ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་སྲུང་པུས་སྤེལ་བའི་གསལ་བསྒྲགས་ནང་། ཨ་རིས་ལྷོ་ཁོ་རེ་ཡ་ནས་བཅའ་སྡོད་དམག་མི་ཁག་ཅིག་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་པར་ཁས་ལེན་བྱས་མེད་པ།

2019-11-22 15:14:00     责编:sangjzm

སྤྱི་ཚེས་ཉི་ཤུ་གཅིག་ཉིན་ཨ་རིའི་རྒྱལ་སྲུང་པུས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ཨ་རིས་ལྷོ་ཁོ་རེ་ཡ་ནས་བཅའ་སྡོད་དམག་མི་ཁག་ཅིག་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་པའི་གསར་འགྱུར་ལ་ཁས་ལེན་བྱས་མེད། ཨ་རིས་སྤྱི་ལོ་1953ལོ་ནས་བཟུང་ལྷོ་ཁོ་རེ་ཡར་དམག་དཔུང་བཅའ་སྡོད་བྱས་ཡོད་པ་དང་། ཨ་རིའི་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡས་ལོ་ལྟར་ཨ་སྒོར་དུང་ཕྱུར་50འི་བཅའ་སྡོད་དམག་མིའི་འགོག་སྲུང་འགྲོ་གྲོན་གྱི་འགན་འཁུར་དགོས་པའི་འདོད་ཚུལ་བཟུང་གི་ཡོད་པ་དང་། ད་ལོ་འགྲོ་གྲོན་དེ་ཨ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་དགུ་ལས་ཟིན་མེད། ཨ་རིའི་འདོད་ཚུལ་དེར་ལྷོ་ཁོ་རེ་ཡའི་མང་ཚོགས་ཀྱི་ཡིད་མ་རངས་པས་ཕྱོགས་གཉིས་གྲོས་མོལ་མཇུག་འབྲས་ལས་མེད་པར་ལུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཨ་རིའི་རྒྱལ་སྲུང་པུས་སྤེལ་བའི་གསལ་བསྒྲགས་ནང་། ཨ་རིས་ལྷོ་ཁོ་རེ་ཡ་ནས་བཅའ་སྡོད་དམག་མི་ཁག་ཅིག་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་པར་ཁས་ལེན་བྱས་མེད་པ།

སྤྱི་ཚེས་ཉི་ཤུ་གཅིག་ཉིན་ཨ་རིའི་རྒྱལ་སྲུང་པུས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ཨ་རིས་ལྷོ་ཁོ་རེ་ཡ་ནས་བཅའ་སྡོད་དམག་མི་ཁག་ཅིག་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་པའི་གསར་འགྱུར་ལ་ཁས་ལེན་བྱས་མེད། ཨ་རིས་སྤྱི་ལོ་1953ལོ་ནས་བཟུང་ལྷོ་ཁོ་རེ་ཡར་དམག་དཔུང་བཅའ་སྡོད་བྱས་ཡོད་པ་དང་། ཨ་རིའི་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡས་ལོ་ལྟར་ཨ་སྒོར་དུང་ཕྱུར་50འི་བཅའ་སྡོད་དམག་མིའི་འགོག་སྲུང་