ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཟེར་བར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་སྐོར་ལ་དམིགས་ནས་ཕྱི་འབྲེལ་པུས་འཆར་ཅན་གསར་འགོད་པའི་ཚོགས་འདུ་སྐོང་འཚོགས་བྱས་པ།

2019-11-22 15:29:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༩ཉིན། ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཟེར་བར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་སྐོར་ལ་དམིགས་ནས། སྤྱི་ཚེས་༢༡ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་ཡ་ལན་གནང་ནས། ཨ་རིས་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། རྟ་ཕོ་གཡང་ས་ནས་ཁ་བཀག་སྟེ། ཁྲིམས་གཞི་དེར་མིང་རྟགས་བཀོད་ནས་བཅའ་ཁྲིམས་སུ་སྒྱུར་མི་རུང་བ་དང་། ཤང་ཀང་གི་བྱ་དོན་སྐོར་ལ་ཐེ་ཇུས་བྱེད་མཚམས་འཕྲལ་ཏུ་འཇོག་དགོས་པ། ཀྲུང་གོའི་ནང་སྲིད་ལ་ཇེ་ཇུས་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་བྱ་རྒྱུའི་བརྡ་བཏང་བ་ཡིན་ཞེས་བསྟན་ཡོད།

ཀེང་ཧྲོང་གིས། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་སྨད་གཉིས་ནས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་བར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དོན་དེའི་ཐད་ཀྲུང་གོས་ཨ་རིར་འབྲེལ་བ་ནན་པོ་བྱས་པ་ཡིན། ཨ་རིའི་ཐ་ཤལ་བྱེད་སྟངས་དེ་རིགས་ཀྱིས་ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་མ་ཟད། ཤང་ཀང་དུ་ཡོད་པའི་ཨ་རིའི་ཁེ་ཕན་གལ་ཆེན་ལའང་གནོད་འཚེ་ཐེངས་རྒྱུ་རེད། གལ་ཏེ་ཨ་རིས་གྲོགས་མེད་ཁྱེར་རྐྱང་དུ་མུ་མཐུད་ནས་བསྐྱོད་ན། ཀྲུང་གོས་བྱ་ཐབས་ནུས་ལྡན་བཟུང་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་མི་སུ་འདྲ་ཞིག་གིས་ཀྱང་སྣང་ཆུང་བྱེད་མི་རུང་ལ། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་བཟུང་ནས། ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཆོད་སེམས་ལ་སྣང་ཆུང་བྱེད་མི་རུང་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཟེར་བར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་སྐོར་ལ་དམིགས་ནས་ཕྱི་འབྲེལ་པུས་འཆར་ཅན་གསར་འགོད་པའི་ཚོགས་འདུ་སྐོང་འཚོགས་བྱས་པ།

སྤྱི་ཚེས་༡༩ཉིན། ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཟེར་བར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་སྐོར་ལ་དམིགས་ནས། སྤྱི་ཚེས་༢༡ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་ཡ་ལན་གནང་ནས། ཨ་རིས་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། རྟ་ཕོ་གཡང་ས་ནས་ཁ་བཀག་སྟེ།