ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཝེ་ཏེ་ནམ་ཕྱོགས་དང་དབྱིན་ཇེའི་ཕྱོགས་ནས་དབྱིན་ཇེའི་ཟོག་འདྲེན་རླངས་འཁོར་ནང་རྐྱེན་ལམ་དུ་ཤོར་མཁན་རྣམས་ནི་ཝེ་ཏེ་ནམ་ཕྱོགས་ཀྱི་སྤྱི་དམངས་ཡིན་པ་གཏན་འཁེལ་བ།

2019-11-08 15:12:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཝེ་ཏེ་ནམ་ཉེན་རྟོག་པུས་སྤྱི་ཚེས་༧ཉིན་གྱི་མཚན་མོར་སྤྱི་བསྒྲགས་སྤེལ་ནས། ཝེ་ཏེ་ནམ་ཕྱོགས་དང་དབྱིན་ཇེ་ཕྱོགས་ནས་དབྱིན་ཇེའི་ཟོག་འདྲེན་རླངས་འཁོར་ནང་རྐྱེན་ལམ་དུ་ཤོར་མཁན་མི་༣༩རྣམས་ནི་ཝེ་ཏེ་ནམ་གྱི་སྤྱི་དམངས་ཡིན་ཞེས་སྤེལ་ཡོད། ཝེ་ཏེ་ནམ་གྱི་ཙུང་ལི་རོན་ཁྲུན་ཧྥུས་སྤྱི་ཚེས་༧ཉིན་སྲིད་གཞུང་གི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་གཉེན་ཉེ་རྣམས་ལ་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་དང་ཆབས་ཅིག ཝེ་ཏེ་ནམ་འབྲེལ་ཡོད་ལས་ཁུངས་དང་མངའ་སྡེ་དང་གྲོང་ཁྱེར་གྱིས་དབྱིན་ཇེའི་ཕྱོགས་དང་མཉམ་ལས་བྱས་ནས་འབྲེལ་ཡོད་ཀྱི་བྱ་དོན་ཐག་གཅོད་བྱེད་དགོས་པ་དང་། སྔ་ཙམ་རྐྱེན་ལམ་དུ་ཤོར་མཁན་རྣམས་ཀྱི་ཕུང་པོ་ཝེ་ཏེ་ནམ་ལ་དབོར་དགོས་ཞེས་མཛུབ་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཝེ་ཏེ་ནམ་ཕྱོགས་དང་དབྱིན་ཇེའི་ཕྱོགས་ནས་དབྱིན་ཇེའི་ཟོག་འདྲེན་རླངས་འཁོར་ནང་རྐྱེན་ལམ་དུ་ཤོར་མཁན་རྣམས་ནི་ཝེ་ཏེ་ནམ་ཕྱོགས་ཀྱི་སྤྱི་དམངས་ཡིན་པ་གཏན་འཁེལ་བ།

ཝེ་ཏེ་ནམ་ཉེན་རྟོག་པུས་སྤྱི་ཚེས་༧ཉིན་གྱི་མཚན་མོར་སྤྱི་བསྒྲགས་སྤེལ་ནས། ཝེ་ཏེ་ནམ་ཕྱོགས་དང་དབྱིན་ཇེ་ཕྱོགས་ནས་དབྱིན་ཇེའི་ཟོག་འདྲེན་རླངས་འཁོར་ནང་རྐྱེན་ལམ་དུ་ཤོར་མཁན་མི་༣༩རྣམས་ནི་ཝེ་ཏེ་ནམ་གྱི་སྤྱི་དམངས་ཡིན་ཞེས་སྤེལ་ཡོད། ཝེ་ཏེ་ནམ་གྱི་ཙུང་ལི་རོན་ཁྲུན་ཧྥུས་སྤྱི་ཚེས་༧ཉིན་སྲིད་གཞུང་གི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་གཉེན་ཉེ་རྣམས་ལ་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་དང་ཆབས་ཅིག ཝེ་ཏེ་ནམ་འབྲེལ་