ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་དང་ཁྲིམས་བསྟར་བྱ་སྤྱོད་ཐེངས་88པ་སྤེལ་འགོ་ཚུགས་པ།

2019-11-23 10:30:00     责编:sangjzm

འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་དང་ཁྲིམས་བསྟར་བྱ་སྤྱོད་ཐེངས་88པ་སྤེལ་འགོ་འཛུགས་པ་དང་ལོ་སིའི་མོང་མོ་དང་པན་ཤང་གོའི་འབྲེལ་གཏུག་ས་ཚིགས་སུ་བཅའ་སྡོད་ཀྲུང་གོ་ཕྱོགས་ཀྱི་ལས་སྒྲུབ་ཡན་ལག་རུ་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་ཀྲུང་གོའི་ཀོན་ལོ་གྲུ་ཁར་གཟབ་རྒྱས་ངང་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མཉམ་འབྲེལ་སྐོར་གཡེང་དང་ཁྲིམས་བསྟར་བྱ་སྤྱོད་ཐད་ཕྱོགས་བཞིས་ས་ཁོངས་ཡོངས་ལ་མཉམ་འབྲེལ་སྐོར་གཡེང་དང་ཁག་བགོས་སྐོར་གཡེང་གཉིས་ཕན་ཚུན་ཟུང་འབྲེལ་གྱི་བྱ་ཐབས་སྤྱོད་རྒྱུ་དང་། ཀྲུང་གོའི་ཀོན་ལོ་དང་། ལོ་སིའི་པན་ཤང་གོ་དང་མོང་མོ། འབར་མའི་དབན་པེང་བཅས་སུ་དུས་གཅིག་ཏུ་བྱ་སྤྱོད་སྤེལ་འགོ་འཛུགས་རྒྱུ། ཁྱོན་ཁྲིམས་བསྟར་གྲུ་གཟིངས་8གཏོང་རྒྱུ། བྱ་སྤྱོད་སྤེལ་ཡུན་ཉིན་4དང་མཚན་3ཡིན་པ་རེད།

ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་དང་ཁྲིམས་བསྟར་བྱ་སྤྱོད་སྤེལ་ནས་ལོ་8སོང་རིང་། རྒྱལ་ཁབ་བཞི་པོའི་ཁྲིམས་བསྟར་སྡེ་ཚན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཁབ་བཞི་པོའི་ཁྲིམས་བསྟར་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་ཕྱིན་པ་དང་། མཉམ་ལས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་ཕྱིན་པ། མཉམ་ལས་ལམ་སྲོལ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། གཙང་རྒྱུད་ཀྱི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་མཉམ་འབྲེལ་ཐོག་རྡུང་རྡེག་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་སྟེ། གཙང་རྒྱུད་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་དང་ཁྲིམས་བསྟར་བྱེད་པའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

中央广播电视总台 央广网 版权所有

ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་དང་ཁྲིམས་བསྟར་བྱ་སྤྱོད་ཐེངས་88པ་སྤེལ་འགོ་ཚུགས་པ།

ཟླ་11ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་དང་ཁྲིམས་བསྟར་བྱ་སྤྱོད་ཐེངས་88པ་སྤེལ་འགོ་འཛུགས་པ་དང་ལོ་སིའི་མོང་མོ་དང་པན་ཤང་གོའི་འབྲེལ་གཏུག་ས་ཚིགས་སུ་བཅའ་སྡོད་ཀྲུང་གོ་ཕྱོགས་ཀྱི་ལས་སྒྲུབ་ཡན་ལག་རུ་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་ཀྲུང་གོའི་ཀོན་ལོ་གྲུ་ཁར་གཟབ་རྒྱས་ངང་འཚོགས་པ་རེད།