ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་གྱི་མི་སྣས་ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་མཐུན་བཞག་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པར་ཁ་རྡུང་བཏང་བ།

2019-11-21 11:19:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་11པའི་ཚེས་19ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། མཛེམ་བག་མེད་པར་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་རྩིས་བྱས་ཡོད། དེའི་ཐད་ཕྱི་རྒྱལ་གྱི་མི་སྣས་ ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

ཨ་རིའི་ནུབ་རྒྱུད་ཀྱི་ཀྲུང་གོའི་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ཝུའུ་ཡིའུ་དབྱི་ཡིས། ཨ་རིའི་གྲོས་ཚོགས་སྟོད་པས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གནས་བབ་ཆེན་པོ་སྣང་མེད་དུ་བཏང་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ། འཛེམ་བག་མེད་པར་ཤང་ཀང་བྱ་དོན་ལ་ཐེ་ཇུས་བཅས་བྱེད་པ་དེ་དག་ཕམ་ཉེས་སུ་འགྲོ་ངེས་རེད། ཁྲིམས་གཞི་དེས་ཤང་ཀང་གི་གཏུམ་སྤྱོད་པར་རོགས་འདེགས་བྱས་པས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བས་དེའི་ཐད་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལོ་བོ་ཐེ་ཁུའུ་ཨེན་གྱིས། རྒྱལ་ཁབ་སུ་ཞིག་གིས་ཀྱང་གཏུམ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ལ་གཏོར་བཤིག་གཏོང་བ་དང་། དཔལ་འབྱོར་ལ་གནོད་འཚེ་བཟོ་རུ་འཇུག་མི་ཆོག་ཅེས་བསྟན་ཡོད་པ་རེད།

པ་ཙིར་ལི་ཡུའེ་རེ་ནེ་ལུའུ་མངའ་སྡེའི་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེ་མོ་བ་མའོ་ལི་ཞི་ཨའོ་སང་ཐོ་ལོ་ཡིས། ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་མཐུན་བཞག་པའི་དམིགས་ཡུལ་ནི་ཤང་ཀང་གི་དུས་བབ་མུ་མཐུད་སྡུག་ཏུ་གཏོང་ཆེད་དང་། ཀྲུང་གོའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་ལ་སྣང་མེད་དང་དེར་འགྲན་རྩོད་བྱ་ཆེད་རེད་ཅེས་བསྟན་ཡོད་པ་རེད།

ཨུ་རུ་སུའི་རིག་མཛོད་ཨུ་རུ་སུ་དང་ཀྲུང་གོའི་དབྱེ་ཞིབ་ལྟེ་གནས་ཀྱི་ཀྲུའུ་རེན་ས་ན་ཁེ་ཡེ་ཧྥུས། ཨ་རིའི་གྲོས་ཚོགས་སྟོད་པས་ཁྲིམས་གཞི་དེར་གྲོས་མཐུན་བཞག་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་། ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་གཏོར་བཤིག་བཏང་ཡོད་ཅེས་བསྟན་ཡོད་པ་རེད།

ཝུའུ་ཀན་ཏ་སྲིད་གཞུང་གི་སྨྱན་སྦྱོར་ལྟེ་གནས་ཀྱི་སྤྱི་པའི་བྱ་དོན་གྱི་ལས་རོགས་མོ་དབྱི་ལས། ཨ་རིས་འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དག་གི་བྱ་དོན་ལ་ཐེ་ཇུས་བྱ་རྒྱུ་མེད། ཤང་ཀང་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས། ངེས་པར་དུ་ཤང་ཀང་གི་གཏུམ་སྤྱོད་བྱེད་སྒོ་མགྱོགས་མྱུར་མཚམས་འཇོག་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

སིང་ཀ་ཕོའི་ཤང་ཀང་ཚོང་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཝུན་ཕིང་གིས། ཨ་རིའི་གྲོས་ཚོགས་སྟོད་པའི་བྱེད་སྟངས་དེ་ནི་ཆབ་སྲིད་ཀྱི་འདྲ་ཆགས་ཆགས་བྱས་པ་ཞིག་ཡིན་པས་དེ་ལམ་ལྷོང་གཏན་ནས་ཡོང་མི་ཐུབ། གཏུམ་སྤྱོད་བཀག་འགོག་དང་ཟང་ཟིང་ཞོད་འཇགས་སུ་གཏོང་བ་དང་། སྒྲིག་ལམ་སླར་གསོ་ཡོང་བ་བྱ་རྒྱུ་ནི་མིག་སྔའི་ཤང་ཀང་ལས་འགན་ཨང་དང་པོ་དེ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཕྱི་རྒྱལ་གྱི་མི་སྣས་ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་མཐུན་བཞག་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པར་ཁ་རྡུང་བཏང་བ།

སྤྱི་ཟླ་11པའི་ཚེས་19ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། མཛེམ་བག་མེད་པར་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་རྩིས་བྱས་ཡོད། དེའི་ཐད་ཕྱི་རྒྱལ་གྱི་མི་སྣས་ ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།