ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཐེ་རོན་ཕུའི་ནག་ཉེས་ཐེར་འདོན་བརྟག་དཔྱད་ཀྱི་དཔང་མི་གལ་ཆེན་རྒྱལ་ཚོགས་སུ་དཔང་རྟགས་བྱེད་པར་ཡོང་བར་དོ་ཁུར་བྱས་པ།

2019-11-22 15:34:00     责编:sangjzm

སྤྱི་ཚེས་20ཉིན་ཡོ་རོབ་མནའ་འབྲེལ་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་སང་ཏེ་ལན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་དུ་ཙུང་ཐུང་ཐེ་རོན་ཕུའི་ནག་ཉེས་ཐེར་འདོན་བརྟག་དཔྱད་ལ་དམིགས་ནས་ཡོངས་བསྒྲགས་ཐོག་དཔང་ཚིག་མཁོ་འདོན་བྱས་སླེབས་ཡོད། སང་ཏེ་ལན་ནི་ཐེ་རོན་ཕུའི་སྲིད་གཞུང་གི་ཨུ་ཁེ་ལན་བྱ་དོན་ནང་ཞུགས་མཁན་གཙོ་བོ་ཡིན་པ་དང་། ཨ་རིའི་གླེང་ཕྱོགས་ནས་ཡོངས་ཁྱབ་ཐོག་ཁོ་པ་ནི་མིག་སྔའི་ནག་ཉེས་ཐེར་འདོན་བརྟག་དཔྱད་ཀྱི་དཔང་མི་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པས། ཁོ་པའི་དཔང་ཚིག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

སང་ཏེ་ལན་གྱིས་དཔང་པོ་བྱེད་སྐབས། ཐེ་རོན་ཕུའི་སྒེར་གྱི་ཁྲིམས་རྩོད་པ་ཀྲུའུ་ལི་ཨན་ཉི་ཡིས། ཨུ་ཁེ་ལན་གྱིས་ཡོངས་བསྒྲགས་ཐོག་བརྟག་དཔྱད་ཁག་གཉིས་བྱེད་དགོས་པ་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་ཨུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་གདན་ཞུས་ལྟར་ཕོ་བྲང་དཀར་པོར་འཚམས་འདྲིར་ཕེབས་པའི་ཆ་རྐྱེན་དུ་བརྩི་རྒྱུ་དང་། གཅིག་ནི་ཨུ་ཁེ་ལན་གྱི་ནུས་ཁུངས་ཀུང་སི་པུའུ་ལི་སི་མ་མ་རྐང་ཚོད་འཛིན་ཀུང་སིར་དམིགས་པ་དང་། གཞན་དེ་ནི་སྤྱི་ལོ་2016ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་དང་འབྲེལ་བ་ཡོད། སང་ཏེ་ལན་གྱིས་སྐབས་དེ་དུས་ཀྲུའུ་ལི་ཨན་ཉི་ཡིས་ཐེ་རོན་ཕུའི་རེ་འདུན་མཚོན་པར་བྱས་ཡོད། བརྟག་དཔྱད་དེ་དག་ཐེ་རོན་ཕུའི་ངོས་ནས་བཤད་ན་གལ་ཧ་ཅང་ཆེན་པོ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་བསྟན་ཡོད།

དེ་མིན། སང་ཏེ་ལན་གྱིས་ཐེ་རོན་ཕུས་རང་ཉིད་ལ་དེའི་གོང་བསྡམས་བཅད་བྱས་པའི་ཨུ་ཁེ་ལན་ལ་དམག་དོན་རོགས་སྐྱོར་བྱེད་པའི་མ་དངུལ་ཁག་ཅིག་གོང་གསལ་གྱི་བླང་བྱ་དང་འབྲེལ་བ་ཡོད་མེད་ཐད་ཀར་ཤོད་མྱོང་མེད་པ་མ་ཟད། སྤྱི་ཟླ་9པར་གླེང་མོལ་ཞིག་གི་ནང་ཁོང་གིས་རང་ཉིད་ལ་ཨུ་ཁེ་ལན་ནས་གང་ཞིག་ཐོབ་འདོད་བྱེད་ཀྱི་མེད་ཅེས་ནན་བཤད་བྱས་ཡོད། འོན་ཀྱང་དུས་མཚུངས་སུ་ཁོང་གིས་ཟུར་གསལ་བྱས་པར། ཐེ་རོན་ཕུའི་སྲིད་གཞུང་གི་མཐོ་རིམ་མི་སྣ་ཁ་ཤས་ཀྱིས་ཕོ་བྲང་དཀར་པོས་ཨུ་ཁེ་ལན་ལ་གནོན་ཤུགས་སྤྲོད་པའི་བྱ་སྤྱོད་སྤེལ་བ་ཤེས་ཀྱི་ཡོད་ཅེས་བསྟན་ཡོད།

དེ་ཉིན་གྲོས་ཚོགས་སྨད་པའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། དམངས་གཙོ་ཏང་མི་ཞི་ཧྥུས། སང་ཏེ་ལན་གྱི་དཔང་ཚིག་ལས་ཕོ་བྲང་དཀར་པོ་དང་ཨུ་ཁེ་ལན་བར་ཁེ་ཕན་བརྗེ་རེས་ཀྱི་གནད་དོན་ལྷག་པ་ཁས་ལེན་བྱས་ཡོད། ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཀེ་ལི་ཧྲ་མུའུ་ཙེས་གསལ་བསྒྲགས་སྤེལ་ནས། ཁེ་ཕན་བརྗེ་རེས་ཞེས་པ་རྩ་བ་ནས་བྱུང་མེད་པ་དང་། དམངས་གཙོ་ཏང་མིས་འཕྲུལ་སྣང་ཞིག་རེ་འདོད་བྱེད་བཞིན་ཡོད་ཅེས་བསྟན་ཡོད། དེ་ཉིན་ཐེ་རོན་ཕུས་ཕོ་བྲང་དཀར་པོར་སྨྱན་སྦྱོར་ཚན་པར་སང་ཏེ་ལན་གྱི་དཔང་ཚིག་ཁྲོད་རང་ཉིད་ལ་ཕན་ཐོགས་ཡོད་པའི་ནང་དོན་ཁག་ཅིག་བསྐྱར་བཤད་བྱས་པ་མ་ཟད། རང་ཉིད་དང་སང་ཏེ་ལན་བར་སྤེལ་རེས་དེ་ཙམ་མེད་པ་དང་། ཕན་ཚུན་རྒྱུས་མངའ་དེ་ཙམ་མེད་ཅེས་བསྟན་ཡོད་པ་རེད།

སང་ཏེ་ལན་ཕུད། དེ་ཉིན་ཐེ་རོན་ཕུའི་ནག་ཉེས་ཐེར་འདོན་བརྟག་དཔྱད་ཐད་རྒྱལ་ཚོགས་ཀྱི་དཔང་ཉན་ཚོགས་འདུར་བཞུགས་མཁན་གྲས་སུ་ད་དུང་ཨ་རིའི་རྒྱལ་སྲུང་པུའི་དཔོན་རིགས་ལའོ་ལ་ཁུའུ་པོ་དང་། རྒྱལ་དོན་ཁང་གི་དཔོན་རིགས་ཏའེ་ཝེ་ཧེར་ཡོད། གཞན་མི་གཉིས་ཀྱིས་སྤྱི་ཚེས་21ཉིན་དཔང་རྟགས་བྱས་ཡོད་པ་རེད།

གྲོས་ཚོགས་སྨད་པའི་གྲོས་དཔོན་ཕེ་ལོ་ཞིས་སྤྱི་ཟླ་དགུ་པར་གྲོས་ཚོགས་སྨད་པས་ཐེ་རོན་ཕུར་དམིགས་པའི་ནག་ཉེས་ཐེར་འདོན་གྱི་བརྟག་དཔྱད་བྱེད་འགོ་ཚུགས་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཐེ་རོན་ཕུའི་ཤོད་སྟངས་ལྟར་ན། ཁོང་གིས་ཙེ་ལན་སི་ཅིས་པུའུ་ལི་སི་མ་མ་རྐང་ཚོད་འཛིན་ཀུང་སིར་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་པ་དེ་ནི་ཨ་རིའི་ཙུང་ཐུང་གཞོན་པ་ཟུར་པ་པའེ་ཏེང་གི་བུ་ཧེང་ཐེས་ཀུང་སི་དེའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་འགན་འཁུར་རིང་། པའེ་ཏེང་གིས་ཧེང་ཐེ་ལ་སྲུང་སྐྱོང་བྱ་ཆེད་ཨུ་ཁེ་ལན་གྱི་ཁྲིམས་འཛིན་ལ་ཐེ་ཇུས་བྱས་པས། པུ་ལི་སི་མ་མ་རྐང་ཚོད་འཛིན་ཀུང་སིར་དམིགས་པའི་བརྟག་དཔྱད་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད། མིག་སྔར་པའེ་ཏེང་ནས་སྐབས་རྗེས་མའི་ཨ་རིའི་ཙུང་ཐུང་འགྲན་འདེམས་བྱེད་བཞིན་ཡོད་པ་དང་། ཐེ་རོན་ཕུས་ཁོང་ནི་རང་ཉིད་ཀྱི་འགྲན་ཡ་གཙོ་བོའི་གྲས་ཤིག་ལ་བརྩི་བཞིན་ཡོད་པ་རེད།

དེ་མིན། ཐར་རོན་ཕུའུ་དང་ཁོང་གི་ཆབ་སྲིད་ལས་རོགས་ཚོས། སྤྱི་ལོ་2016ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོར་ཐེ་ཇུས་བྱེད་པའི་སྟོབས་ཤུགས་དེ་ཨུ་ཁེ་ལན་ནས་ཡིན་པ་ལས་ཨུ་རུ་སུ་ནས་མིན་ཞེས་བསྟན་ཡོད། དེར་བརྟེན་ཐེ་རོན་ཕུས་ཨུ་ཁེ་ལན་སྲིད་གཞུང་ནས་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཨ་རིའི་སྨྱན་སྦྱོར་ཚན་པས། ཐེ་རོན་ཕུའུ་བྱེད་སྟངས་དེ་ནི་ཨུ་རུ་སུ་དང་ངན་འབྲེལ་བྱེད་པའི་བརྟག་དཔྱད་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆུང་དུ་གཏོང་ཆེད་ཡིན་པའི་ངོས་འཛིན་བྱས་ཡོད། བརྟག་དཔྱད་དེ་འདི་ལོའི་ལོ་སྟོད་དུ་མཇུག་སྒྲིལ་བ་དང་། ཐེ་རོན་ཕུའི་འགྲན་འདེམས་ཚོགས་པའི་དེ་སྔའི་ཁོངས་མི་ཁ་ཤས་ལ་བྱས་ཉེས་གཏན་འཁེལ་བྱས་པས། ཐེ་རོན་ཕུའི་གཟུགས་བརྙན་ལ་ཤུགས་རྐྱེན་ངན་པ་ངེས་ཅན་ཞིག་ཐེབས་ཡོད་པ་རེད།

དེའི་ཐད་དམངས་གཙོའི་ཏང་མིས་ཐེ་རོན་ཕུས་འགན་དབང་གང་བྱུང་དུ་སྤྱད་དེ་སྒེར་དོན་སྒྲུབ་པ་དང་། ཕྱི་རྒྱལ་སྟོབས་ཤུགས་ཀྱིས་སང་ལོའི་ཙུང་ཐུང་འདེམས་བསྐོར་ཐེ་ཇུས་བྱེད་པ་དང་དུས་མཚུངས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་ཅེས་སྐྱོན་འཛུགས་བྱས་ཡོད། དེར་ཐེ་རོན་ཕུས་རང་ཉིད་ལ་དག་འབུད་བྱས་ཏེ་རང་ཉིད་ལ་ནོར་འཁྲུལ་མེད་པ་དང་། ཨུ་ཁེ་ལན་བར་ཁེ་ཕན་བརྗེ་རེས་ཀྱང་བྱས་མེད། ཨུ་ཁེ་ལན་ཕྱོགས་ནས་པའེ་ཏེང་ཕ་བུ་གཉིས་ལ་བརྟག་དཔྱད་བྱེད་པའི་བླང་བྱ་འདོན་པ་ནི་རུལ་སུངས་ལ་ངོ་རྒོལ་བྱ་ཆེད་ཡིན། དེའི་ཐད་པའེ་ཏེང་གིས་འབྲེལ་ཡོད་སྐྱོན་འཛུགས་ཁས་ལེན་བྱས་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཐེ་རོན་ཕུའི་ནག་ཉེས་ཐེར་འདོན་བརྟག་དཔྱད་ཀྱི་དཔང་མི་གལ་ཆེན་རྒྱལ་ཚོགས་སུ་དཔང་རྟགས་བྱེད་པར་ཡོང་བར་དོ་ཁུར་བྱས་པ།

སྤྱི་ཚེས་20ཉིན་ཡོ་རོབ་མནའ་འབྲེལ་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་སང་ཏེ་ལན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་དུ་ཙུང་ཐུང་ཐེ་རོན་ཕུའི་ནག་ཉེས་ཐེར་འདོན་བརྟག་དཔྱད་ལ་དམིགས་ནས་ཡོངས་བསྒྲགས་ཐོག་དཔང་ཚིག་མཁོ་འདོན་བྱས་སླེབས་ཡོད། སང་ཏེ་ལན་ནི་ཐེ་རོན་ཕུའི་སྲིད་གཞུང་གི་ཨུ་ཁེ་ལན་བྱ་དོན་ནང་ཞུགས་མཁན་གཙོ་བོ་ཡིན་པ་དང་། ཨ་རིའི་གླེང་