ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

2019ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་འཕྲུལ་ཆས་འགྲེམས་སྟོན་འགོ་ཚུགས་པ།

2019-11-23 10:31:00     责编:sangjzm

འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་16དང་17ཉིན་2019ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་འཕྲུལ་ཆས་འགྲེམས་སྟོན·ཀྲུང་གོའི་བུར་ཤིང་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་དངོས་མང་སྟོན་ཚོགས་ཀོང་ཤིས་ནན་ཉིང་ཧྭ་ནན་གྲོང་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་རེད། དངོས་མང་སྟོན་ཚོགས་ནི་ཀྲུང་གོ་ཞིང་ལས་འཕྲུལ་ཆས་ཅན་མཐུན་ཚོགས་དང་། ཀྲུང་གོ་ཞིང་ལས་འཕྲུལ་ཆས་བཟོ་ལས་མཐུན་ཚོགས། ཀྲུང་གོ་ཞིང་ལས་འཕྲུལ་ཆས་འཁོར་རྒྱུག་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀོང་ཤིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། ཀོང་ཤིས་རང་སྐྱོང་ལྗོངས་མངར་ཆའི་ལས་རིགས་འཕེལ་རྒྱས་གཞུང་ལས་ཁང་། ཀོང་ཤིས་རང་སྐྱོང་ལྗོངས་ཞིང་ལས་འཕྲུལ་ཆས་ཅན་ཞབས་ཞུའི་ལྟེ་གནས་བཅས་ཀྱིས་ཐུན་མོང་ཐོག་གཉེར་འགན་འཁུར་ཡོད། སྐབས་འདིའི་འགྲེམས་ཚོགས་ཀྱིས“སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་ཏེ་ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་ཅན་ལ་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་ཤིང་། གཡོད་ཧན་ཏིར་དང་། ཁའེ་སི་ཉིའུ་ཧོ་ལན། ལིའུ་ཀུང་ཚོགས་པ་སོགས་རྒྱལ་ཁབ་ཕྱི་ནང་གི་ཞིང་འཕྲུལ་དང་ཞིང་འཕྲུལ་ལྷུ་ལག་ཐོན་སྐྱེད་དང་། བྲིན་ཚོང་། འཁོར་རྒྱུག་སོགས་བྱེད་མཁན་འབྲེལ་ཡོད་ཁེ་ལས་180ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་པ་དང་འགྲེམས་སྟོན་གྱི་གཞི་ཁྱོན་སྨི་ངོས་གྲུ་ཁྲི་3.4ཟིན་ཡོད་པ་རེད།

中央广播电视总台 央广网 版权所有

2019ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་འཕྲུལ་ཆས་འགྲེམས་སྟོན་འགོ་ཚུགས་པ།

ཟླ་11ཚེས་16དང་17ཉིན་2019ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་འཕྲུལ་ཆས་འགྲེམས་སྟོན·ཀྲུང་གོའི་བུར་ཤིང་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་དངོས་མང་སྟོན་ཚོགས་ཀོང་ཤིས་ནན་ཉིང་ཧྭ་ནན་གྲོང་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་རེད། དངོས་མང་སྟོན་ཚོགས་ནི་ཀྲུང་གོ་ཞིང་ལས་འཕྲུལ་ཆས་ཅན་མཐུན་ཚོགས་དང་། ཀྲུང་གོ་ཞིང་ལས་འཕྲུལ་ཆས་བཟོ་ལས་མཐུན་ཚོགས། ཀྲུང་གོ་ཞིང་ལས་འཕྲུལ་ཆས་འཁོར་