ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་སྐུ་མགྲོན་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བར། ཞི་ཅིན་ཕིང་གི་གསུང་བཤད་ལས་འགོ་ཁྲིད་ནུས་པའི་ཉམས་བཟང་མངོན་ཡོད་ཅེས་བསྔགས་བརྗོད་གནང་བ།

2019-11-07 16:45:00     责编:sangjzm

སྤྱི་ཚེས་5ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག 《སྒོ་དབྱེ་མཉམ་ལས་དང་། ལས་དབང་གཅིག་མཐུན》ཞེས་པ་འགོ་བརྗོད་དུ་བྱས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་། མིའི་རིགས་སྔོན་ལ་འཇོག་པའི་མཐོ་ཚད་ཀྱི་ཐོག་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་ཁག་གསུམ་བཏོན་ནས། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་བྱ་ཐབས་གལ་ཆེན་ཁག་ལྔ་ཁྱབ་བསྒྲགས་གནང་བ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ཀྱིས་ནང་འདྲེན་དངོས་མང་འགྲེམས་ཚོགས་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་དང་། ལྷག་པར་དུ་རང་ཉིད་ཀྱི་ཁེ་ཕན་དེ་མིའི་རིགས་ཀྱི་ཁེ་ཕན་གྱི་སྟེང་དུ་འཇོག་རྒྱུ་མེད་པ་དང་། ལག་གདང་སྦྲེལ་རྒྱུ་མཐའ་འཁྱོངས་བྱེད་པ་ལས་སྦྲེལ་ཐག་གཅོད་མི་རུང་བ་དང་། འབྲེལ་བ་རྒྱ་ཆེར་གཏོང་བ་ལས་འབྲེལ་བ་ཆུང་དུ་མི་གཏོང་བ། ཀྲུང་གོར་ཁྲོམ་ར་ཆེན་པོ་འདི་འདྲ་ཡོད་པས། ཚང་མས་གཟིགས་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་པ་སོགས་གསུང་རབ་དེ་དག་ལ་མི་རྣམས་ཀྱིས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད། ཁོང་ཚོས་ནང་འདྲེན་དངོས་མང་འགྲེམས་ཚོགས་དེ་གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་ལོ་ལྟར་རེ་སྒུག་ཆེན་པོ་བྱེད་པའི་རྒྱས་འཛོམས་ཤིག་ཏུ་གྱུར་ཞིང་། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་འཛིན་གྱི་ཡོད་པས་འཛམ་གླིང་ཡོངས་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

སོ་ཏི་ཨ་རབ་བཟོ་ལས་དང་གཏེར་རྫས་ཐོན་ཁུངས་ཀྱི་བློན་ཆེན་ཧུ་ལ་ཡེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང་ཀྲུང་གོས་འབྱུང་འགྱུར་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་དང་ལྷག་པར་དུ་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཐད། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་དེ་བས་གཏིང་ཟབ་བྱེད་པའི་རྣམ་འགྱུར་འཛིན་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། རང་ཉིད་ནས་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་དྲང་བཞག་གི་སྒོ་དབྱེའི་རྣམ་འགྱུར་འཛིན་པར་ཡིད་སྨོན་བྱེད་ཀྱི་ཡོད་ལ། འཛམ་གླིང་ཡོངས་ལ་དེ་ལས་ཕན་པ་ཐོབ་རྒྱུ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་དང་སྤེལ་རེས་ཀྱི་གོ་སྐབས་དེ་བས་མང་བ་བཏོད་ཡོད་པས་རེད། ཀྲུང་གོར་འཛམ་གླིང་ཐོག་གི་ཁྲོམ་ར་ཆེ་ཤོས་ཡོད། ཀྲུང་གོར་འཕེལ་རྒྱས་དེ་བས་ཆེ་བ་དང་དེ་བས་རྒྱ་ཆེ་བའི་འབྱུང་འགྱུར་ཡོང་བའི་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཧིན་རྡུ་ཉི་ཞི་ཡའི་རྒྱ་མཚོ་དང་མ་འཇོག་གཅིག་གྱུར་འཆར་འགོད་པུའི་པུའུ་ཀྲང་ཕན་ཁྲ་དབྱི་ཐན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང་ལག་གདང་སྦྲེལ་རྒྱུ་མཐའ་འཁྱོངས་བྱེད་པ་ལས་སྦྲེལ་ཐག་མི་གཅོད་མི་རུང་བ་དང་། འབྲེལ་བ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་ལས་འབྲེལ་བ་ཆུང་དུ་མི་གཏོང་ཞེས་པའི་བརྗོད་ཚུལ་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཁོང་གིས་ཕྱོགས་མང་རིང་ལུགས་དང་། གཉིས་ཁེ་གཉིས་ཕན་བྱེད་པའི་སྙིང་སྟོབས་གཙོ་གནད་དུ་ནན་བཤད་གནང་བ་ལས་ཕྱོགས་རྐྱང་པའི་རིང་ལུགས་ལ་ནན་བཤད་གནང་མེད། དེའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ལ་དམིགས་ཏེ་རྒྱལ་སྤྱིའི་གར་སྟེགས་ཐོག་གི་ཀྲུང་གོའི་འགོ་ཁྲིད་ནུས་པ་མངོན་པར་གནང་ཡོད་ཅེས་གསུངས་ཡོད།

འཇར་པན་ཧྥེང་ཐན་ཚོང་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ཏའེ་ཀུའུ་དབྱི་ཀྲི་ལང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནི་གཟིགས་རྒྱང་རིང་ཞིང་དགོངས་དོན་ཟབ་པ་དང་། ཇི་ལྟར་བྱས་ནས་རང་མོས་སྒོ་དབྱེའི་དཔལ་འབྱོར་མངོན་འགྱུར་བྱ་རྒྱུར་ནུས་ཤུགས་ཆེན་པོ་བཏོན་ཡོད་ལ་འགོ་ཁྲིད་ཀྱི་ནུས་པ་ཡང་ལྡན་ཡོད་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གིས་མིའི་རིགས་སྔོན་ལ་འཇོག་པའི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་པ་ལས། རང་ཉིད་ཀྱི་ཁེ་ཕན་དེ་མིའི་རིགས་ཀྱི་ཁེ་ཕན་གྱི་སྟེང་དུ་འཇོག་མི་རུང་ཞེས་པའི་བཀའ་མོལ་དེས་ཁོང་ལ་མྱོང་ཚོར་ཟབ་མོ་བཞག་བྱུང་ཞེས་གསུངས།

བྷང་ག་ལ་མ་འཇོག་འཕེལ་རྒྱས་ཅུས་ཀྲུང་གོའི་ལས་དོན་པུའི་གཙོ་གཉེར་ལས་བྱ་ས་ཁར་གྱིས། བྷང་ག་ལ་ནི་མིག་སྔར་འཛམ་གླིང་ཐོག་མ་འཇོག་གི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་ན་ནིང་ཀྲུང་གོ་ནི་བྷང་ག་ལ་མ་འཇོག་བྱེད་ཡུལ་རྒྱལ་ཁབ་ཆེ་ཤོས་དེ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་བཤད་གནང་ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཇེ་ཆེར་གཏོང་རྒྱུ་དང་། ཀྲུང་གོ་དང་བྷང་ག་ལ་གཉིས་ནི་མ་འཇོག་གི་རོགས་ཟླ་ཡག་པོ་ཞིག་ཏུ་འགྱུར་ཐུབ་ཅེས་གསུངས་ཡོད།

ནི་ཀྲི་རི་ཡའི་ལ་ཀེ་སི་བཟོ་ཚོང་ལྷན་ཚོགས་རྒྱལ་སྤྱི་དང་སྤྱི་པའི་འབྲེལ་བ་པུའི་ལས་རོགས་པུའུ་ཀྲང་ཨ་ཅིན་ཏུན་ཏེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་དེ་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་རེད། དེ་ནི་དེང་སྐབས་འཛམ་གླིང་གིས་ཐོས་དགོས་ངེས་ཤིག་རེད། ཁོང་གིས་ང་ཚོར་དུས་རབས་གསར་པར་འབྱུང་འགྱུར་མཉམ་སྤྱོད་དང་གོ་སྐབས་མཉམ་སྤྱོད་ཀྱི་མཛེས་སྡུག་ལྡན་པའི་ལྗོངས་རིས་ཤིག་བཞེངས་ཡོད་ཅེས་བསྟན་ཡོད།

ཕ་ཀི་སི་ཐན་གྱི་རིན་ཆེན་རྒྱན་ཆས་ཚོང་ཚོགས་གི་འགན་ཁུར་བ་ཨ་ཧོ་མའེ་ཏེས། ཀྲུང་གོའི་ཁྲོམ་ར་ཧ་ཅང་ཆེན་པོ་ཡོད་པ་དང་། རླབས་ཆེན་གྱི་འགོ་ཁྲིད་འདི་འདྲ་ཡོད་པ། རླབས་ཆེན་གྱི་བསམ་བློ་དེ་འདྲ་ཡོད་པས། ཕ་ཀི་སི་ཐན་གྱི་ཁེ་ལས་མང་པོ་འདི་འདྲ་ཀྲུང་གོར་ཡོང་ནས་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་སྟེགས་བུའི་ཐོག་རང་ཉིད་འགྲེམས་སྟོན་བྱེད་པ་དང་། ང་ཚོའི་རིན་ཆེན་རྒྱན་ཆས་རིག་གནས་དང་སྲོལ་རྒྱུན་བཟོ་རྩལ་འགྲེམས་སྟོན་བྱ་རྒྱུ་བྱུང་བས་ང་ཚོར་བློ་སྤོབས་ཆེན་པོ་སྐྱེས་བྱུང་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཕྱི་རྒྱལ་སྐུ་མགྲོན་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བར། ཞི་ཅིན་ཕིང་གི་གསུང་བཤད་ལས་འགོ་ཁྲིད་ནུས་པའི་ཉམས་བཟང་མངོན་ཡོད་ཅེས་བསྔགས་བརྗོད་གནང་བ།

སྤྱི་ཚེས་5ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག 《སྒོ་དབྱེ་མཉམ་ལས་དང་། ལས་དབང་གཅིག་མཐུན》ཞེས་པ་འགོ་བརྗོད་དུ་བྱས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་། མིའི་རིགས་སྔོན་ལ་འཇོག་པའི་མཐོ་ཚད་ཀྱི་ཐོག་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་ཁག་གསུམ་