ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་ཚོགས་ནས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་མཐུན་བཞག་པར་ཤང་ཀང་ལས་རིགས་ཁག་ནས་རྒོལ་གཏམ་དྲག་པོ་བཏང་བ།

2019-11-22 15:27:00     责编:sangjzm

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་རྒྱལ་ཚོགས་ནས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་མཐུན་བཞག་པའི་ཐད་ཤང་ཀང་ལས་རིགས་ཁག་ནས་རྒོལ་གཏམ་དྲག་པོ་བཏང་སྟེ། བྱེད་སྟངས་དེ་རིགས་ནི་ཀྲུང་གོའི་ནང་སྲིད་ལ་དྲག་རྩུབ་ཐོག་ནས་ཐེ་ཇུས་བྱེད་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་འཛིན་ལས་ཚབས་ཆེན་འགལ་བ་ཞིག་རེད་ཅེས་བསྟན་ཡོད།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གསལ་བསྒྲགས་སྤེལ་ནས། ཁྲིམས་གཞི་དེས་དོན་དངོས་སྣང་མེད་དུ་འཇོག་པ་དང་། དཀར་ནག་ཕྱིན་ཅི་ལོག་པའི་བྱེད་སྟངས་ཤིག་ཡིན་པ་དང་། ཤང་ཀང་གི་བྱ་དོན་ལ་ཡོངས་བསྒྲགས་ཐོག་ཐེ་ཇུས་བྱེད་པ། ཀྲུང་གོའི་ནང་སྲིད་ལ་དྲག་རྩུབ་ཀྱིས་ཐེ་ཇུས་བྱེད་པ་བཅས་ནི། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་འཛིན་ལས་ཚབས་ཆེན་འགལ་བ་ཞིག་རེད། ང་ཚོས་མགྲིན་དབྱངས་གཅིག་གི་ཐོག་ནས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཕྱི་ཕྱོགས་སྟོབས་ཤུགས་གང་འདྲ་ཞིག་ལའང་ཐེ་ཇུས་བྱེད་དབང་མེད་ཅེས་བསྟན་ཡོད།

ཤང་ཀང་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཨ་རིའི་རྒྱལ་ཚོགས་ཐོག་ནས་མངོན་སུམ་འཛེམ་མེད་ངང་ཀྲུང་གོའི་ནང་སྲིད་ལ་ཁྲིམས་ལུགས་ཅན་དང་རྒྱུན་རྣམ་ཅན་གྱིས་ཐེ་ཇུས་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་ཁ་གཡར་བའི་ཁྲིམས་གཞི་དེས། ཤང་ཀང་གྲོང་མི་ས་ཡ་བདུན་དང་ལྔ་འབུམ་གྱི་འཚོ་གནས་དབང་ཆ་དང་བདེ་འཇགས་དབང་ཆར་གདུག་རྩུབ་ཆེན་པོས་རྡུང་རྡེག་བཏང་བ་ཞིག་ཡིན་པ་དང་། ཤང་ཀང་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་༢༢སོང་རིང་གི་དམངས་གཙོའི་ཡར་ཐོན་ཡོངས་བསྒྲགས་ཐོག་སྣང་མེད་དུ་འཇོག་པ་ཞིག་ཡིན་ཞེས་བསྟན་ཡོད།

ཤང་ཀང་དམངས་གཙོ་ཀང་འཛུགས་སྐུལ་འདེད་མནའ་འབྲེལ་གྱིས། དུས་ཡུན་རིང་པོའི་ནང་ཨ་རིའི་སྲིད་དོན་མི་སྣ་ཁ་ཤས་ཀྱིས་ཀྲུང་གོ་དགྲར་འཛིན་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་གནོད་འཚེ་གཏོང་བ། ཤང་ཀང་གི་ཐལ་སྐྱོད་པའི་རྒྱབ་རྩ་བྱེད་པ། ཤང་ཀང་བའི་བདེ་རྩར་གནོད་འཚེ་གཏོང་གི་ཡོད་ཅེས་བསྟན་ཡོད།

ཤང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཤང་ཀང་མེས་རྒྱལ་པང་དུ་ལོག་ཚུན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། གྲོང་མིའི་དབང་ཆ་དང་རང་དབང་ཁག་ལ་ཁྲིམས་ལྟར་འགན་སྲུང་གང་ལེགས་ཐུབ་ཡོད་ཅེས་གསུངས་ཡོད།

ཤང་ཀང་གི་ཤ་མོན་མཛའ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཡང་དབྱི་རུང་གིས། ཤང་ཀང་དེ་ཉིད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྨང་གཞིའི་ཐོག་དར་རྒྱས་གོང་འཕེལ་བྱུང་བ་ནི། འཛམ་གླིང་ཡོངས་ཀྱིས་མིང་མཐོང་ལག་ཟིན་ཐུབ་པ་ཞིག་ཡིན། ཨ་རིས་ཁྲིམས་གཞི་དེ་འདྲ་ཞིག་བཏོན་པ་དེས། ཏག་ཏག་ཤང་ཀང་བྱ་དོན་ཁྲོད་ཀྱི་ཨ་རིའི་འཇིགས་སུ་རུང་བའི་བསམ་སྤྱོད་ངན་པ་མངོན་ཡོད་པ་སྟེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་མགོ་རྟིང་སློག་ནས། ཤང་ཀང་གི་དུས་ཡུན་རིང་པོའི་དར་རྒྱས་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྩིས་བྱེད་པ་དེ་ཡིན་ཞེས་གསུངས་ཡོད།

ཤང་ཀང་ཡུལ་སྐོར་ཁང་ཏུང་ཀྲུའུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེ་ཆིང་ཉིང་གིས། ཁྲིམས་གཞི་དེ་ནི་ང་ཚོའི་ངོས་ནས་བཤད་ན་བཏང་སྙོམས་ཤིག་མ་རེད། ང་ཚོ་ཤང་ཀང་གི་བྱ་དོན་ལ་ཁོང་ཚོས་དྲག་རྩུབ་ཐོག་ནས་ཐེ་ཇུས་བྱེད་ཀྱི་ཡོད། ད་ལྟ་ང་ཚོའི་རྒྱལ་ཁབ་སྟོབས་ཆེན་པོ་འདི་འདྲ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོ་ཤང་ཀང་བས་སྔར་བས་གཅེས་འཛིན་བྱེད་ཀྱི་ཡོད་ཅིང་། མེས་རྒྱལ་ང་ཚོའི་རྒྱབ་ན་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཨ་རིའི་རྒྱལ་ཚོགས་ནས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་མཐུན་བཞག་པར་ཤང་ཀང་ལས་རིགས་ཁག་ནས་རྒོལ་གཏམ་དྲག་པོ་བཏང་བ།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གསལ་བསྒྲགས་སྤེལ་ནས། ཁྲིམས་གཞི་དེས་དོན་དངོས་སྣང་མེད་དུ་འཇོག་པ་དང་། དཀར་ནག་ཕྱིན་ཅི་ལོག་པའི་བྱེད་སྟངས་ཤིག་ཡིན་པ་དང་། ཤང་ཀང་གི་བྱ་དོན་ལ་ཡོངས་བསྒྲགས་ཐོག་ཐེ་ཇུས་བྱེད་པ། ཀྲུང་གོའི་ནང་སྲིད་ལ་དྲག་རྩུབ་ཀྱིས་ཐེ་ཇུས་བྱེད་པ་བཅས་ནི། རྒྱལ་སྤྱིའི་བཅའ་ཁྲིམས་དང་