ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕུའུ་ཅིང་གིས། ཀྲུང་གོ་དང་ཨུ་རུ་སུར་བཀག་འགོག་བྱས་པ་ནི་ཨ་རིའི་འཐབ་ཇུས་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཅེས་བསྟན་པ།

2019-11-22 15:27:00     责编:sangjzm

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༠ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོར། ཨ་རིས་ཀྲུང་གོ་དང་ཨུ་རུ་སུར་བཀག་འགོག་བྱ་རྩིས་བྱེད་པའི་འཐབ་ཇུས་གཏན་འབེབས་བྱས་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཅེས་བསྟན་གནང་ཡོད།

ཉིན་དེར། ཕུའུ་ཅིང་གིས་ཨུ་རུ་སུས་འབོད་སྐུལ་བྱེད་ཅེས་པའི་ལོ་འཁོར་གྱི་རྒྱལ་སྤྱིའི་མ་འཇོག་གླེང་སྟེགས་ཐོག་འབྲེལ་ཡོད་ཀྱི་གཏམ་བཤད་སྤེལ་ཡོད། ཁོང་གིས། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་བྱེད་ཚད་དེ་དཔལ་འབྱོར་མ་ལག་ཆེ་གྲས་མང་པོ་ལས་ལྡབ་ཀྱིས་མགྱོགས་པ་ཡོད། མི་དམངས་ཤོག་སྒོར་གྱི་བརྟན་པོ་དེ་ཡང་ཀུན་གྱིས་མཐོང་གསལ་རེད། ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་དངུལ་ལོར་དེ་གའི་མཇུག་རྩིས་རྒྱག་པའི་གཞི་ཁྱོན་རྒྱ་སྐྱེད་གཏོང་བ་ནི་དོན་དངོས་དང་ཡོངས་སུ་མཐུན་པའི་མཉམ་ལས་དམིགས་འབེན་ཞིག་རེད་ཅེས་བསྟན་གནང་ཡོད།

ཨུ་རུ་སུར་ཨ་རིས་བཀག་སྡོམ་བསྟུད་མར་བྱས་པའི་སྐོར་ལ། ཕུའུ་ཅིང་གིས། ཨ་རིའི་བྱེད་སྟངས་དེས་ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་འགྲོ་སྟངས་ལ་ཤུགས་རྐྱེན་ཐེབས་མེད། དེ་ལས་ལྡོག་སྟེ། ཨ་རིའི་ཁེ་ལས་ལ་རང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་བཀག་རྐྱེན་པས་གནོད་འཚེ་ཕོག་གི་ཡོད། ཨ་རིའི་བཀག་སྡོམ་བྱེད་སྟངས་དེ་ནི་མཐའ་མཇུག་ཏུ་རང་ཉིད་ལ་ཆད་པ་བཅད་པ་ཞིག་རང་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཕུའུ་ཅིང་གིས། ཀྲུང་གོ་དང་ཨུ་རུ་སུར་བཀག་འགོག་བྱས་པ་ནི་ཨ་རིའི་འཐབ་ཇུས་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཅེས་བསྟན་པ།

ཉིན་དེར། ཕུའུ་ཅིང་གིས་ཨུ་རུ་སུས་འབོད་སྐུལ་བྱེད་ཅེས་པའི་ལོ་འཁོར་གྱི་རྒྱལ་སྤྱིའི་མ་འཇོག་གླེང་སྟེགས་ཐོག་འབྲེལ་ཡོད་ཀྱི་གཏམ་བཤད་སྤེལ་ཡོད། ཁོང་གིས། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་བྱེད་ཚད་དེ་དཔལ་འབྱོར་མ་ལག་ཆེ་གྲས་མང་པོ་ལས་ལྡབ་ཀྱིས་མགྱོགས་པ་ཡོད། མི་དམངས་ཤོག་སྒོར་གྱི་བརྟན་པོ་དེ་ཡང་ཀུན་གྱིས་མཐོང་གསལ་རེད། ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་དངུལ་ལོར་དེ་གའི་མཇུག་རྩིས་རྒྱག་