་དམག་མིའི་ཟིལ་ཤུགས་མཚོན་པར་བྱས་ཡོད་ལ་ཀྲུང་གོ་གསར་པའི་ཀྲུང་ཧྭའི་ཕོ་རབ་ཀྱི་དཔའ་ཉམས་ཀྱང་མཚོན་པར་བྱས་ཡོད། སྐབས་དེ་དུས་ཁྲའོ་ཞན་གྱི་གཡུལ་སར་བཅར་འདྲི་བྱེད་བཞིན་པའི་རྩོམ་པ་པོ་ཝུའེ་ཝུའེ་ཡིས་ཁོང་གི་མཐོང་ཐོས་མྱོང་གསུམ《སུ་ནི་གཅེས་པར་འོས་པའི་མི་ཡིན་ནམ》ཞེས་པའི་འཕྲིན་སྤེལ་ནང་བཀོད་པས་ཀྲུང་ཧྭའི་བུ་ཕྲུག་མང་པོར་སེམས་འགུལ་ཚད་མེད་ཐེབས་ཡོད་པ་རེད།

“ངས་ཝུའེ་ཝུའེ་ཡི་རྩོམ་ཡིག་དེ་བཀླགས་རྗེས་གཞི་ནས་དང་བླངས་དམག་ནང་ཞུགས་རྒྱུའི་ཐག་བཅད་པ་དང་སྐབས་དེ་དུས་ང་ལོ15ཡིན”ཚའོ་ཅ་ལིན་གྱིས་སུང་ཀུའུ་རི་རྩེའི་ཐང་ཤིང་ཞིག་འཇུས་ཏེ་དེང་བལྟས་སྔ་དྲན་བྱས་ཤིང་། “ང་ཚོའི་སེམས་ཤུགས་ཆེ་བའི་གཞོན་ནུ་མང་ཆེ་བ་རྩོམ་ཡིག་དེའི་འབོད་སྐུལ་འོག་ཨ་འགོག་ཁྲའོ་རོགས་ཀྱི་གཡུལ་སར་ཡོང་བ་ཤ་སྟག་རེད། ང་ཚོས་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་ནས་གཅེས་པར་འོས་པའི་མི་ཞིག་བྱེད་འདོད་ཡོད”

ཚའོ་ཅ་ལིན་1951ལོའི་ཟླ་6པར་ཁྲའོ་ཞན་དུ་བསྐྱོད་ནས་དམག་འཁྲུག་ནང་ཞུགས་པ་དང་1956ལོར་གཞི་ནས་ཁྲའོ་ཞན་ནས་ཁ་བྲལ་ཏེ་རང་རྒྱལ་དུ་ལོག “ངའི་ལང་ཚོའི་དུས་སྐབས་དེ་དེ་གར་བསྐྱལ་བ་ཡིན། འཐབ་གྲོགས་མང་པོ་དེ་གར་སྐུ་གཤེགས་པས་ང་ས་ཆ་དེར་བརྩེ་དུང་ཟབ་མོ་ཡོད”ཅེས་ཁོང་གིས་ཚོར་སྣང་ཟབ་མོས་བརྗོད།

ད་ལྟ་གཟུགས་གཞི་སྔར་བཞིན་ཐང་པོ་ཡོད་པའི་ཚའོ་ཅ་ལིན་རྒན་ཡོལ་ཞུས་རྗེས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མའི་གཉེན་འཚོལ་དང་ཁྲའོ་ཞན་དུ་དུར་མཆོད་བྱེད་པར་འགྲོ་བའི་ལས་ལ་གཞོལ་གྱི་ཡོད། ད་དུང་སྔོན་གཤེགས་དཔའ་བོའི་གཉེན་ཉེ་དང་མི་རབས་རྗེས་མ་ཁྲའོ་ཞན་གྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མཆོད་འབུལ་བྱེད་པར་ཐེངས་མང་འཁྲིད་ཡོད། སུང་ཀུའུ་རི་རྩེར་ཡོང་ནས་རང་ཉིད་ངོ་མས་དེ་གར་རང་སྲོག་ཤོར་བའི་འཐབ་གྲོགས་ལ་མཆོད་འབུལ་བྱ་རྒྱུ་བྱུང་བ་ནི་ཁོང་གི་ལོ་མང་རིང་གི་ཕུགས་འདུན་ཆེ་ཤོས་དེ་ཡིན། ད་ཆ་རི་རྩེར་འཛེགས་ནས་མྱ་ངན་ཞུ་ཡིག་བཀླགས་པ་དང་ཁོང་ཚོར་མཆོད་འབུལ་བྱས་པས་ཁོང་གི་བསམ་འདུན་ཆེ་ཤོས་དེ་བསྒྲུབས་པ་རེད།

中央广播电视总台 央广网 版权所有

སུང་ཀུའུ་རི་རྩེར་འཛེགས་ནས་གཅེས་པར་འོས་པའི་མིར་མཆོད་འབུལ་བྱས་པ།

ཁྲའོ་ཞན་དབུས་རྒྱུད་ཀྱི་ཕིང་ཨན་ནན་ཏའོ་ཡི་ཅ་ཁྲོན་གྲོང་ཁྱེར་གྱི་མཐའ་བཞི་མུ་འབྲེལ་རི་མ་ཐང་གིས་སྐོར་ཡོད། ཉིན་ཤས་གོང་། ཀྲུང་གོ་བ་བཅུ་གྲངས་ཕན་ཚུན་སྐྱོར་རེས་དང་བཅས་གོམ་པ་རེ་རེ་བཞིན་ཅ་ཁྲོན་གྲོང་ཁྱེར་ཉེ་འགྲམ་གྱི་རི་མ་ཐང་ཆུང་ངུ་ཞིག་ཐོག་འཛེགས། ཁོང་ཚོའི་ཁྲོད་ཀྲུང་གོ་མི་དམངས་དང་བླངས་དམག་གི་དམག་མི་རྒན་གྲས་ཡོད་ལ་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མ་ཡང་ཡོད། ཁོང་ཚོས་འཛེགས་པའི་རི་རྩེ་དེ་ནི་ཀྲུང་