ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཇུས་འདོན་ཚོགས་པའི་གླེང་མོལ་ཚོགས་འདུ་ཆི་ལིར་འཚོགས་པ།

2019-11-08 14:50:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སན་ཐེ་ཡ་ཀོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། དེང་རབས་ཀྱི་ཀྲུང་གོ་དང་འཛམ་གླིང——ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཇུས་འདོན་ཚོགས་པའི་གླེང་མོལ་ཚོགས་འདུ་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོར་འཚོགས་པ་རེད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་སྲིད་དོན་མི་སྣ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་ཁེ་ལས་ལས་རིགས་དང་སྨྱན་སྦྱོར་ལས་རིགས་བཅས་ཀྱི་འཐུས་མི་110ལྷག་ཙམ་གྱིས“ཇུས་འདོན་ཚོགས་པའི་མཉམ་ལས་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི”བརྗོད་དོན་གཙོ་བོར་དམིགས་ཏེ་ཕན་འབྲས་ལྡན་པའི་གླེང་མོལ་དང་བགྲོ་གླེང་བྱས་པ་རེད།

མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་ཇུས་འདོན་ཚོགས་པའི་གྲོས་ཁང་གོང་མའི་གྲོས་མི་ཧོ་སའེ·སྨི་ཀོར·དབྱིན་སུར་སེས་ཀྲུང་གོ་ནི་ཆི་ལིའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཡིན་ཞིང་། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཆི་ལིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཆི་ཀྲུང་ཕྱོགས་གཉིས་པོས་གླེང་མོལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་རེ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད། ཆི་ལིའི་གྲོས་ཁང་འོག་མའི་གྲོས་མི་དབྱི་ས·ཁོ་ཐེས་ཀྲུང་གོའི་འགྲོ་ལམ་ནི་ཁྱད་དུ་འཕགས་ལ་ནུས་པ་ལྡན་པ་ཞིག་ཡོད་པས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གིས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་རེད། “རྒྱུད་གཅིག་ལམ་གཅིག”ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དབར་གྱི་མཉམ་ལས་ལས་སྟེགས་ཤིག་ཡིན་པས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གིས་ཐུན་མོང་འབད་བརྩོན་དང་མཉམ་དུ་སྐུལ་འདེད་བཏང་ནས་ཕྱོགས་ཁག་ལ་བདེ་སྐྱིད་སྐྲུན་དགོས་ཞེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཇུས་འདོན་ཚོགས་པའི་གླེང་མོལ་ཚོགས་འདུ་ཆི་ལིར་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སན་ཐེ་ཡ་ཀོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། དེང་རབས་ཀྱི་ཀྲུང་གོ་དང་འཛམ་གླིང——ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཇུས་འདོན་ཚོགས་པའི་གླེང་མོལ་ཚོགས་འདུ་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོར་འཚོགས་པ་རེད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་སྲིད་དོན་མི་སྣ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་ཁེ་ལས་ལས་རིགས་དང་སྨྱན་སྦྱོར་ལས་རིགས་བཅས་ཀྱི་འཐུས་མི་110ལྷག་