ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཡོ་རོབ་ཀྱི་གླེང་སྟེགས་སྐབས་དགུ་པ་པུ་རུ་སེར་དུ་འཚོགས་པ།

2019-11-23 10:32:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་18དང་19ཉིན་ཀྲུང་གོ་དང་ཡོ་རོབ་ཀྱི་གླེང་སྟེགས་སྐབས་དགུ་པ་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་འཚོགས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་སྲིད་དོན་དང་། ཚོང་དོན། རིག་གཞུང་སོགས་ལས་རིགས་ཁག་གི་འཐུས་མི་200ལྷག་ཙམ་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཀྱི་གྲོས་འགོར་རྒྱ་ཁྱབ་ངང་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་རེད།

སྐབས་འདིའི་གླེང་སྟེགས་དེ་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པ་དང་ཡོ་རོབ་ཀྱི་ཇུས་འདོན་ཚོགས་པའི“ཡོ་རོབ་གྲོགས་པོ”དང་། ཀྲུང་གོ་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས། ཀྲུང་གོ་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ཁང་སོགས་སྒྲིག་གཞིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“མཐུན་པ་ཡོང་ཐབས། མི་མཐུན་པ་སོར་འཇོག ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ”ཞེས་པ་དེ་ཡིན། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པའི་གནས་སྐབས་ལས་སྒྲུབ་པ་ཝང་ཧུང་ཅན་གྱིས་གླེང་སྟེགས་ཐོག མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་མི་སྣའི་དབར་འཚམས་འདྲི་ཡང་ཡང་བྱེད་ཀྱི་ཡོད། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ཀྲུང་གོ་དང་ཡོ་རོབ་དབར་རྩ་བའི་ཁེ་གྱོང་གི་འགལ་བ་མེད་པས་མཉམ་ལས་ནི་ཐོག་མཐའ་བར་གསུམ་གྱི་འཕེལ་ཕྱོགས་གཙོ་བོ་ཡིན་ལ་ཐུན་མོང་གི་ངོས་འཛིན་སྔ་ཕྱི་བར་གསུམ་དུ་མི་མཐུན་ས་ལས་མང་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་དོན་དག་མུ་མཐུད་ཡག་པོ་བསྒྲུབས་ནས་ལྷག་བསམ་ཟོལ་མེད་ངང་ཡོ་རོབ་ཕྱོགས་དང་གཏན་ལ་འཁེལ་བའི་གྲུབ་འབྲས་ཐུན་མོང་ཐོག་ལག་བསྟར་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཀྲུང་གོ་དང་ཡོ་རོབ་ཀྱི་གླེང་སྟེགས་སྐབས་དགུ་པ་པུ་རུ་སེར་དུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་18དང་19ཉིན་ཀྲུང་གོ་དང་ཡོ་རོབ་ཀྱི་གླེང་སྟེགས་སྐབས་དགུ་པ་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་འཚོགས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་སྲིད་དོན་དང་། ཚོང་དོན། རིག་གཞུང་སོགས་ལས་རིགས་ཁག་གི་འཐུས་མི་200ལྷག་ཙམ་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་