ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་མཇུག་འབྲས་ཐོན་པ།

2019-11-21 11:12:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ཚན་པ་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤྱི་ཚེས་༢༠ཉིན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཡོངས་བཤེར་བྱས་པ་བརྒྱུད་རང་རྒྱལ་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་གོང་འཕེལ་གྱི་གཞི་ཁྱོན་དང་། གནས་སྟངས། ནུས་འབྲས་བཅས་ཁ་གསལ་བཟོས་ཡོད། ཡོངས་བཤེར་ལས་མངོན་པར། སྤྱི་ལོ་༢༠༡༨ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་སུ་ཐོན་ལས་གཉིས་པ་དང་གསུམ་པའི་ལས་སྒོའི་ནང་ཞུགས་མཁན་གྱི་ཁྲིམས་མིའི་ཚན་པ་བྱེ་བ་གཉིས་དང་ས་ཡ་གཅིག་བདུན་འབུམ་བརྒྱད་ཁྲི་དགུ་སྟོང་ཡོད་པ་དང་། སྤྱི་ལོ་༢༠༡༣ལོ་མཇུག་དང་བསྡུར་ན་བརྒྱ་ཆ་བརྒྱ་དང་གྲངས་ཆུང་བདུན་འཕར་ཡོད། ཐོན་ལས་ལས་སྒོའི་ཚན་པ་བྱེ་བ་གཉིས་དང་ས་ཡ་བཞི་ལྔ་འབུམ་ལྔ་ཁྲི་ཡོད་པ་དང་། སྤྱི་ལོ་༢༠༡༣ལོའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆ་༨༨.༣འཕར་ཡོད་པས། དཔལ་འབྱོར་གྱི་གཞི་ཁྱོན་དེའི་གོང་གི་དཔལ་འབྱོར་ཡོངས་བཤེར་དང་བསྡུར་ན་འཕར་སྣོན་ཆེན་པོ་བྱུང་ཡོད། དེ་དང་དུས་མཚུངས། དཔལ་འབྱོར་གྱི་གྲུབ་གཞི་རྒྱུད་མཐུད་ངང་ལེགས་སྒྲིག་བྱས་ཡོད། ཚན་པའི་གྲངས་འབོར་དང་། ལས་ཞུགས་མི་སྣ། རྒྱུ་ནོར་སོགས་ཀྱི་ཐད་ནས་བལྟས་ན། ཐོན་ལས་གསུམ་པའི་ཆ་སྙོམས་ཀྱི་བཟུང་ཚད་ལ་བཟང་ཆ་ཆེན་པོ་ཡོད་པ་དང་། མིང་དང་མཚུངས་པའི་རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་ཨང་དང་པོ་གྱུར་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་འགོ་ཁྲིད་ཚོ་ཚུང་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཤན་ཙུའུ་ཏེ་ཡིས། ཐོན་ལས་གསུམ་པའི་ཚན་པའི་གྲངས་འབོར་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་སྤྱི་འབོར་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ་༨༠.༣ཟིན་ཡོད་པ་དང་། ཁྲིམས་མིའི་ཚན་པ་ཀྱི་རྒྱུ་ནོར་སྤྱི་འབོར་ནང་བརྒྱ་ཆ་༨༡ཟིན་ཡོད། ཐོན་ལས་གསུམ་པའི་ཁྲིམས་མིའི་ཚན་པའི་ནང་ལས་ཀར་ཞུགས་མཁན་གྱི་བསྡུར་ཚད་བརྒྱ་ཆ་༥༥ཟིན་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་མཇུག་འབྲས་ཐོན་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤྱི་ཚེས་༢༠ཉིན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཡོངས་བཤེར་བྱས་པ་བརྒྱུད་རང་རྒྱལ་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་གོང་འཕེལ་གྱི་གཞི་ཁྱོན་དང་། གནས་སྟངས། ནུས་འབྲས་བཅས་ཁ་གསལ་བཟོས་ཡོད། ཡོངས་བཤེར་ལས་མངོན་པར།